མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་པུར་འཇུག་ཞབས་ཞུའི་ཕྱོགས་སྟོན།

པུར་འཇུག་བྱེད་པ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་ལ་འབྲེལ་བ་ཡོད་ལ། དམངས་སེམས་དང་དམངས་ཀྱི་འདོད་བློ་དང་འབྲེལ་ཡོད་པས་པུར་འཇུག་ཞབས་ཞུ་དེ་གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚེ་ལས་འདས་པར་བློ་བདེ་ཡོང་བར་མ་ཟད། གོམས་སྲོལ་དང་མཐུན་པར་ཡོངས་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་སྐོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅིང་། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བེད་པའི་མི་ཚེའི་ཆེས་མཐའ་མའི་དམངས་ཚིས་དོན་ཆེན་ཞིག་ཀྱང་རེད། གཤིན་པོ་པུར་འཇུག་གི་ལས་དོན་སྒྲུབ་པར་སྟབས་བདེ་ཡོང་ཆེད་ཕྱོགས་སྟོན་འདི་བཟོས་པ་ཡིན།

དང་པོ། འདས་པོའི་བྱ་བ་སྒྲུབ་རིམ།

སྦྱིན་བསྲེགས་བྱེད་པར།

འདས་པོ་སྨན་ཁང་དུ་ཚེ་ལས་འདས་ཚེ།⇒སྨན་ཁང་དུ《སྡོད་དམངས་ཚེ་ལས་འདས་པའི་གསོ་རིག་དཔང་ཡིག》ལེན་པ།⇒པུར་ཁང་དང་འབྲེལ་བ་བྱས་ཏེ་སྐུ་ཕུང་སྲུང་སྐྱེལ་བྱེད་པ།⇒སྐུ་ཕུང་སྲུང་བ་དང་ཞལ་གྱེས་པ།⇒ཕུང་པོ་སྦྱིན་བསྲེགས་བྱེད་པ།⇒རུས་ཐལ་ལེན་པ།⇒འདས་པོ་བང་སོར་པུར་འཇུག་པའམ་པུར་ཁང་དུ་རུས་ཐལ་འཇོག་པ།

འདས་པོ་ཁྱིམ་དུ་ཚེ་ལས་འདས་ཚེ།⇒གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སུ《སྡོད་དམངས་ཚེ་ལས་འདས་པའི་བདེན་དཔང་ཡི་གེ》ལེན་པ།⇒པུར་ཁང་དང་འབྲེལ་བ་བྱས་ཏེ་སྐུ་ཕུང་སྲུང་སྐྱེལ་བྱེད་པ།⇒སྐུ་ཕུང་སྲུང་བ་དང་ཞལ་གྱེས་པ།⇒ཕུང་པོ་སྦྱིན་བསྲེགས་བྱེད་པ།⇒རུས་ཐལ་ལེན་པ།⇒འདས་པོ་བང་སོར་པུར་འཇུག་པའམ་པུར་ཁང་དུ་རུས་ཐལ་བཞག་པ།

དུར་སྤས་བྱེད་པར།

འདས་པོ་སྨན་ཁང་ནས་འདས་ཚེ།⇒སྨན་ཁང་དུ《སྡོད་དམངས་ཚེ་ལས་འདས་པའི་གསོ་རིག་དཔང་ཡིག》ལེན་པ།⇒པུར་ཁང་དང་འབྲེལ་བ་བྱས་ནས་སྐུ་ཕུང་སྲུང་སྐྱེལ་བྱེད་པ།⇒སྐུ་ཕུང་སྲུང་བ་དང་ཞལ་གྱེས་པ།⇒ཕུང་བོ་དུར་སྦས་བྱེད་པ།

འདས་པོ་ཁྱིམ་དུ་ཚེ་ལས་འདས་ཚེ།⇒གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སུ《སྡོད་དམངས་ཚེ་ལས་འདས་པའི་བདེན་དཔང་ཡི་གེ》བླངས་ནས⇒སྐུ་ཕུང་སྲུང་བ་དང་ཞལ་གྱེས་པ།⇒ཕུང་པོ་དུར་སྦས་བྱེད་པ།

