མཚོ་བྱང་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོ་དོ་དམ་ཁྱབ་ཁོངས་ཀྱི་དམངས་བདེ་དམངས་ཕན་བྱེད་ཐབས་བརྒྱད།

ཏང་ཨུ་དང་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་དམངས་བདེ་དམངས་ཕན་བྱེད་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱ་ཆེད།  མཚོ་བྱང་ཁུལ་སྤྱི་བདེ་ཅུས་ཞབས་ཕྱིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞབས་ཕྱིའི་བྱེད་ཐབས་གསར་གཏོད་དང་ཞབས་ཕྱིའི་གོ་རིམ་ལེགས་སུ་གཏོང་བ་དང་། “ཐེངས་གཅིག་ལ་བརྡ་གཏོང་བ་དང་སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ། ས་ཚིགས་གཅིག་ནས་སྒྲུབ་ཚར་བ”བཅས་དོན་འཁྱོལ་ནན་པོ་བྱེད་ཅིང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་ཏེ། “ཉེ་འགྲམ་དུ་སྒྲུབ་པ་དང་སྟབས་བདེའི་ངང་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ། མགྱོགས་མྱུར་ངང་སྒྲུབ་པ”བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་ལ། སྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། ད་ལྟ་ཁྱིམ་ཐོ་དོ་དམ་ཞབས་ཕྱིའི་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་གསར་པ་བརྒྱད་བཏོན་ཏེ། ནུས་ཤུགས་ཡོད་རྒུས“གློད་སྡོམ་ཞབས་གསུམ”གྱི་བྱེད་ཐབས་ལག་བསྟར་ཏན་ཏིག་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་སྤུས་ལེགས་དང་ནུས་ཆེ། སྟབས་བདེ། བློ་ཉེ་བཅས་ཀྱི་ཞབས་འདེགས་ཞུ་རྩིས་ཡོད། 

1.ཞབས་ཕྱི་དང་པོར་བཞག་ནས་མི་སེམས་དྲོ་བའི་ཞབས་ཕྱི“སྒོ་ཁར་སོང་ནས་སྒྲུབ་པ”། 

 རྒས་ཞན་ནད་སྐྱོན་སྦྲུམ་སོགས་འགུལ་སྐྱོད་སྟབས་མི་བདེ་བ་དང་དེ་བཞིན་ཐག་རིང་རི་ཁུལ་དུ་སྡོད་པའི་འགྲོ་འོང་སྟབས་མི་བདེ་བའི་དམིགས་བསལ་རིགས་ཚོགས་ལ་དམིགས་ནས། ཁྱིམ་ཐོ་དོ་དམ་གྱི་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་སྒྲིག་ཆས་ཁྱེར་ཏེ་ཁོངས་གཏོགས་རོང་ཁུལ་དང་འབྲོག་ཁུལ། གཏེར་ཁུལ་བཅས་སུ་སོང་ནས་ལག་ཁྱེར་སྒྲུབ་པ་དང་ཆ་འཕྲིན་འཚོལ་སྡུད། ལག་ཁྱེར་སྒོ་ཁར་སྐྱེལ་བའི་ཞབས་ཕྱི་མཁོ་འདོན་བྱེད་པ་དང་། དམིགས་བསལ་རིགས་ཚོགས་ལ“སྒོ་ཁར”ཁྱིམ་ཐོའི་ལས་སྒོ་བདེ་བླག་ངང་བསྒྲུབ་ཐུབ་པ་བྱས་ནས། འགྲོ་འོང་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། 

