མདོ་ལ་རྫོང་གིས་དམ་པོར་དམིགས་པ་གསུམ་གྱི་སྒོ་ནས་ཐུགས་ཁུར་ལས་དོན་ཨུ་ལྷན་གྱི་ལས་དོན་མཐོར་འདེགས་སུ་བཏང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་མཐུན་སྦྱོར། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་ལ་བརྟེན་ནས། ལོ་ཆུང་གཞོན་ནུར་སློབ་གསོ་དང་ཁྲིད་སྟོན། ཐུགས་ཁུར་དང་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་ཀྱི་མི་གསར་པར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་ཕུལ་ཡོད།
བསམ་བློའི་སྣེ་ཁྲིད་ལ་དམ་པོར་དམིགས་ནས་ཕུགས་བསམ་དང་དད་མོས་ཐད་རྨང་གཞི་བཏིངས་ཤིང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཆབ་སྲིད་སློབ་ཚན་ལེགས་པར་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྲོལ་སློབ་ཚན་ལེགས་པར་འཁྲིད་རྒྱུ་དེ་ལོ་ཆུང་གཞོན་ནུར་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་བྱ་རྒྱུ་དང་། ལོ་ཆུང་གཞོན་ནུའི་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བའི་བརྒྱུད་ལམ་གཙོ་བོར་བྱས་ཤིང་། སྐེ་དཀྲིས་དམར་པོ་ཏང་ལ་ཕྱོགས། མེ་སྟག་ལམ་ལམ་མཆེད། སེ་འབྲུའི་འབྲུ་གུ་སོགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཧུར་ཐག་ཏུ་བསྐྲུན་ནས་གསར་བརྗེའི་སློབ་གསོ་དང་ཁྲིམས་སྐྱོང་སྒྲོག་འགྲེལ། ཚན་རིག་ཁྱབ་སྤེལ། སྲོལ་རྒྱུན་རིག་གནས་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་མཉམ་འབྲེལ་གྱིས་མི་གསོ་སྐྱོང་བྱེད་པའི་མ་ལག་བཙུགས་པ་དང་། རྒན་གྲས་ལྔ་དང་སྔོན་ཐོན་དཔེ་མཚོན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མདོ་ལ་རྫོང་གི་གསར་བརྗེའི་ཞིབ་སློབ་རྟེན་གཞི་དང«དམར་དམག་མདོ་ལ་རུ་སྐྱོད་པའི»ཡིག་ཆ་ཕྱོགས་བསྡུས། «མདོ་ལའི་བླ་སྲོག»གར་སྟེགས་ཟློས་གར་སོགས་ལ་བརྟེན་ནས་ལོ་ཆུང་གཞོན་ནུ་རྣམས་ལ་ས་གནས་ཀྱི་གསར་བརྗེའི་གཏམ་རྒྱུད་དང་གྲོང་གསེབ་དར་སྤེལ་གྱི་གཏམ་རྒྱུད་ལེགས་པར་བཤད་པ་དང་། རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བའི་སློབ་གསོའི་ཁྲིད་སྟོན་བྱས། མིག་སྔའི་བར། གསར་བརྗེའི་གཞི་རྒྱུད་འཛིན་སྐྱོང་སྒོས་དུས་རབས་ཀྱི་མི་གསར་བ་བྱེད་པར་བརྩོན། མི་ཚེའི་སྒྲོག་གུ་དང་པོ་ལེགས་པར་སྒྲོག ཆེས་མཛེས་པའི་ཁྱིམ་ཚང་གི་གཏམ་རྒྱུད། ཁྱིམ་སྲོལ་བཟང་བོ་དར་སྤེལ་བྱེད་ཅེས་པ་སོགས་མུ་འབྲེལ་བརྗོད་དོན་བྱེད་སྒོ་ཁག21སྤེལ་བ་ལོ་ཆུང་གཞོན་ནུ4600ལྷག་ཙམ་ལ་ཁྱབ་ཅིང་། ལོ་ཆུང་གཞོན་ནུ་འཚར་ལོངས་ཀྱི་མཐོང་རྒྱ་རྒྱ་བསྐྱེད་དེ་སྤྱི་ཚོགས་ཁྱོན་ཡོངས་ཐུན་མོང་དུ་ཞུགས་པའི་རྣམ་པ་ལེགས་པོ་ཞིག་བཏོད་ཡོད།