གྲངས་ཉུང་མི་རིགས་ཀྱི་པུར་འཇུག

འདས་པོ་སྨན་ཁང་དུ་ཚེ་ལས་འདས་ཚེ།⇒སྨན་ཁང་དུ《སྡོད་དམངས་ཚེ་ལས་འདས་པའི་གསོ་རིག་དཔང་ཡིག》ལེན་པ།⇒པུར་ཁང་དང་འབྲེལ་བ་བྱས་ནས་སྐུ་ཕུང་སྲུང་སྐྱེལ་བྱེད་པ།⇒མི་རིགས་ཀྱི་གོམས་སྲོལ་ལྟར་འདས་མཆོད་སྒྲུབ་པ།⇒མི་རིགས་ཀྱི་གོམས་སྲོལ་ལྟར་ཕུང་པོའམ་ཡང་ན་རུས་ཐལ་དུར་འཇུག་བྱེད་པ།

འདས་པོ་ཁྱིམ་དུ་ཚེ་ལས་འདས་ཚེ།⇒གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སུ《སྡོད་དམངས་ཚེ་ལས་འདས་པའི་བདེན་དཔང་ཡི་གེ》ལེན་པ།⇒མི་རིགས་ཀྱི་གོམས་སྲོལ་ལྟར་འདས་མཆོད་སྒྲུབ་པ།⇒མི་རིགས་ཀྱི་གོམས་སྲོལ་ལྟར་ཕུང་པོའམ་ཡང་ན་རུས་ཐལ་དུར་འཇུག་བྱེད་པ།

གཉིས་པ། ཚེ་འདས་དཔང་ཡིག་ལེན་པ།

འདས་པོ་ཚེ་ལས་འདས་པའི་དཔང་ཡིག་ལེན་དུས་འདས་པོའི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར། རེ་འདུན་ཞུ་མཁན་གྱི་ཐོབ་ཐང་ལེག་ཁྱེར་མ་ཡིག་དང་ཐོབ་ཐང་ལག་ཁྱེར་བསྐྱར་དཔར། འདས་པོ་འཚོ་བཞུགས་སྐབས་ཀྱི་ནད་ཐོ། བདེ་ཐང་ཞིབ་བཤེར། སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་སོགས་རྒྱུ་ཆའི་བསྐྱར་དཔར་ཡིག་ཆ་འཁྱེར་དགོས། གལ་ཏེ་སྐྱེ་མ་ཐག་པའི་ཕྲུ་གུ་ཚེ་ལས་འདས་པ་དང་འཕྲད་ཚེ་ཕྲུ་གུ་སྐྱེས་པའི་དཔང་ཡིག་གམ་ཡང་ན་ཨ་མའི་ཕྲུ་གུ་སྐྱེ་བའི་དཔང་ཡིག་དང་། ཨ་མའི་ཕྲུ་གུ་བརྟག་དཔྱད་ནད་ཐོ་སྨན་བཅོས་བྱས་པའི་དཔྱད་ཡིག་སོགས་དཔང་རྟགས་རྒྱུ་ཆས་འདས་པོའི་ཐོབ་ཐང་ལག་ཁྱེར་གྱི་ཚབ་བྱས་ཆོག རེ་འདུན་ཞུ་མཁན་ནི་འདས་པོའི་གཉེན་ཉེ་ཡིན་དགོས་པ། གལ་ཏེ་འདས་པོར་ཐད་ཀའི་འབྲེལ་བ་མེད་པའམ་ཡང་ན་ཟུར་གཏོགས་གཉེན་ཉེ་མེད་ན། འདས་པོའི་ཁོངས་གཏོགས་ཀྱི་འཚོ་བའི་ལས་ཁུངས(རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་། བྱིས་པའི་ཕན་བདེ་ལས་ཁུངས། རོགས་སྐྱོབ་དོ་དམ་ལས་ཁུངས་སོགས)དང་། བྱ་བ་ཡོད་སའི་ལས་ཁུངས་སོགས་ཀྱིས་གནས་ཚུལ་གསལ་བཤད་བྱ་དགོས་པར་མ་ཟད་མི་སྣ་གཏན་འཁེལ་བྱས་ནས་འགྲོ་ལུགས་བསྒྲུབ་ཏུ་བཅུག་ཆོག

