མ་འོངས་པར་སློབ་གསོ་འདི་ལྟར་འཕེལ་རྒྱས་གཏོང་རྒྱུ་རེད།

སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚེས5ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་སྟེང་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ་བ་རེད།

སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕན་ནུས་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་གོང་སྤེལ་དང་ཚན་རིག་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་པོ་འཛུགས་དགོས་ཞེས་བཏོན་ཡོད།

སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་མགྱོགས་སུ་གཏོང་རྒྱུ།

       སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ།
       དུས་རབས་གསར་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ལ་གཞི་གཅིག་ཅན་གྱི་བསྒྱུར་བཅོས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ།
       རྨང་གཞིའི་སློབ་གསོའི་ལེགས་ཆ་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་ཐོན་ཁུངས་གཅིག་གྱུར་སྙོམས་སྒྲིག་ལམ་སྲོལ་འཐུང་ཚང་དུ་གཏོང་བ།
       འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོའི་སློབ་གནས་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོར་སློབ་རིན་མི་དགོས་པ་རིམ་བཞིན་ཁྱབ་སྤེལ་གཏོང་བ།
       དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ། ཆེད་གཉེར་སློབ་གསོ་བཅས་ཡག་པོ་གཉེར་བ་དང་། དམངས་གཉེར་སློབ་གསོའི་འཕེལ་རྒྱས་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ།
       ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་མཉམ་འདྲེས་དང་། ཐོན་སློབ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས།
       རིགས་དབྱེ་ནས་མཐོ་སློབ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་དངོས་གཞིའི་ཚན་ཁག་རྒྱ་སྐྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། “རྩེ་གྲ་གཉིས”འཛུགས་སྐྱོང་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ལམ་སྲོལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་བ།
       སེམས་ཁམས་བདེ་ཐང་སློབ་གསོ་ཁྱབ་གདལ་གཏོང་བ།
       བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་དང་དགེ་རྒན་གྱི་གླ་ཕོགས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།
       རྒྱལ་ཁབ་ཀྱི་དགོས་མཁོ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་དམ་པོར་དམིགས་ནས་སློབ་གསོ་བསྒྱུར་བཅོས་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དུ་མགྱོགས་མྱུར་ངང་མདུན་སྐྱོད་བྱེད་དགོས།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་དགོས།
       རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་། སྔོན་ཐོན་རང་བཞིན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་ལག་བསྟར་དང་སྔོན་ལ་བཀོད་སྒྲིག་བྱེད་ཚད་མགྱོགས་སུ་གཏོང་དགོས།
       རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་གི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཚོད་ལྟ་ཁང་གི་ཚན་རིག་ཞིབ་འཇུག་སྒྲིག་འཛུགས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས།
       ཚན་རྩལ་གྱི་གཏོང་སྒོ་དེ་རྨང་གཞིའི་ཞིབ་འཇུག་ཕྱོགས་སུ་ཕྱོགས་ལྷུང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་དང་བརྟན་ལྷིང་རྒྱབ་སྐྱོར་ཟུང་འབྲེལ་བྱེད་པའི་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་སྒྲིག་འཛུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།
       ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་ཐོག་ནས་ཁེ་ལས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཐབས་ཇུས་ནང་ཞུགས་པ་དང་ཚན་རྩལ་རྣམ་གྲངས་གལ་ཆེན་གྱི་འགན་འཁུར་རྒྱུར་འགན་སྲུང་བྱེད་དགོས།
       ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་བཤའ་དང་དོ་དམ་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
       ཚན་རྩལ་གྲུབ་འབྲས་བརྗེ་བསྒྱུར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཁྲོམ་རའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་ཚན་རྩལ་གྲུབ་འབྲས་ལ་དབང་ཆ་སྤྲོད་པ་དང་རྒྱུ་ནོར་ཁེར་རྐྱང་དོ་དམ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གྲུབ་འབྲས་བརྗེ་བསྒྱུར་བྱེད་པའི་ཕན་ནུས་ཆེ་རུ་གཏོང་དགོས།
       ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
       གོ་དོན་ར་སྤྲོད་དང་ཐོན་སྐྱེད་མ་བྱས་གོང་གི་ཚོད་ལྟའི་ར་སྤྲོད། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ་བཅས་མགྱོགས་སུ་གཏོང་དགོས།
       གསར་གཏོད་མ་འཇོག་ཐེབས་རྩའི་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་མ་འཇོག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ངང་རྒྱུད་རིང་བའི་མ་རྩ་སྟོབས་ཆེར་གཏོང་བ།
       ཚན་རྩལ་སྒོ་འབྱེད་མཉམ་ལས་རྒྱ་ཆེར་གཏོང་དགོས། ཚན་རིག་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས།
       ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འཚོལ་ཞིབ་ལ་སྐུལ་མ་གཏོང་བ་དང་ཕམ་ཉེས་ལ་གུ་ཡངས་གཏོང་བའི་གསར་གཏོད་ཁོར་ཡུག་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