2.ལས་སྒྲུབ་གོ་རིམ་ཉུང་དུ་བཏང་ནས་སྟབས་བདེའི་ཞབས་ཕྱི“ཐེངས་གཅིག་གིས་སྒྲུབ་པ”། 

 མང་ཚོགས་ཀྱིས་ཁྱིམ་ཐོའི་ལས་སྒོ་རེ་ཞུ་བྱེད་སྐབས།《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོ་ཐོ་འགོད་ལས་དོན་སྒྲུབ་པའི་ཚད་གཞིའི》ཁྲོད་ཀྱི་གཏན་འབེབས་དང་མཐུན་པ་མ་ཟད་རྒྱུ་ཆ་ཁ་ཚང་ན། ཁྱིམ་ཐོའི་ཞབས་ཕྱི་སྒེའུ་ཁུང་གིས་དུས་ཐོག་ཏུ་བདག་སྤྲོད་བྱེད་པ་དང་། ཞིབ་བཤེར་དང་ཞིབ་མཆན་བཀོད་པ་བརྒྱུད་ནོར་འཁྲུལ་མེད་པ་གཏན་འཁེལ་བྱས་རྗེས། བསྒྲུབ་བྱའི་ལས་སྒོ་དེ་ཁུལ་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་འགོད་མི་དགོས་ཚེ། ཐེངས་གཅིག་གིས་བསྒྲུབས་ཚར་བར་བྱས་ཆོག བདེན་དཔང་རྒྱུ་ཆ་ཁ་མི་ཚང་ན། རེ་འདུན་ཞུ་མཁན་ལ་ཁ་གསབ་དང་བརྗེ་བསོར་བྱེད་དགོས་པའི་རྒྱུ་ཆ་ཚང་མ་ཐེངས་གཅིག་ཏུ་གསལ་བཤད་བྱེད་པ་དང་།  གནས་ཚུལ་དམིགས་བསལ་གྱི་དབང་གིས་དུས་ལྟར་འདོན་སྤྲོད་བྱེད་མི་ཐུབ་ཚེ། བརྡ་སྦྲན་ཡི་གེ་བྲིས་རྗེས་སྔོན་ལ་ཡུལ་དངོས་སུ་སྒྲུབ་གཉེར་བྱས་ཏེ། མང་ཚོགས“རྒྱུག་ཐེངས་ཉུང་བ”དང་ཆ་འཕྲིན“རྒྱུག་ཐེངས་མང་བ” “ཐེངས་གཅིག་གིས་སྒྲུབ་པའི”དམིགས་འབེན་དངོས་སུ་སྒྲུབ་ཐུབ་པ་བྱས་ནས། མང་ཚོགས་ཀྱི་བྱ་བ་ཏན་ཏིག་སྒོས་ལེགས་པར་བསྒྲུབ་དགོས། དེ་དང་ཆབས་ཅིག“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་དྲ་གཅིག་ཀུན་སྒྲུབ”ཀྱི་རྩ་དོན་གཞིར་བཟུང་ནས། ཁྱིམ་ཐོ་དང་ས་མཚམས་ནས་འགྲོ་འོང་བྱེད་པའི་སྒེའུ་ཁུང་ཁག་བར་ཆ་འཕྲིན་མཉམ་སྤྱོད་དང་ནང་ཁུལ་ཞིབ་བཤེར་བྱས་ཏེ། མང་ཚོགས་ཀྱིས་བདེན་དཔང་རྒྱུ་ཆ་སྣ་ཚོགས་མཁོ་འདོན་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། 

3.ཇུས་འདོན་གནད་དུ་སྨིན་པ་བྱས་ནས་དཀའ་ངལ་སེལ་བའི་ཞབས་ཕྱི“གནད་ཁེལ་སྒོས་སྒྲུབ་པ”། 

 གཞིས་ཆགས་ཐོ་འགོད་བྱས་མ་མྱོང་བ་མ་ཟད། རང་ཁུལ་དུ་ཡུན་རིང་བསྡད་ནས་འཚོ་བ་སྐྱེལ་བའི་ཁྱིམ་ཐོ་མེད་པའི་མི་སྣ་ཡིན་ཕྱིན། རང་ཉིད་དམ་ཡང་ན་ལྟ་སྐྱོང་པས་རེ་ཞུ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ། སྡེ་བ(སྡེ་ཁུལ)བརྒྱུད་ནས་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱས་ཤིང་། ཁྱིམ་ཐོ་ཡོད་སའི་མངགས་གཏོང་ཁང་གིས་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས། ཁྱིམ་ཐོ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དེའི་གཞིས་ཆགས་གནད་དོན་ཐག་གཅོད་བྱེད་དགོས། 

4.སྐད་གཉིས་ཞབས་ཕྱི་མཁོ་འདོན་བྱས་ཏེ་བློ་ཉེའི་ཞབས་ཕྱི“སྐད་གཉིས་སྒོས་སྒྲུབ་པ”།  

གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་སྟབས་བདེ་དང་ཕན་ནུས་ཆེ་བའི་ཞབས་ཕྱི་སྔར་ལས་ལེགས་པ་འདོན་སྤྲོད་བྱ་ཆེད། ས་གནས་ཁག་གི་ཁྱིམ་ཐོ་དོ་དམ་ཞབས་ཕྱིའི་ཚོམས་ཆེན་དུ་སྐད་གཉིས་ཞབས་ཕྱིའི་ཆེད་དམིགས་ལས་རྐང་འཛུགས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ལ་བྱང་ཆུབ་པའི་མི་དམངས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ལས་སྒོ་སྒྲུབ་སྐབས་བརྡ་མི་འཕྲོད་པ་དང་འབྲེལ་འདྲིས་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་ནས། ལས་སྒྲུབ་དགོས་མཁོ་སྐོང་བ་དང་བློ་ཉེའི་ཞབས་ཕྱི་འདོན་སྤྲོད་བྱེད་དགོས། 