སྨན་བཅོས་ལས་ཁུངས་ཀྱིས་བདེན་དཔང་སྟེར་བ། གལ་ཏེ་འདས་པོ་དེ་སྨན་བཅོས་ལས་ཁུངས་སམ་ཡང་ན་སྨན་བཅོས་ལས་ཁུངས་སུ་འགྲོ་བའི་ལམ་བར་དུ་ཚེ་ལས་འདས་ན། སྨན་བཅོས་སྒྲིག་གཞིས《སྡོད་དམངས་ཚེ་ལས་འདས་པའི་གསོ་རིག་དཔང་ཡིག》སྟེར་དགོས།

སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་ཀྱིས་དཔང་ཡིག་མཁོ་འདོན་བྱེད་པ།  ཁྱིམ་དུའམ་རྒན་གསོའི་ཞབས་ཞུའི་ལས་ཁུངས་སུ་ཚེ་ལས་འདས་པ་དག་ལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས་ཀྱིས《སྡོད་དམངས་ཚེ་ལས་འདས་པའི་བདེན་དཔང་ཡི་གེ》མཁོ་འདོན་བྱ་དགོས།

སྤྱི་བདེ་ལས་ཁུངས་སྡེ་ཁག་གིས་དཔང་ཡིག་མཁོ་འདོན་བྱེད་པར། གལ་ཏེ་རྒྱུན་ལྡན་མིན་པར་ཚེ་ལས་འདས་སོང་ཚེ། སྤྱི་བདེ་ལས་ཁུངས་སྡེ་ཁག་གིས《སྡོད་དམངས་ཚེ་ལས་འདས་པ་གཏན་ཁེལ་ཡི་གེ》སྤྲོད་དགོས། 

ཁྲིམས་ཁང་གིས་དཔང་ཡིག་སྤྲོད་པར། ཁྲིམས་ཁང་གིས་དཔྱད་མཚམས་བཏང་ནས་ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས་པའི་རིགས་དེ་གཞི་རིམ་ཁྲིམས་ཁང་གིས《ཚེ་ལས་འདས་པ་ཁྱབ་བསྒྲགས་བྱས་པའི་བཅད་ཡིག》མཁོ་འདོན་བྱ་དགོས།

གསུམ་པ། འདས་མཆོད་སྒྲུབ་པ།

སྟབས་བདེ་དང་གྲོན་ཆུང་གི་སྒོ་ནས་འདས་མཆོད་སྒྲུབ་རྒྱུ་དར་སྤེལ་གཏོང་པ་དང་། རྒྱས་སྤྲོས་དང་གཟབ་རྒྱས་ཆུད་ཟོས་གཏན་འགོག་བྱེད་ཆེད་འདས་མཆོད་སྒྲུབ་པའི་དུས་ཚོད་རྩ་དོན་ཐོག་ཉིན་གསུམ་ལས་བརྒལ་མི་རུང་།

གཅིག མང་ཚོགས་ཀྱིས་འདས་མཆོད་སྒྲུབ་ས་འདེམས་པར།

ཡུལ་གྲོང་གི་སྡོད་དམངས་ཡིན་ན། པུར་ཁང་དང་པུར་ཁང་ཞབས་ཞུའི་ལྟེ་གནས(ས་ཚིགས)སུ་སྒྲུབ་རྒྱུ་དར་སྤེལ་ཧུར་ཐག་གཏོང་དགོས་ལ།  སྡེ་བ་དང་སྡེ་ཁུལ་གྱིས་དམིགས་འཛུགས་བྱས་པའི་ས་གནས་སམ་ཡང་ན་གཞིས་ཁུལ་གྱི་སྡོད་དམངས་ཀྱི་མོས་མཐུན་ཐོབ་པའི་ས་གནས་སུ་སྒྲུབ་ཆོག་པ་དང་། སྡེ་བ་དང་དེའི(གཞིས་ཁུལ)འབྲེལ་ཡོད་གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོའི་འདས་འཇུག་ལས་འཛིན་ལྷན་ཚོགས་དང་འབྲེལ་བ་བྱས་ནས་འདས་མཆོད་སྒྲུབ་རོགས་དང་མཛུབ་སྟོན་བྱེད་དགོས། མི་མང་འདུ་འཛོམས་བྱ་ཡུལ་དུ་འདས་མཆོད་ཁང་འཛུགས་མི་ཆོག་པ་དང་། འདས་མཆོད་སྒྲུབ་ནས་དམངས་ལ་བར་ཆད་བཟོ་བ་གཏན་འགོག་བྱ་དགོས།

