སྐར་མ་ཆོས་སྒྲོན།

གཟའ་དུག

ས་སྲོད་ཀྱི་དྲན་པ་སྨག་ལ་གཏད་པའི་མཚན་མོ་འདི་ལ།།

དྲོད་འཇམ་གྱི་ཐུ་སྣེ་ཡར་ལ་ཁྱོགས་དང་སྐར་མ་ཆོས་སྒྲོན།

དུངས་སེམས་ཀྱི་སྐད་ཆའི་ཕྱི་ནང་བརྗེ་བའི་མལ་ས་འདི་རུ།

བརྩེ་དུང་གི་འོ་ཞིག་མགུལ་ལ་སྒྲོན་འདོད་ལས་མཐུན་ལྷ་མོ།


འཆར་ཡན་གྱི་རྟ་ཕོ་རི་ལ་ཤོར་བའི་རྩྭ་ཐང་ཞིག་ནས།

སྙིང་གཏམ་གྱི་ཚིག་གསུམ་ང་ལ་ཤོད་དང་སྐར་མ་ཆོས་སྒྲོན།

ཚར་དཀར་གྱི་གོང་ཁ་ཡུན་གྱིས་འཐེན་པའི་འབྲོག་པའི་སྲོལ་གྱིས།།

འཁོར་བ་ཡི་བདེ་སྐྱིད་ཁྱིམ་དུ་བསུ་འདོད་གཤིས་འཇམ་འབྲོག་མོ།།


ཕྱིར་དྲན་གྱི་ལོ་ཟླ་ཞོ་ལྟར་ཆགས་པའི་འཇིག་རྟེན་ཞིག་ནས།།

འགྱུར་མེད་ཀྱི་དམ་བཅའ་ཡིད་ལ་ཟུངས་དང་སྐར་མ་ཆོས་སྒྲོན།།

དྲན་གདུང་གི་ཉི་མ་མཛུབ་མགོར་བགྲངས་པའི་འབྲོག་པ་ངས་ཀྱང་།།

མ་འོངས་པའི་འཚོ་བར་མེ་ཁ་གསོ་འདོད་སྙིང་སྡུག་མཛེས་མ།།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号