5.རང་རྟོགས་སྒོས་དྲན་སྐུལ་བྱས་ནས་གནད་ཁེལ་ཞབས་ཕྱི“གསལ་འདེབས་སྒོས་སྒྲུབ་པ”། 

 ལོ་ན་བཅུ་དྲུག་ལ་སོན་ཡང་ཐོབ་ཐང་ལག་ཁྱེར་བླངས་མེད་པ་དང་། ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ལ་སླེབས་པར་ཉིན་བཅོ་ལྔ་ལས་མེད་པ། འབྲེལ་ཡོད་ཁྱིམ་ཐོའི་ལས་སྒོའི་འགྲོ་ལུགས་ཁ་གསབ་བྱེད་དགོས་པ་སོགས་གནས་ཚུལ་གྱི་རིགས་ལ། ཁྱིམ་ཐོ་ཡོད་སའི་མངགས་གཏོང་ཁང་གིས་སྔོན་ལ་སྐད་འཕྲིན་འཕྲིན་སྟེགས་དང་ཁ་པར་སོགས་ཀྱི་ལམ་ནས་སྡོད་དམངས་ལ་དུས་ཐོག་ཏུ་སྡོད་དམངས་ཐོབ་ཐང་ལག་ཁྱེར་རེ་ཞུ་དང་བརྗེ་ལེན། ཁྱིམ་ཐོའི་འབྲེལ་ཡོད་ལས་སྒོའི་འགྲོ་ལུགས་ཁ་གསབ་བཅས་བྱ་རྒྱུའི་བརྡ་ཐོ་གཏོང་དགོས། 

6.མངགས་བཅོལ་ལས་སྒྲུབ་བྱས་ནས་བློ་བདེའི་ཞབས་ཕྱི“མངགས་བཅོལ་སྒོས་སྒྲུབ་པ”།

 དམིགས་བསལ་རྒྱུ་རྐྱེན་གྱི་དབང་གིས་རེ་འདུན་ཞུ་མཁན་ཁྱིམ་ཐོའི་ཞུབས་ཕྱི་སྒེའུ་ཁུང་དུ་དངོས་སུ་ལས་སྒོ་སྒྲུབ་ཏུ་ཡོང་མི་ཐུབ་པར་ཁྱིམ་ཐོ་ཡོད་སའི་མངགས་གཏོང་ཁང་དུ་ལས་སྒོ་སྒྲུབ་རྒྱུའི་རེ་འདུན་ཞུ་སྐབས། ཡིག་ཐོག་ནས་མི་གཞན་ལ་མངགས་བཅོལ་བྱས་ནས་སྒྲུབ་ཆོག ཁྱིམ་ཐོའི་ཞབས་ཕྱི་སྒེའུ་ཁུང་གིས་གཟབ་ནན་དང་ཚད་ལྡན་གྱི་མངགས་བཅོལ་ལས་སྒྲུབ་ཀྱི་གོ་རིམ་གཏན་འབེབས་བྱས་ཏེ། མངགས་བཅོལ་བྱེད་མཁན་དང་མངགས་བཅོལ་བྱ་ཡུལ་གྱི་ཁེ་དབང་དང་འོས་འགན་ཁ་གསལ་བཟོ་དགོས་པ་དང་། མངགས་བཅོལ་གྱི་ལས་ཀ་སྒྲུབ་པར་ཕྱོགས་གཉིས་ཀའི་མིང་རྟགས་བཀོད་པའི་མངགས་བཅོལ་ཡི་གེ་དང་སྡོད་དམངས་ཐོབ་ཐང་ལག་ཁྱེར་སྤྲོད་དགོས་ཤིང་། མངགས་བཅོལ་བྱ་ཡུལ་གྱིས་འབྲེལ་ཡོད་རྒྱུ་ཆ་ཁྱེར་ནས་ཁྱིམ་ཐོའི་ཞབས་ཕྱི་སྒེའུ་ཁུང་དུ་སོང་ཚེ་འབྲེལ་ཡོད་ཁྱིམ་ཐོའི་ལས་སྒོ་ཚབ་སྒྲུབ་བྱེད་ཐུབ། 

