ལྷ་མོ་གཡུ་སྒྲོན་གྱིས་སྲོལ་རྒྱུན་བོད་ཀྱི་གཙགས་དྲུབ་དར་སྤེལ་གཏོང་དགོས་པར་བསྟན།

“ནན་ཏན་ངང་བང་རིམ་ལྡན་པར་གཙགས་ན་རི་མོ་ལ་ད་གཟོད་གསོན་ཉམས་ཡོད”ཅེས་བརྗོད་བཞིན་བོད་ཀྱི་གཙགས་དྲུབ་ཁང་དུ་ལྷ་མོ་གཡུ་སྒྲོན་གྱིས་མི་གཞན་པར་མཛུབ་སྟོན་བྱེད་པ་དང་། མོས་གཙགས་དྲུབ་ཁང་གི་བུད་མེད48མཉམ་དུ་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་ཆེ་གྲས《བོད་ཀྱི་གཙགས་དྲུབ་རིང་མོ་གླིང་གེ་སར》གཙག་པའི་ལས་ལ་བྲེལ་པ་རེད། 

ལོ38ཡིན་པའི་ལྷ་མོ་གཡུ་སྒྲོན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རིན་ཆེན་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་ཁུར་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཡིན་ལ། མོ་ནི་བོད་ཀྱི་གཙགས་དྲུབ་ལ་མཁས་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས་ཆུང་དུས་ནས་གཙགས་དྲུབ་ལག་རྩལ་སློབ་པ་རེད། “སྔོན་ཆད་བོད་ཀྱི་གཙགས་དྲུབ་བུད་མེད་ཚོའི་སྐྲ་ཤུབས་སྟེང་རྒྱུན་པར་མཐོང་ཐུབ”ཟེར། ཡིན་ཡང་ལྷ་མོ་གཡུ་སྒྲོན་གྱིས་བོད་ཀྱི་གཙགས་དྲུབ་མཐོ་སྒང་ནས་ཕྱིར་བསྐྱོད་དུ་འཇུག་ཆེད་དེའི་ལག་རྩལ་ཅི་ལྟར་གསར་སྤེལ་བཏང་ནས་སྲོལ་རྒྱུན་བོད་ཀྱི་གཙགས་དྲུབ་ལ་གསོན་ཤུགས་ལྡན་པའི་སྐོར་ནས་ཞིབ་འཇུག་བྱས།

ཟླ4བའི་ཚེས23ཉིན་ལྷ་མོ་གཡུ་སྒྲོན་གྱིས་བུད་མེད་ཅིག་ལ་མཛུབ་སྟོན་བྱེད་བཞིན་པ།

2009ལོར། ལྷ་མོ་གཡུ་སྒྲོན་གྱིས་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནས་བོད་ཀྱི་གཙགས་དྲུབ་ཀུང་སི་ཞིག་བཙུགས། ཐང་གའི་ལག་རྩལ་གྱི་ཤུགས་རྐྱེན་ཐེབས་པས་མོ་དང་བུད་མེད་སྐོར་ཞིག་གིས་ལག་རྩལ་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་གྱོན་ཆས་ཐོག་གི་ཚེམ་དྲུབ་དཔེ་དབྱིབས་འབྲི་རས་སྟེང་བླངས་ནས་རང་བྱུང་མཛེས་ལྗོངས་དང་། རི་སྐྱེས་སྲོག་ཆགས་བོད་ཀྱི་གཙགས་དྲུབ་བརྒྱུད་དེ་མངོན་པར་གྱུར། ཡང་བོད་ཀྱི་གཙགས་དྲུབ་ཀྱི་མངོན་ཚུལ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་། 

དུས་ཐོག་གསར་བསྐྲུན་བྱེད་དུས་ལྷ་མོ་གཡུ་སྒྲོན་གྱི་གཙགས་དྲུབ་རི་མོ་ལ་གསོན་ཉམས་མེད་པ་དང་། “དཔེར་ན། ངས་གཙོད་ཅིག་གཙག་འདོད་དུས། བོད་ཀྱི་གཙགས་དྲུབ་ཐད་སྤྱོད་པའི་སྐུད་པས་དེའི་གསོན་ཤུགས་མངོན་དཀའ་ལ། ཁ་མདོག་ཀྱང་གཅིག་རྐྱང་ཡིན་པ་མ་ཟད་སྐུད་པ་ཕྲ་བ་རེད”ཅེས་ལྷ་མོ་གཡུ་སྒྲོན་གྱིས་བཤད། དེ་ནས་མོ་ས་ཆ་སོ་སོར་རྒྱུ་སྟེ་འོས་འཚམ་གྱི་སྐུད་པ་བཙལ་བ་ན་རྗེད་དུ་སའོ་ཀྲུའུ་ཡི་དར་སི་སྐུད་པ་བདམས་པ་རེད།