སྡེ་བའི་སྡེ་དམངས་ཡིན་ན། རང་ཁྱིམ་གྱི་ར་སྐོར་རམ་ཡང་ན་སྡེ་བའམ་སྡེ་ཁུལ་དུ་དམིགས་འཛུགས་བྱས་པའི་ས་ཆར་གཉེར་སྒྲུབ་བྱེད་པ་དང་སྡེ་བ་དེའི་འབྲེལ་ཡོད་གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོའི་འདས་འཇུག་ལས་འཛིན་ལྷན་ཚོགས་དང་འབྲེལ་བ་བྱས་ནས་འདས་མཆོད་མཛུབ་ཁྲིད་བྱེད་པ་དང་གཉེར་རོགས་བྱེད་དགོས།

གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཡིན་ན། མི་རིགས་དེའི་གོམས་སྲོལ་དང་ཆོས་ལུགས་དད་མོས་གཞིར་བཟུང་ནས་འདས་མཆོད་སྒྲུབ་ཆོག

གཉིས། པུར་འཇུག་ཁང་གི་ལས་སྒོ་སྒྲུབ་རིམ།

1.འདས་མཆོད་ཀྱི་བྱ་བ་སྒྲུབ་པར་འབྲེལ་བ་བྱེད་པ་སྟེ། པུར་ཁང་ལ་ཁ་པར་གཏོང་བའམ་པུར་ཁང་དུ་སོང་ནས་འདས་མཆོད་ཀྱི་འབྲེལ་ཡོད་ལས་སྒོ་སྒྲུབ་སྐབས་འདས་པོའི་མིང་དང་ཕོ་མོའི་དབྱེ་བ། ལོ་ཚོད། ཚེ་ལས་འདས་པའི་རྒྱུ་རྐྱེན། ཕུང་པོ་སྐྱེལ་འདྲེན་བྱེད་ས། འདས་མཆོད་སྒྲུབ་འགན་འཁུར་མཁན་གྱི་ཁ་པར་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱ་དགོས།

2.སྐུ་ཕུང་སྐྱེལ་པ། པུར་འཇུག་ཁང་གིས་སྐུ་ཕུང་སྐྱེལ་པའི་འགྲོ་གྲོན་ཆག་ཡང་གཏོང་རྒྱུ་དང་། འགྲོ་གྲོན་བསྡུ་བའི་ཚད་གཞི་ནི་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱ་དགོས། འདས་པོའི་ཁོངས་གཏོགས་ཀྱིས་ཚེ་ལས་འདས་པའི་དཔང་ཡིག་གྲ་སྒྲིག་ཡག་པོ་བྱས་རྗེས་པུར་འཇུག་ཁང་དང་འབྲེལ་བ་བྱས་ནས་ཕུང་པོ་སྐྱེལ་འདྲེན་བྱེད་དགོས་པ་དང་པུར་འཇུག་ཁང་གི་ཕུང་པོ་སྐྱེལ་འདྲེན་ཞབས་ཞུ་མི་སྣ་ཡུལ་དངོས་སུ་འབྱོར་རྗེས་འདས་པོ་ཚེ་ལས་འདས་པའི་དཔང་ཡིག་སྟོན་རོགས་གནང་བ་དང་འབྲེལ་ཕུང་པོ་སྐྱེལ་འདྲེན་འཛིན་ཤོག་ཐོག་མིང་རྟགས་བཀོད་དེ་ཕུང་པོ་སྐྱེལ་འདྲེན་བྱེད་དུ་ཡོང་མཁན་རླངས་འཁོར་དེ་གཅིག་གྱུར་མཚོན་རྟགས་ཡིན་མིན་ཞིབ་དཔྱད་གནང་རོགས་བྱེད་དགོས། པུར་འཇུག་སྣ་འཛོམས་ཞབས་ཞུ་སོགས་མཚམས་སྦྱོར་ཞབས་ཞུ་སྤྱི་གཉེར་ཁང་ངམ་ཡང་ན་མི་སྒེར་གྱིས་ཕུང་པོ་སྐེལ་འདྲེན་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་དང་། འདས་པོའི་ཁྱིམ་མིས་དོགས་ཟོན་ཆེན་པོ་བྱས་ཏེ་མགོ་གཡོག་མགོ་སྐོར་འོག་མི་ཚུད་པ་དང་ཁུར་པོ་ལྕི་རུ་མི་འགྲོ་བ་བྱེད་དགོས།

