ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས89པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་གསན་ནས་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲུང་སྐྱོབ་དང་འཕེལ་རྒྱས། གསོག་ཚད་དང་འཕར་ཚད། ཚོང་འགུགས་དང་ཚོང་འདེམས། ས་གནས་དང་ས་གྲོལ་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། ལས་གཞི་ཞིབ་མཆན་འགོད་པའི་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ཀྱིས་སྣེ་ཁྲིད་དེ་ནས་སྲིད་ཇུས་སོ་སོ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཚོང་འགུགས་དང་ཚོང་དོན་བདེ་འཇགས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་དུ་གཏོད་དགོས། ལས་གཞི་རྗེས་འདེད་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཀྲུང་དབྱང་ཁེ་ལས་དང་ཧྲན་ཏུང་ཞིང་ཆེན་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འཇོག་གི་ལས་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཚོང་འགུགས་མ་འཇོག་བྱ་བའི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཟེར།



ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ་ཞིང་ཆེན་ཏང་ཨུའི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་ཉེན་ཁ་སྔོན་འགོག་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་མཚོ་བྱང་ཁུལ་དུ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་བསྒྲུབ་ནས་ཏང་ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱས་ཏེ"1+10"ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཡིག་ཆ་ཨང་དང་པོ་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་སྒྲོག་སྤེལ་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་མཚོ་བྱང་གི་སྐད་སྒྲ་དྲིལ་སྒྲོག་ཡག་པོ་བྱེད་དགོས། ཐོན་ལས་ཀྱི"གནས་བཞིའི"འཛུགས་སྐྲུན་དམིགས་ཚད་གཏན་འཁེལ་དང" ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། གསར་བརྗེའི་ཉམས་ཞིབ། དམངས་འཚོ་འགན་སྲུང་སོགས་གཙོ་གནད་བྱ་བར་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ་གཙོ་གནད་འགག་སྒྲོལ་གྱིས་ཁྱོན་ཡོངས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་ཁྲིད་བྱེད་དགོས། "ལྔ་བཅོ་ལྔའི"འཆར་འགོད་ཇུས་འགོད་ལ་དམ་པོར་དམིགས་ནས"འབིགས་བརྟོལ་རྣམ་པའི"བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་ཇུས་གྱི་ཡོ་བྱད་སྔོན་ལ་ཞིབ་འཇུག་དང་སྔོན་ལ་ཇུས་འགོད་བྱེད་དགོས། གཙོ་གནད་བྱ་བ་དང་ལས་འགན་གལ་ཆེན་ཞིབ་ཚགས་ཅན་དང་དོན་དངོས་ཅན། ཞིབ་ཕྲ་ཅན་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགག་གནད་སྔར་ལས་ལྷག་པར་སྒྲོལ་དགོས་ཟེར།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། <<སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་བྱ་བར་གཞོགས་འདེགས་བྱེད་པའི་གཏན་འབེབས>>ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་སྐོར་ཞིབ་བཅོས་སྒྲིག་བྱ་བ་ལེགས་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་སྔར་བས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་དང་འགན་འཁྲིའི་བླང་བྱ། ཐབས་དང་བྱེད་ཕྱོགས་ཀྱི་སྟེང་དུ་སྐོར་ཞིབ་ཀྱི་བླང་བྱ་དོན་འཁྱོལ་བྱེད་དགོས། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་རེ་རེར་བཅོས་སྒྲིག་ཡོད་པ་དང་དོན་དག་ཚང་མར་ཨ་ལན་སློག་པ། དོན་དག་རེ་རེར་དོན་འཁྱོལ་ཡོང་པ་བཅས་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་། དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་སོགས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། 《མཚོ་བྱང་ཁུལ་གྱི་བུ་བཙའི་སྲིད་ཇུས་ལེགས་སྒྱུར་བྱས་ནས་མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》《2025ལོའི་ལོ་འཁོར་མོའི་ཁུལ་ཨུའི་སྐོར་ཞིབ་བྱ་བའི་འཆར་གཞི》སོགས་ལ་ཞིབ་འཇུག་གྲོས་འཆམ་བྱས།

ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号