ཟླ4བའི་ཚེས23ཉིན་ལྷ་མོ་གཡུ་སྒྲོན་གྱིས་སྐུད་པ་བདམས་བཞིན་པ།

བོད་ཀྱི་གཙགས་དྲུབ་ཀྱི་ལས་དོན་གཉེར་ནས་ལོ་ངོ་བཅུ་ཕྲག་འགོར་ཡང་། ལྷ་མོ་གཡུ་སྒྲོན་གྱིས་ནམ་ཡང་བོད་ཀྱི་གཙགས་དྲུབ་གསར་བསྐྲུན་འཕེལ་རྒྱས་ཐད་ཧུར་བརྩོན་བསྐྱེད། ཀུང་སི་བཙུགས་ཐོག་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ་མོ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དང་ཐ་ན་ཐེ་གོ་དང་བལ་ཡུལ། དབྱེ་ལིང་རྒྱལ་ཁབ་སོགས་སུ་བསྐྱོད་དེ་བོད་ཀྱི་གཙགས་དྲུབ་བརྩམས་ཆོས་འགྲེམ་སྟོན་བྱས།

“བོད་ཀྱི་གཙགས་དྲུབ་དེ་བཟོ་རྩལ་ཐོན་རྫས་ཞིག་ཏུ་བཏང་ནས་མི་སྔར་ལས་མང་པོས་བོད་ཀྱི་གཙགས་དྲུབ་རྒྱུས་ལོན་དང་། བོད་ཀྱི་གཙགས་དྲུབ་ལ་དགའ་བར་བྱ་རྒྱུ་ནི་དོན་སྙིང་ལྡན་པ་ཞིག་ཡིན”ཟེར།

གཙགས་དྲུབ་ཁང་གི་བརྩམས་ཆོས་འགྲེམ་སྟོན་ཁང་དུ་བོད་ཀྱི་ལ་བོའི་གཙགས་དྲུབ་བརྩམས་ཆོས་གཉིས་ཡོད་པ་གཅིག་ལ་རང་གི་ཁྱད་ཆོད་མེད་པ་དང་། གཞན་དེའི་ལ་བོའི་བ་སྤུ་འོད་ལྡན་ཞིང་ལངས་གཟུགས་ལྡན་པས་ངོ་མ་ཞིག་དང་འདྲ། ལྷ་མོ་གཡུ་སྒྲོན་གྱིས་བརྩམས་ཆོས་དེ་གཉིས་བསྟན་ཏེ“འདི་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་གཙགས་དྲུབ་ཀྱི་འཕེལ་རྒྱས་མཚོན་ཡོད”ཟེར།

ཟླ4བའི་ཚེས23ཉིན་ལྷ་མོ་གཡུ་སྒྲོན་གྱིས་རི་མོ་གཙག་བཞིན་པ།

“རང་ཉིད་དགའ་བའི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གཏན་འཇགས་ཡོད་པས་ཁྱིམ་ཚང་གི་འགྲོ་སྒོ་ཁ་སྣོན་བྱེད་ཐུབ་ལ། བྱིས་པའི་འགྲོ་སོང་ཡང་སྔོན་ཆད་དང་བསྡུར་ན་ཇེ་མང་དུ་སོང་ཡོད”ཅེས་གཙགས་དྲུབ་བུད་མེད་ཧྲུའུ་ཡུས་ཞའོ་ཡིས་དེ་ལྟར་བཤད། འཚོ་བའི་ཐད་འགན་སྲུང་ཡོད་པས་གཙགས་དྲུབ་ཁང་གི་བུད་མེད་ཚོས་ཉིན་རྒྱུན་ནན་གྱིས་གཙགས་དྲུབ་བྱེད་པ་དང་ཡིད་ཚིམ་པའི་འཚོ་བ་རོལ་བཞིན་ཡོད།