7.སྲིད་ཇུས་ཀློག་འགྲེལ་བྱས་ནས་དམངས་ཕན་ཞབས་ཕྱི“གསལ་འགྲེལ་སྒོས་སྒྲུབ་པ”། 

 ཁྱིམ་ཐོའི་ཞབས་ཕྱི་སྒེའུ་ཁུང་གིས“ཉེན་རྟོག་པ་ཁྲི་ཕྲག་དུ་མ་ཁྱིམ་ཚང་འབུམ་ཕྲག་དུ་མར་སྐྱོད་པ”དང་དེ་བཞིན་རྒྱུན་ལྡན་དུ་ཁྱིམ་ཚང་ལ་སྐྱོད་ནས་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཡུལ་དངོས་སུ་དྲ་ཐོག་ནས་སྒྲུབ་པ་དང་ཞིང་ཆེན་བརྒལ་ནས་སྒྲུབ་པ།  ཁྱིམ་ཐོ་གནས་སྤོར་བྱེད་པ། སྡོད་དམངས་ཐོབ་ཐང་ལག་ཁྱེར་ས་ཆ་གཞན་ནས་ལེན་པ། ལག་ཁྱེར་འདྲ་པརEཡིས་པར་ལེན་པ་སོགས་ལས་སྒོ་སྒྲུབ་པའི་གོ་རིམ་ལ་མཁོ་བའི་རྒྱུ་ཆ་སོགས་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་དང་གསལ་འགྲེལ་བྱེད་དགོས་ལ། ཡང་ན་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་འཕྲིན་སྟེགས་དང“ལག་མཐིལ་ཁྱིམ་ཐོ་དོ་དམ”སྤྱི་སྟེགས་བརྒྱུད་དེ་གོ་བདེ་ངེས་སླའི་རི་མོ་དང་བརྙན་ཐུང་སོགས་ཀྱི་ལམ་ནས་སྲིད་ཇུས་འགྱུར་ལྡོག་གི་གཙོ་གནད་དང་། སྤྱད་འཐུས་ཁྱབ་ཁོངས།  ལས་སྒྲུབ་གོ་རིམ་བཅས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ། མང་ཚོགས་ལ་ལས་སྒྲུབ་གོ་རིམ་དང་མཁོ་བའི་རྒྱུ་ཆ་སྔོན་ལ་ཤེས་སུ་འཇུག་དགོས།    

 8.ས་ཚིགས་གཅིག་ཏུ་ཞབས་འདེགས་ཞུས་ནས་སེམས་དྲོའི་ཞབས་ཕྱི“ས་ཚིགས་གཅིག་ནས་སྒྲུབ་པ”།  

ས་ཚིགས་གཅིག་གི་རྣམ་པའི་དམངས་བདེ་ཞབས་ཕྱིའི་ཚོམས་ཆེན་བསྐྲུན་ནས་ཁྱིམ་ཐོའི་ལས་སྒོ་སྒྲུབ་པའི་ས་ཁོངས་ཕུད། རང་འགུལ་ཞབས་ཕྱིའི་ཁུལ་བཙུགས་ནས་ཐོབ་ཐང་ལག་ཁྱེར་རང་འགུལ་ངང་སྒྲུབ་པའི་འཕྲུལ་ཆས་དང་རང་འགུལ་འདྲི་རྩད་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཏེ། མང་ཚོགས་ཀྱིས་རང་འགུལ་ངང་ལས་སྒོ་ཁ་ཤས་སྒྲུབ་པ་དང་ཁྱིམ་ཐོའི་ཆ་འཕྲིན་འདྲི་རྩད་སྟབས་བདེ་ཡོང་བ་བྱེད་པ་དང་། ངལ་གསོ་སྒུག་ཁུལ་བཙུགས་ནས་རྐུབ་སྟེགས་དང་བསྐྱར་དཔར་འཕྲུལ་ཆས། ཆར་གདུགས། ཁ་པར་གྱི་གློག་གསོག་སྐུད་པ། འཐུང་ཆུའི་འཕྲུལ་ཆས། ཤོག་ཕོར། མིག་ཤེལ། མདོག་མི་ཆེ་བའི་གྱོན་ཆས་སོགས་དམངས་བདེ་ཞབས་ཞུའི་མཁོ་ཆས་མཁོ་འདོན་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号