མཚོ་བྱང་ཁུལ་པུར་འཇུག་ཞབས་ཞུའི་རྒྱུན་མཐོང་གནད་དོན་གྱི་ལན་ཁ་གསལ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་པུར་འཇུག་ཞབས་ཞུའི་རྒྱུན་མཐོང་གི་གནད་དོན་དོགས་འདྲིར་ལན་བཏོན་པ།

དང་པོ། རྒྱུན་མཐོང་གནད་དོན་གྱི་དོགས་གཞིར་ལན་འདེབས་པ།

གཅིག ཚེ་ལས་འདས་རྗེས། ཁྱིམ་བདག་གིས་ཐོག་དང་པོར་ཅི་ཞིག་བྱེད་དགོས་སམ།

ལན། དུས་ཚོད་དང་པོར་ཚད་ལྡན་གྱི་པུར་ཁང་ཞབས་ཞུའི་ཁ་པར་རྒྱག་དགོས་པ་དང་། ལས་བྱེད་མི་སྣས་འདས་མཆོད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་བྱེད་པར་མ་ཟད་ཡུལ་དངོས་སུ་སོང་ནས་རོགས་བྱེད་དགོས།

གཉིས། པུར་ཁང་དང་པུར་འཇུག་ཞབས་ཞུ་སྤྱི་གཉེར་ཁང་གི་ཁྱད་པར་ཅི་ཞིག་རེད།

ལན། པུར་ཁང་ནི་དམངས་སྲིད་ཞབས་ཞུའི་ལས་ཁུངས་ཡིན་ཞིང་། གཙོ་བོ་ཕུང་པོ་སྐྱེལ་འདྲེན་དང་། འཇོག་པ། ཞལ་གྱེས། སྦྱིན་བསྲེགས་སོགས་དུར་འཇུག་ཞབས་ཞུ་འདོན་སྤྱོད་བྱ་དགོས་པ་དང་། སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པ་དང་། སྲིད་གཞུང་གི་མཛུབ་སྟོན་རིན་གོང་སྲིད་ཇུས། རིན་གོང་གསལ་འགོད་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱ་དགོས། པུར་འཇུག་ཞབས་ཞུའི་སྤྱི་གཉེར་ཁང་དང་པུར་འཇུག་ཞབས་ཞུའི་མཚམས་སྦྱོར"མགོ་མཇུག་གཙང་སྒྲིལ"དེ་གཙོ་བོ་པུར་འཇུག་ཚབ་སྒྲུབ་ཞབས་ཞུ་དང་སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོའི་ཞབས་ཞུ་བྱེད་མཁན་སྒེར་གཉེར་ཁེ་ལས་སམ་ཁེར་གཉེར་དུད་ཚང་ཡིན།

གསུམ། པུར་འཇུག་ཞབས་ཞུའི་གྲོན་དངུལ་གཙོ་བོ་གང་དག་ཚུད་ཡོད།

ལན། པུར་འཇུག་ཞབས་ཞུ་དེ་གཞི་རྩའི་པུར་འཇུག་ཞབས་ཞུ་དང་རྒྱུན་བསྲིང་པུར་འཇུག་ཞབས་ཞུ། སྐུ་ཕུང་སྐྱེལ་འདྲེན་དང་། གསོག་ཉར། སྦྱིན་བསྲེགས་བྱེད་པ། རུས་ཐལ་བཅོལ་བ་བཅས་ནི་གཞི་རྩའི་པུར་འཇུག་ཞབས་ཞུའི་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པས་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱ་དགོས། ཕུང་པོ་རུལ་འགོག་དང་། བྱད་དབྱིབས་མཛེས་འཆོས་ཞབས་ཞུ། དུར་འཇུག་གུས་སྲོལ་ཞབས་ཞུ་སོགས་ནི་དུར་འཇུག་ཞབས་ཞུ་སྣུར་སྲིང་བྱེད་པའི་ཁོངས་སུ་གཏོགས་པ་དང་། སྲིད་གཞུང་གི་མཛུབ་སྟོན་རིན་གོང་ངམ་ཚོང་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་དགོས། 

པུར་འཇུག་ཞབས་ཞུའི་ལས་ཁུངས་ཀྱིས་ཞབས་ཞུ་བྱ་ཡུལ་གྱི་མངོན་གསལ་དོད་སར་ཞབས་ཞུའི་རྣམ་གྲངས་དང་། གྲོན་དངུལ་བསྡུ་བའི་ཚད་གཞི། ཡིག་ཆའི་གཞི་འཛིན་ས། ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས། ཐེར་འདོན་ཁ་པར། ཞབས་ཞུའི་བརྒྱུད་རིམ། ཞབས་ཞུ་ཚད་ལྡན་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱ་དགོས།

བཞི། འདས་མཆོད་སྒྲུབ་པའི་སྐབས་སུ་ཅི་ལྟར་བྱས་ནས་དགོས་མེད་ཀྱི་སྒོར་མོ་བཀོལ་བར་དོགས་ཟོན་བྱ་དགོས།

