ཤེས་བྱའི་རྣམ་གྲངས་ཐོར་བུ། གསུམ་པ།



ནང་བའི་གྲུབ་མཐའ་བཞི།  དབུ་མ་བ་དང་སེམས་ཙམ་པ་ནི་ཐེག་ཆེན་གྲུབ་མཐའ་གཉིས། མདོ་སྡེ་བ་དང་བྱེ་བྲག་སྨྲ་བ་ནི་ཐེག་དམན་གྲུབ་མཐའ་གཉིས།


དཔུང་ཚོགས་ཡན་ལག་བཞི།  སྔར་རྒྱ་གར་གྱི་དམག་རིགས་བཞི་སྟེ་གླང་བོ་ཆེའི་ཚོགས་དང༌།རྟའི་ཚོགས།  ཤིང་རྟའི་ཚོགས།  དཔུང་བུ་ཆུང་གི་ཚོགས་སྟེ་བཞི།


ཕུན་ཚོགས་སྡེ་བཞི།  ཆོས།  ནོར། འདོད་པ།  ཐར་བ་སྟེ་བཞིའོ།།


བར་དབུས་གཙང་རུ་བཞི།  བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་བར་ཕྱོགས་ཏེ་སྔར་ཆོས་རྒྱལ་སྲོང་བཙན་སྐབས་གཙང་ལ་གཡས་རུ་དང༌། རུ་ལག དབུས་ལ་དབུ་རུ་དང༌། གཡོ་རུ་སྟེ་རུ་བཞིར་ཕྱེ་བ་དེ་དག་ཕྱིས་སུ་སྤྱི་ལོའི་དུས་རབས་བཅུ་བདུན་པར་གཡས་རུ། གཡོན་རུ། སྦུས་རུ། གུང་རུ་ཞེས་པའི་མིང་དུ་བསྒྱུར།

བོད་ཀྱི་རོང་ཆེན་བཞི།  ཤར་ཀོང་བོ་རོང༌།   ལྷོ་ཁྲ་མོ་སྟག་ཚང་རོང༌།སྨད་ཚ་བ་རོང༌།   བྱང་སྨད་རྒྱལ་མོ་རོང་བཞིའོ།།

ཡང་འདུལ་གཙུག་ལག་ཁང་བཞི།  བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་བོད་ཆགས་ཡུལ་གྱི་ས་དགྲ་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་གྲུ་མོ་གཡས་གཡོན་དང༌།  པུས་མོ་གཡས་གཡོན་གྱི་ཁ་གནོན་དུ་བཞེངས་བ་ཀོང་པོ་བུ་ཆུ།  ལྷོ་བྲག་མཁོ་མཐིང༌།  བྱམས་སྤྲིན་དགེ་གནས། བྱང་པྲ་དུམ་རྩེ་སྟེ་ལྷ་ཁང་བཞིའོ།།

རུ་གནོན་གཙུག་ལག་ཁང་བཞི།  བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་བོད་ཆགས་ཡུལ་གྱི་ས་དགྲ་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་དཔུང་མགོ་གཡས་གཡོན་དང༌།  དཔྱི་མགོ་གཡས་གཡོན་གྱི་ཁ་གནོན་དུ་བཞེངས་པ་གཡོན་རུ་ཁྲ་འབྲུག་དང༌། གཡས་རུ་གཙང་འགྲམ།  སྦུས་རུ་བཀའ་ཚལ། རུ་ལག་གྲིམ་པ་རྒྱང་སྟེ་ལྷ་ཁང་བཞིའོ།།


ལམ་རིམ་གྱི་ཆེ་བ་བཞི།  བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ།  རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ།


ཀུན་འགྲོ་ལྔ། ཚོར་བ་དང་འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་ལྔ་སྟེ། སེམས་ཀུན་གྱི་འཁོར་དུ་འགྲོ་བའམ་འབྱུང་བའི་ཕྱིར་རོ།།

བཀའ་ཐང་སྡེ་ལྔ་ནི།  སློབ་དཔོན་པད་མས་གསུངས་བའི་རྒྱལ་བོ་བཀའ་ཐང༌། བཙུན་མོ་བཀའ་ཐང༌།བློན་པོ་བཀའ་ཐང༌།ལོ་པཎ་བཀའ་ཐང༌། ལྷ་འདྲེ་བཀའ་ཐང་སྟེ་ལྔའོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号