ཤེས་ལྡན་མི་སྣའི་དཔུང་ཁག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
       ཤེས་ལྡན་མི་སྣའི་མཐོ་ས་དང་ཤེས་ལྡན་མི་སྣའི་ལས་སྟེགས་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་མགྱོགས་སུ་གཏོང་བ་དང་། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་མི་སྣ་དང་གཙོ་གནད་ཁྱབ་ཁོངས་སུ་འཕྲལ་དུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
       གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་བློ་ཁོག་ཆེན་པོས་བེད་སྤྱོད་བྱ་དགོས།
       ཐོན་ལས་ལག་རྩལ་བཟོ་པའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱ་དགོས།
       ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་ཕྱིའི་ཤེས་ལྡན་མི་སྣའི་ཞབས་ཞུ་ལེགས་སུ་གཏོང་དགོས།
       ཤེས་ལྡན་མི་སྣ་དོ་དམ་དང་བེད་སྤྱོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། མི་སྤྱོད་སྡེ་ཚན་ལ་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲད་དེ། ཐོན་སློབ་ཞིབ་གསུམ་གྱི་ཤེས་ལྡན་མི་སྣ་མཉམ་འབྲེལ་གསོ་སྐྱོང་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
       ཤེས་ལྡན་མི་སྣའི་ས་ཁོངས་བཀོད་སྒྲིག་བྱེད་ཚུལ་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་ཤེས་ལྡན་མི་སྣའི་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས།
       ཤེས་ལྡན་མི་སྣ་རིགས་དབྱེ་གདེང་འཇོག་གི་བསྒྱུར་བཅོས་དང་ཚན་སློབ་ལས་རིགས་ཀྱི་མིང་རྟགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ནུས་པ་དང་སྤུས་ཚད། ཕན་འབྲས། ལེགས་སྐྱེས་བཅས་ཕྱོགས་སྟོན་དུ་བྱེད་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་བཙུགས་ནས། རིགས་ཁག་གི་ཤེས་ལྡན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱ་རྒྱུ་དང་གྲ་སྒྲིག་ཨང་གསར་བྱ་རྒྱུར་སྐུལ་ལྕག་བྱེད་དགོས།

སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ད་དུང་།
       ཕ་མ་དང་འགྲོགས་ནས་གནས་སྤོས་པའི་བུ་ཕྲུག་གི་འོས་འགན་སློབ་གསོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
       ལས་ཞུགས་དང་ལས་གཏོད་ལ་ཞབས་ཞུ་བསྒྲུབ་རྒྱུ་ལེགས་སུ་བཏང་ནས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ།
       ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ།
       གཞོན་ནུ་ལོ་ཆུང་གི་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཁྱབ་གདལ་དང་བདེ་ཐང་ལ་ཐེ་གཏོགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གཞོན་ནུའི་མི་རབས་རྣམས་ཀྱིས་ལུས་རྩལ་ཁྲོད་ནས་སྙིང་སྟོབས་བསྐྱེད་པ་དང་ལུས་སེམས་སྦྱོང་བརྡར་ཐུབ་པ་བྱ་རྒྱུ།
       སློབ་གྲྭའི་སློབ་མའི་ཟ་མ་དང་སྟེགས་བུའི་ཕྱིར་ཚོང་ཟ་མའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་དམ་འཛིན་བྱ་རྒྱུ་བཅོས་བཏོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号