མཐུན་སྦྱོར་མཉམ་འགུལ་ལ་དམིགས་ནས་མཉམ་ཤུགས་ཆགས་པའི་ཐད་ཕན་འབྲས་ཐོན་པ་དང་། སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྡེ་བ(སྡེ་ཁུལ)ཁག་གི་ཏང་དམངས་ཞབས་ཞུའི་ལྟེ་གནས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས། སློབ་གྲྭ་སོ་སོའི་འདུ་གནས་སོགས་ནི་ཐུགས་ཁུར་ལས་དོན་ཨུ་ལྷན་གྱི་འབྲེལ་བ་ཡོད་པའི་བྱེད་སྒོའི་གཡུལ་ས་གཙོ་བོ་དག་ཡིན་པས། སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱུན་རྣམ་ཅན་དུ་སྤེལ་བར་གཡུལ་སའི་འགན་སྲུང་འདོན་སྤྲོད་བྱས། དུས་ཐོག་ཏུ་དཔུང་ཁག་གི་སྟོབས་ཤུགས་ལེགས་སྒྲིག་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཞིང་། ལས་འཁྱུར་ངལ་གསོ་བྱས་མ་ཐག་པ་དང་གཟུགས་པོ་ཅུང་ལེགས་པ། ལས་དོན་ཨུ་ལྷན་གྱི་བྱ་གཞག་ལ་དགའ་ཞེན་ཆེ་བ་བཅས་ཀྱི་རྒན་གྲས་ལྔའི་མི་སྣ་དཔུང་སྡེའི་ཁྲོད་ཁ་གསབ་བྱས་ནས་རྩ་འཛུགས་ཀྱི་དགེ་མཚན་དེ་ཐུགས་ཁུར་ལས་དོན་ཨུ་ལྷན་དུ་བསྡུ་རུབ་བྱ་རྒྱུར་སྐུལ་འདེད་བཏང་། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱི་ལས་དོན་ལམ་སྲོལ་འདོན་སྤེལ་གང་ལེགས་སྒོས་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་ལས་དོན་ལམ་སྲོལ་ལ་བརྟེན་ནས་ཁྲིམས་ཁང་དང་སློབ་གྲྭའི་མཉམ་འགུལ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཁྲིམས་སྐྱོང་སློབ་གསོ་དང་སྲིད་དོན་སློབ་ཚན་ཕན་ཚུན་མཉམ་འདྲེས་སྒོས་ལོ་ཆུང་གཞོན་ནུའི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ལོ་ཆུང་གཞོན་ནུའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། མེ་གསོད་དང་འཕྲལ་སེལ་སོགས་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་སྒོས་སློབ་གྲྭའི་བདེ་འཇགས་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས། ཆུ་འགོག་བདེ་འཇགས་སོགས་ཀྱི་དྲིལ་སྒྲོག་བྱེད་སྒོ་ནན་ཏན་ངང་སྤེལ་བ་དང་། ལོ་ཆུང་གཞོན་ནུ་རྣམས་ལ་འདུ་ཤེས་མཐོར་འདེགས་དང་དོགས་ཟོན་ཤུགས་སྣོན། བདེ་ཐང་འཚར་ལོངས་ཡོང་བར་སློབ་གསོའི་ཁྲིད་སྟོན་བྱས། དུས་རྒྱུན་གྱི་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་ནན་མོ་བྱས་ནས་ལས་དོན་དམ་འཛིན་ངང་རྒྱུན་རྣམ་ཅན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱས་ལ། གཞི་རིམ་ལས་དོན་ཨུ་ལྷན་གྱི་ལས་ཀའི་སྤུས་ཚད་ཟམ་མ་ཆད་པར་མཐོར་འདེགས་སུ་བཏང་། ད་ལོ་ནས་བཟུང་། དཔྱིད་ཀའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་དང་སློབ་རའི་བརྙས་བཅོས། སློབ་རའི་བདེ་འཇགས། གློག་འཕྲིན་མགོ་སྐོར་སོགས་ལ་དམིགས་ནས་གཅིག་བསྡུས་སྒྲོག་འགྲེལ་དང་ཡུལ་དངོས་འཁྲབ་སྟོན། སློབ་གསོའི་གློག་བརྙན་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་ཐེངས16ལ་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ2000ལྷག་ཙམ་ལ་ཁྱབ་ཡོད།