3.བྱེད་སྒོའི་འབྲེལ་མཐུད། འདས་པོའི་ཁོངས་སུ་གཏོགས་པའམ་ཡང་ན་སྒྲུབ་མཁན་གྱིས་པུར་ཁང་དུ་བསྐྱོད་དེ་སྦྱིན་བསྲེགས་བྱེད་པའི་དུས་ཚོད་དང་ཕུང་པོ་སྲུང་ནས་ཞལ་གྱེས་ཞུ་བ་སོགས་ཀྱི་ལས་སྒོ་གཏན་འཁེལ་བྱེད་སྐབས་རང་ཉིད་ཀྱི་གོ་ཆོད་ཐོབ་ཐང་ལག་ཁྱེར་དང་འདས་པོ་ཚེ་ལས་འདས་པའི་དཔང་ཡིག་འཁྱེར་ཡོང་དགོས།

4.ཕུང་པོ་གནས་སྐབས་འཇོག་པ། པུར་འཇུག་ཁང་གིས་འདས་པོའི་ཕུང་པོ་ཉིན་གསུམ་ནང་བཅོལ་བའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ། འགྲོ་གྲོན་བསྡུ་བའི་ཚད་གཞི་དེ་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་དགོས་པ་དང་། གལ་ཏེ་ཉིན་གསུམ་ལས་བརྒལ་ཚེ་འདས་པོའི་ཁོངས་སུ་གཏོགས་པའི་འགྲོ་གྲོན་འཇལ་སྐབས་འབྲེལ་ཡོད་གཏན་འབེབས་ཞིབ་དཔྱད་བྱེད་དགོས།

5.ཕུང་པོ་སྲུང་ནས་ཞལ་གྱེས་ཞུ་བ། གདམ་གསེས་རང་བཞིན་གྱི་ཞབས་ཞུའི་ཁོངས་སུ་གཏོགས་པ་དང་། ཁྱིམ་མིའམ་སྒྲུབ་མཁན་གྱིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གདམ་གསེས་བྱེད་པའམ་ཡང་ན་གདམ་གསེས་མི་བྱེད་པ་ལས་པུར་འཇུག་ཁང་གིས་བཙན་ཤེད་ཀྱིས་གདམ་གསེས་བྱེད་དུ་འཇུག་མི་རུང་།

6.ཕུང་པོ་སྦྱིན་བསྲེགས་བྱེད་པ། པུར་འཇུག་ཁང་གིས་ཕུང་པོ་སྦྱིན་བསྲེགས་བྱེད་པའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། འགྲོ་གྲོན་བསྡུ་བའི་ཚད་གཞི་ནི་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱ་དགོས། འདས་པོའི་ཁོངས་སུ་གཏོགས་པའམ་ཡང་ན་སྒྲུབ་མཁན་གྱིས་འདས་པོའི་ཆ་འཕྲིན་ཞིབ་བསྡུར་ནན་ཏན་བྱེད་པ་དང་ཕུང་པོ་སྦྱིན་བསྲེགས་བྱེད་པའི་གཏན་འཁེལ་ཡི་གེ་བཞག་རྗེས་འདས་པོར་སྦྱིན་བསྲེགས་བྱེད་དགོས།

7.རུས་ཐལ་ལེན་པ། འདས་པོའི་ཁོངས་སུ་གཏོགས་པའམ་ཡང་ན་སྒྲུབ་མཁན་གྱིས་འདས་པོའི་ཆ་འཕྲིན་ཞིབ་བསྡུར་ནན་ཏན་བྱ་དགོས་པ་དང་། རུས་ཐལ་རྩིས་སྤྲོད་རྩིས་ལེན་གྱི་ངོས་འཛིན་ཡི་གེ་བཞག་རྗེས་རུས་ཐལ་ལེན་དགོས།