ལན།1.སྡོད་དམངས་ལ་འདས་མཆོད་འཕྲད་སྐབས་དམངས་སྲིད་གཞུང་ཕྱོགས་དྲ་ཚིགས་དང་། 12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་རྣམ་པ་བརྒྱུད་ནས་ས་གནས་དེའི་པུར་ཁང་གི་འབྲེལ་གཏུག་བྱེད་སྟངས་འདྲི་རྩད་དང་།  ཐད་ཀར་པུར་ཁང་དང་འབྲེལ་མཐུད་བྱས་ནས་ལས་དོན་སྒྲུབ་དགོས། དཔལ་འབྱོར་གྱི་ཆ་རྐྱེན་ལ་གཞིགས་ནས་པུར་འཇུག་ཞབས་ཞུའི་རྣམ་གྲངས་རང་བདག་གིས་འདེམས་པ་བཅས་བྱ་དགོས།

2.པུར་འཇུག་ཞབས་ཞུའི་མཚམས་སྦྱོར་གྱི"མགོ་མཇུག་གཙང་སྒྲིལ"སོགས་མཚམས་སྦྱོར་མི་སྣས་ཚབ་སྒྲུབ་བྱ་རྒྱུ་ལས་གཡོལ་གང་ཐུབ་བྱས་ཏེ་ཆ་འཕྲིན་དོ་མི་མཉམ་པའི་རྐྱེན་གྱིས་རིན་གོང་གང་བྱུང་དུ་སྤར་བ་དང་ཁེ་ཕན་ལ་གྱོང་གུན་ཕོག་གི་ཡོད།

ལྔ། ཐབས་ལམ་གང་དག་ནས་སྟབས་བདེ་དང་ཡང་དག་པའི་དུར་འཇུག་ཞབས་ཞུའི་ཆ་འཕྲིན་ཐོབ་ཐུབ།

ལན།མཚོ་སྔོན་དམངས་སྲིད་གཞུང་ཕྱོགས་དྲ་བར་ཐོ་འགོདhttps://mzt.qinghai.gov.cn/ཡང་ན་ས་གནས་ཀྱི་དམངས་སྲིད་སྡེ་ཁག་ལ་འབྲེལ་གཏུག་བྱེད་དགོས། ཚད་ལྡན་པུར་འཇུག་ཞབས་ཞུའི་ལས་ཁུངས་ཀྱི་ཆ་འཕྲིན་དང་འབྲེལ་གཏུག་བྱེད་སྟངས་འདྲི་རྩད་བྱ་དགོས།


དྲུག མཚོ་བྱང་ཁུལ་ལ་དམངས་ཕན་པུར་འཇུག་སྲིད་ཇུས་གང་དག་ཡོད།


ལན། 1.རང་ཁུལ་གྱིས་མཚོ་བྱང་གི་ཁྱིམ་ཐོ་ཡིན་པའི་འདས་པོའི་ཕུང་པོ་སྐྱེལ་འདྲེན་དང་། གནས་སྐབས་ཉར་ཚགས(ཉིན་གསུམ་རིང)། སྦྱིན་བསྲེགས་བྱེད་པ། རུས་ཐལ་བཅོལ་འཇོག (ལོ་གཅིག)གཞི་རྩའི་པུར་འཇུག་ཞབས་ཞུའི་འགྲོ་གྲོན་ཕྱོགས་བཞི་བོ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། འགྲོ་གྲོན་བསྡུ་བའི་ཚད་གཞི་ནི་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱ་རྒྱུ་དང་། པུར་ཁང་གིས་ཐད་ཀར་རྩ་ཆག་གཏོང་བའམ་ཡང་ན་འདས་པོའི་ཁོངས་སུ་གཏོགས་པའི་རྣམ་པ་གཉིས་སྤྱོད་རྒྱུ།

2.རང་ཁུལ་གྱིས་ས་ཞིང་གྲོན་ཆུང་གི་སྐྱེ་ཁམས་ཐོག་དུར་སྦས་འདེམས་མཁན་མང་ཚོགས་ལ་བྱ་དགའ་དང་ཁ་གསབ་ལག་བསྟར་བྱེད་ཀྱི་ཡོད། དེའི་ནང་དུ་རུས་ཐལ་གཏོར་བ་དང་པུར་མགོ་མ་བཞག་པར་གཏིང་ཟབ་ཏུ་སྦས་པར་ཐེངས་གཅིག་ལ་བྱ་དགའ་དང་ཁ་གསབ་སྒོར3000དང་། གནམ་པུར་གྱི་ཐེངས་གཅིག་བྱ་དགའ་སྒོར2000གསབ་དགོས། ཤིང་སྦས་དང་སྤང་ཐང་སྦས་པ། མེ་ཏོག་གི་སྟེགས་བུར་སྦས་པར་ཐེངས་གཅིག་གི་བྱ་དགའ་དང་ཁ་གསབ་སྒོར1500དང་། རུས་ཐལ་ཡུན་རིང་ཉར་ཚགས་བྱེད་པའི(ལོ10ཡན་ཡིན)རུས་ཐལ་ཁང་ལ་ཐེངས་གཅིག་བྱ་དགའ་དང་ཁ་གསབ་སྒོར800ཡིན། ཐད་ཀར་འདས་པའི་ཁྱིམ་མིར་སྤྲོད་རྒྱུ་དང་། འདས་པའི་ཐེམ་ཐོ་ཡོད་སའི་རྫོང་དམངས་སྲིད་ཅུས་སུ་རེ་ཞུ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号