འཚར་ལོངས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་ལོ་ཆུང་གཞོན་ནུ་འཚར་ལོངས་འབྱུང་བར་དྲོད་ཁོལ་སྦྱིན་པ། ཐུགས་ཁུར་དང་དགུན་གྱི་དྲོད་ཁོལ། སྟོན་དུས་སློབ་གསོའི་རོགས་སྐྱོར་སོགས་ཀྱི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་དང་ཟུང་འབྲེལ་བྱས་ཏེ། སློབ་གྲྭའི་ནང་གི་ཁ་གཏད་གཅིག་དང་ཁ་གཏད་དུ་མའི་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་བཙུགས་ནས་རྫོང་ཡོངས་ཀྱི་ཤུལ་ལུས་དང་དཀའ་ངལ། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་འབྲེལ་གཏུག་སྤེལ་རེས་དང་། འཚམས་འདྲི་སོགས་ཀྱི་རོགས་སྐྱོར་བྱེད་སྒོ་གཏིང་ཟབ་ཏུ་སྤེལ། ན་ནིང་ནས་བཟུང་། རིམ་རྩིས་ལྟར་ན་དཀའ་ངལ་ཡོད་པའི་སློབ་མ120ལྷག་ཙམ་ལ་རོགས་སྐྱོར་བྱས་པའི་མ་དངུལ་དང་དངོས་ཟོག་གི་རིན་ཐང་སྒོར་ཁྲི3.13ལྷག་ཙམ་ཟིན་ཞིང་། ཐུགས་ཁུར་ལས་དོན་ཨུ་ལྷན་གྱི་གྲོན་དངུལ་དེ་ལོ་རེའི་འགྲོ་གྲོན་སྔོན་རྩིས་ཁྲོད་བཅུག་སྟེ། ཆེད་དངུལ་ཆེད་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་སྒོས་རྫོང་ཡོངས་ཡུལ་གྲོང་ཁག་གིས་ལས་དོན་འགྲོ་གྲོན་སྒོར་ཁྲི2.3བཏང་ནས་འགག་སྒོའི་ལས་དོན་ལ་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད། རྒན་གྲས་ལྔའི་མི་སྣ་དང་སྡེ་སྡོད་ལས་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་ངང་དྲུག་གཅིག་བྱིས་པའི་དུས་ཆེན་དང་སྲོལ་རྒྱུན་གྱི་དུས་ཆེན་དང་ངལ་གསོའི་ཉིན་མོར་རིམ་རྩིས་ལྟར་ན་འཚམས་འདྲིའི་བྱེད་སྒོ་ཐེངས26རྩ་འཛུགས་བྱས་ཤིང་། རིམ་རྩིས་ལྟར་ན་རིན་ཐང་སྒོར་ཁྲི7.7ལྷག་ཙམ་གྱི་འཚམས་འདྲིའི་དངུལ་དང་རིག་རྩལ་མཁོ་ཆས་སྤྲད། ཤུལ་ལུས་བྱིས་པའི་ཁྱིམ་ཚང་དང་དུས་བྱ་ཆུང་ངུའི་དཔེ་དེབ་ཁང་སོགས་ཀྱི་གཡུལ་སར་བརྟེན་ནས་སློབ་གྲྭར་ཡོད་པའི་དགེ་རྒན་དང་། རྒན་གྲས་ལྔའི་མི་སྣ། སློབ་ཆེན་སློབ་མའི་དང་བླངས་པ་སོགས་དང་མཉམ་འབྲེལ་སྒོས་དམིགས་བསལ་ཚོགས་སྤྱིའི་ལོ་ཆུང་གཞོན་ནུ་རྣམས་ལ་ཁ་གཏད་ཁྱིམ་བཅར་སློབ་ཁྲིད་དང་དཔེ་ཀློག་མཉམ་སྤྱོད། བྱམས་སྐྱོང་འདུག་གྲོགས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས40ལྷག་སྤེལ་ནས། བྱིས་པར་བསམ་བློའི་ཁྲིད་སྟོན་དང་འཚོ་བའི་རོགས་སྐྱོར། བདེ་འཇགས་སློབ་གསོ། སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ཐུགས་ཁུར་དང་གཅེས་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྔར་ལས་ལྷག་པར་མཁོ་འདོན་བྱས་ལ། དཀའ་ངལ་ཡོད་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注