8.རུས་ཐལ་བཅོལ་འཇོག པུར་འཇུག་ཁང་གིས་ལོ་གཅིག་ནང་རུས་ཐལ་བཅོལ་བའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། འགྲོ་གྲོན་བསྡུ་བའི་ཚད་གཞི་ནི་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱ་དགོས། རུས་ཐལ་བཅོལ་ཉར་གྱི་དགོས་མཁོ་ཡོད་པའི་ཁྱིམ་མིས་རུས་ཐལ་བཅོལ་ཉར་བྱས་རྗེས་རུས་ཐལ་མངགས་བཅོལ་གྱི་འབྲེལ་ཡོད་ལག་ཁྱེར་ལེན་དགོས་པ་དང་། གལ་ཏེ་ལོ་གཅིག་ལས་བརྒལ་ན། གྲོན་དངུལ་འཇལ་སྐབས་འབྲེལ་ཡོད་གཏན་འབེབས་ཞིབ་དཔྱད་བྱ་དགོས།

བཞི་པ། ས་ཆ་གཞན་དུ་ཕུང་པོ་སྐྱེལ་འདྲེན་བྱེད་པ།

རང་ཁུལ་ཁོངས་གཏོགས་ཁུལ་དུ་ཚེ་ལས་འདས་སོང་བ་ཡིན་ན། དེའི་ཕུང་པོ་རྩ་དོན་ཐོག་ཐག་ཉེ་སར་གང་མགྱོགས་སྦྱིན་བསྲེགས་བྱེད་དགོས་ལ། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་བྱུང་ནས་ས་ཆ་གཞན་དུ་འཁྱེར་དགོས་ན་འདས་པོའི་ཁྱིམ་མིར་ངེས་པར་དུ་གཤམ་གསལ་གྱི་འགྲོ་ལུགས་སྒྲུབ་དགོས་པ་སྟེ། ཕུང་པོ་ཕྱི་རུ་སྐྱེལ་འདྲེན་བྱེད་པའི་དམིགས་བསལ་གནས་ཚུལ་དང་དམིགས་བསལ་གྱི་རྒྱུ་རྐྱེན་ཡོད་པའི་འདས་པོའི་ཁྱིམ་མིར་འདས་པོ་ཚེ་ལས་འདས་པའི་དཔང་ཡིག་དང་། བསྡུ་ལེན་དཔང་ཡིག(འདས་པོའི་ཁྱིམ་ཐོ་ཡོད་སའི་རྫོང་རིམ་པ་ཡན་གྱི་དམངས་སྲིད་སྡེ་ཁག་གིས་འདོན་རྒྱུ)ཐོབ་ཐང་དཔང་ཡིག (འདས་པོའི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། རེ་འདུན་ཞུ་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག)བཅས་གྲ་སྒྲིག་ཡག་པོ་བྱ་དགོས། འདས་པོ་ཚེ་ལས་འདས་སའི་རྫོང(གྲོང་ཁྱེར།)དམངས་སྲིད་ཅུས་ལ་རེ་ཞུ་བྱས་ནས་མོས་མཐུན་བྱུང་རྗེས་ཡིག་ཐོག་གི་མོས་མཐུན་ཡི་གེར་བརྟེན་ནས་པུར་འཇུག་ཁང་གི་ཆེད་སྤྱོད་པུར་འཇུག་རླངས་འཁོར་གྱིས་ཕུང་པོ་སྐྱེལ་འདྲེན་བྱེད་དགོས།

ལྔ་པ། ཕུང་པོ་དང་རུས་ཐལ་པུར་འཇུག་བྱེད་པ།

མིག་སྔར། རང་ཁུལ་གྱི་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་སྦྱིན་བསྲེགས་པུར་ཁང་དང་འཇུ་ལག་རྫོང་དང་མདོ་ལ་རྫོང་དུ་དུར་སྦས་སྒྱུར་བཅོས་ཁུལ་ཡིན་པ་དང་། སྦྱིན་བསྲེགས་པུར་ཁང་དང་དུར་སྦས་སྒྱུར་བཅོས་ཁུལ་ལོ5ཡི་ནང་དུ་ཐེངས་གཅིག་སྙོམ་སྒྲིག་བྱེད་བཞིན་ཡོད།