ལྷ་མོ་གཡུ་སྒྲོན་གྱི་གཙགས་དྲུབ་ཀུང་སི་བཙུགས་པའི་ཚུན། བོད་ཀྱི་གཙགས་དྲུབ་མི་སྣ་སྟོང་ཕྲག་གསོ་སྐྱོང་བྱས་པ་མ་ཟད། “ཀུང་སི+ཞིང་ཁྱིམ”གྱི་དཔེ་དབྱིབས་ཀྱིས་དབུལ་ཕོངས་རོང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གནས་ཡང་ན་ཉོ་སྒྲུབ་གྲོས་མཐུན་གན་རྒྱ་བཞག་པས། བུད་མེད་བརྒྱ་ཕྲག་ལྷག་གིས་བོད་ཀྱི་གཙགས་དྲུབ་ལས་དོན་གཉེར་བ་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་རང་གི་སྒོ་ཁ་ནས་ལས་ཞུགས་ཐུབ་པར་གྱུར།

ལོ་འདི་དག་གི་རིང་ལ། ལྷ་མོ་གཡུ་སྒྲོན་དང་མོའི་ཨ་མ་རིན་ཆེན་རྒྱལ་གྱིས་སྤོབས་པ་ཆེར་བསྐྱེད་དེ་བོད་ཀྱི་གཙགས་དྲུབ་ལས་རིགས་ཁྱབ་ཁོངས་ནས་ཆུ་ཚད་མཐོ་ཞིང་ཤུགས་རྐྱེན་ཆེ་བའི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཏེ《བོད་ཀྱི་གཙགས་དྲུབ་རིང་མོ་གླིང་གེ་སར》གཙགས་མགོ་བརྩམས། 2017ལོའི་ལོ་མགོར་ལྷ་མོ་གཡུ་སྒྲོན་གྱིས་ལས་གཞི་དེ་མགོ་བརྩམས་ནས་རྒྱལ་ནང་གི་གེ་སར་རིག་པའི་མཁས་བ་གདན་འདྲེན་ཞུས་ནས་ལས་གཞི་ནང་ཞུགས་པ་དང་། རི་མོ་འབྲི་མཁན་གྱི་སྣེ་ཁྲིད་དེ་སྨི268རིང་ཚད་ཀྱི་རི་མོ200ལྷག་བྲིས་པས་གསོན་ཉམས་ལྡན་པའི་ངང་ལོ་རྒྱུས་སྙན་ངག་གི་གཏམ་རྒྱུད་མཚོན།

བརྩམས་ཆོས་ཧྲིལ་བོའི་ཁྱབ་ངོས་ཅུང་རིང་བས་གཙགས་གནས་དང་གཙགས་སྒྲོམ་སོགས་ཀྱི་རེ་བ་མཐོ་བས། ལྷ་མོ་གཡུ་སྒྲོན་གྱིས་རང་གི་ཚོགས་པ་ཁྲིད་དེ་སྦྲེལ་མཐུད་ལག་རྩལ་ཞིབ་འཇུག་དང་གཙགས་སྒྲོམ་ཕྱོགས་ཡོངས་ནས་རིམ་པ་སྤར་བ། གསར་གཏོད་ཆེད་ཁེ་ཞིག་དང་བེད་སྤྱོད་ཅན་གྱི་ཆེད་ཁེ་གསར་བ་ཞིག་སྙན་ཞུ་བྱས་པས། ཚོགས་པའི་ཧུར་བརྩོན་འོག་གཙགས་དྲུབ་རི་མོ་རིང་མོ་དེ་སྨི210ལེགས་འགྲུབ་ཟིན་ནས་ད་ལོའི་ལོ་མཇུག་ལས་གཞི་ཡོངས་མཇུག་སྒྲིལ་རྒྱུ་རེད།

“མི་རིགས་རིག་གནས་དང་ཟུང་འབྲེལ་བྱས་ན་ད་གཟོད་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་གཙགས་ཐུབ་ལ། བོད་ཀྱི་གཙགས་དྲུབ་ད་གཟོད་མི་རྣམས་ཀྱིས་རྒྱུས་ལོན་བྱས་ནས་ཁྲོམ་ར་ནང་བསྐྱོད་ཐུབ”ཅེས་ལྷ་མོ་གཡུ་སྒྲོན་གྱིས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号