གཅིག སྦྱིན་བསྲེགས་པུར་ཁང་དུ་པུར་འཇུག་སྲིད་ཇུས་ལྟར་པུར་འཇུག་བྱ་དགོས་པ་དང་། སྤྱི་པའི་དུར་ས་རུ་ཕུང་བོ་དུར་སྦས་སམ་རུས་ཐལ་དུར་འཇུག་བྱེད་དགོས། རུས་ཐལ་གཏོར་པ་དང་ས་འོག་ཏུ་སྦས་པ། གྱང་དུར་འཇུག་པ་དང་སྡོང་བོ་དུར་འཇུག་སོགས་ས་ཞིང་གྲོན་ཆུང་གི་སྐྱེ་ཁམས་དུར་འཇུག་དར་སྤེལ་གཏོང་དགོས། སྒྲིག་སྲོལ་དང་འགལ་ནས་དུར་འཇུག་དང་རུས་ཐལ་པུར་སྒམ་དུ་བཅུག་ནས་ཡང་བསྐྱུར་དུར་འཇུག་བྱེད་པ། གང་བྱུང་དུ་དུར་འཇུག་བྱེད་རིགས་གཏན་འགོག་བྱ་དགོས། ཏང་ཡོན་དང་ལས་བྱེད་པ་ཚེ་ལས་འདས་རྗེས་ངེས་པར་དུ་སྦྱིན་བསྲེགས་བྱ་དགོས་པ་ལས་རུས་ཐལ་པུར་སྒམ་དུ་བཅུག་ནས་བསྐྱར་དུ་དུར་འཇུག་བྱས་མི་ཆོག་པ་དང་། ཚད་གཞི་ལས་བརྒལ་ནས་བང་སོ་དང་རྡོ་རིང་བཙུགས་མི་ཆོག

གཉིས། དུར་སྦས་བསྒྱུར་བཅོས་ཁུལ་དུ་འདས་པོ་སྦྱིན་བསྲེགས་བྱེད་པར་དར་སྤེལ་ཧུར་ཐག་གཏོང་བ་དང་། དུར་སྦས་ཀྱང་བདམས་ཆོག་པས་གཅིག་བསྡུས་ཀྱིས་པུར་འཇུག་བྱ་དགོས། སྐུ་ཕུང་ས་འོག་ཏུ་སྦས་པ་དང་། དུར་སའི་དུར་མགོ་མི་འཇོག་པའམ་ཡང་ན་སྡོང་བོས་རྡོ་རིང་གི་ཚབ་བྱེད་པ་དར་སྤེལ་གཏོང་དགོས། པུར་འཇུག་གང་བྱུང་དུ་བྱེད་པ་དང་སྒྲིག་འགལ་ངང་པུར་འཇུག་བྱེད་ཁུལ་གྱི་འདས་པོའི་སྐུ་ཕུང་ས་སྦས་གཏོང་རྒྱུ་གཏན་འགོག་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་ཚེ་ལས་འདས་རྗེས་སྐུ་ཕུང་སྤྱི་པའི་བང་སོའི་ནང་གཅིག་སྡུད་ཐོག་པུར་འཇུག་བྱེད་དགོས་པ་ལས་གང་བྱུང་དུ་པུར་འཇུག་བྱེད་མི་ཆོག

གསུམ། གྲངས་ཉུང་མི་རིགས་ཀྱི་འདས་མཆོད་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས་པ་དང་། འདས་པོས་རང་མི་རིགས་ཀྱི་གོམས་སྲོལ་དང་ཆོས་ལུགས་དད་མོས་ལ་གཞིགས་ནས་ཕུང་པོའམ་རུས་ཐལ་དུར་འཇུག་བྱས་ཆོག གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཚེ་ལས་འདས་རྗེས་དེའི་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱས་ཏེ་འབྲེལ་ཡོད་གཏན་འབེབས་ལྟར་པུར་འཇུག་བྱ་རྒྱུ།

དྲུག་པ། ཁྱིམ་ཐོ་ཐོ་ཁོངས་ནས་སུབ་པ།

དུར་འཇུག་འདས་མཆོད་བྱ་བ་འགྲུབ་རྗེས། འདས་པོའི་ཁྱིམ་ཐོ་དང་། ཐོབ་ཐང་ལག་ཁྱེར། ཚེ་ལས་འདས་པའི་དཔང་ཡིག་བཅས་ཁྱེར་ནས་འདས་པོའི་ཁྱིམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་སུ་ཁྱིམ་ཐོ་ཐོ་ཁོངས་ནས་སུབ་པའི་འགྲོ་ལུགས་བསྒྲུབ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号