མཚོ་བྱང་ཁུལ་གྱི་ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་སྤེལ་བ་ནས་བཟུང་། རྐང་ཚ་རྫོང་གིས་རྫོང་ཨུའི“1136བྱ་བའི་རིག་ལམ་དང“ལྟེ་བ་གཅིག་དང་རུ་ཁག་ལྔ་དར་རྒྱས་སྐུལ་འདེད་གཏོང་བའི”ལས་དོན་བྱེད་ཐབས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི“ཡིག་ཆ་ཨང་དང་པོའི”དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་བཏང་། “ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན”གྱི་ཕན་འབྲས་མཐོ་བའི་ཞིང་ཕྱུགས་ཐོན་ལས་མ་ལག་འཐུས་ཚང་དང་ལེགས་བཅོས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དང་། རོང་འབྲོག་ཁུལ་གྱི་གསོན་ཤུགས་མཐོར་འདེགས་གཏོང་བ། རོང་འབྲོག་པའི་ཡོང་འབབ་མཐོར་འདེགས་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་ཡིན། གཙོ་གནད་གཅིག་འབུར་དུ་ཐོན་པ་དང་། དཔུང་སྡེ་གཉིས་ལ་ཤུགས་སྣོན་པ། ཞབས་ཞུ་གསུམ་དངོས་འབེབས་བྱེད་པ། ཟུང་འབྲེལ་བཞི་དམ་འཛིན་བྱེད་པ། རྣམ་པ་ལྔ་གསར་གཏོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏན་ཏིག་གིས་དྲིལ་སྒྲོག་བྱ་འགུལ་གཞི་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས།
གཙོ་གནད་གཅིག་འབུར་དུ་ཐོན་པ། ཐོག་མཐའ་བར་གསུམ་དུ“གྲོང་གསེབ་བཅོས་བསྒྱུར་སྔར་ལས་གཏིང་ཟབ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས”ཞེས་པའི་གཞི་རྩ་འདི་འབུར་དུ་ཐོན་ཡོད།“སྒྲོག་འགྲེལ་གཉིས་དང་སྐུལ་འདེད་བཞི། གཏིང་ཟབ་གཅིག”(སྲིད་ཇུས་དང་གཏམ་རྒྱུད་གཉིས་སྒྲོག་འགྲེལ། ཐོན་ལས་དང་ལས་ཞུགས། དར་རྒྱས་དང་འཆམ་མཐུན་བཞི་ལ་སྐུལ་འདེད། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ)བརྗོད་བྱ་གཙོ་བོར་བྱས་པའི་ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་ལ་དམ་པོར་དམིགས་ཏེ། ལོ་ཧྲིལ་པོའི“ཞིང་གསུམ”འཕེལ་རྒྱས་ཀྱི་རིག་ལམ་སྔར་བས་གཙང་བཤེར་དང་། ལས་འགན་དོན་གསལ། འགན་འཁྲིར་ཤུགས་སྣོན་བཅས་བྱས་ཏེ་ལས་དོན་སོ་སོ་དབུ་ཡག་པོ་ཚུགས་པར་འགན་ལེན་བྱས་ཡོད།
དཔུང་སྡེ་གཉིས་ལ་ཤུགས་བསྣན་པ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་ཁག་སྐོང་འཐེན་བྱས་པའི་རྨང་གཞིའི་ཐོག་སྡེ་བ་སོ་སོའི་འབྲེལ་གཏུག་ལས་ཁུངས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་སྡོད་ལས་བྱེད་པའི་ཁྲོད་ནས་སྐོང་འཐེན་འདང་ངེས་བྱས་ཏེ་སྡེ་བ་སོ་སོའི་ཁྱིམ་ཚང་དུ་འགྲོ་བ་དང་།རླུང་འཕྲིན་དྲིལ་སྒྲོག་སོགས་ཀྱི་རྣམ་པས་དྲིལ་སྒྲོག་བྱས་པ་དང་།དྲིལ་སྒྲོག་ཚོ་ཆུང་སོ་སའི་ཁོངས་མིས་དྲིལ་སྒྲོག་རྒྱུ་ཆ་གྲ་སྒྲིག་ཞིབ་ཚགས་བྱས་ནས་ཡང་དག་པའི་ཁྲིད་སྟོན་དང་གསོན་ཉམས་དོད་པའི་དྲིལ་སྒྲོག་བྱས་ཏེ། ཏང་གི་ཞིང་ལས་རྒྱབ་སྐྱོར་དང་དམངས་ཕན་སྲིད་ཇུས་རོང་འབྲོག་པའི་མང་ཚོགས་ཁྲོད་དུ་བརྒྱུད་སྤྲོད་བྱས། རྫོང་རིམ་པའི་ལྟ་སྐུལ་ཚོ་ཆུང་ལྔ་བཙུགས་ནས་སྲིད་ཇུས་སྒྲོག་འགྲེལ་དང་བྱ་འགུལ་སྤེལ་བའི་གནས་ཚུལ་དང་ཐོབ་པའི་ཕན་འབྲས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་ལ་ཕན་འབྲས་མངོན་གསལ་འབྱུང་པར་འགན་ལེན་བྱས་ཡོད།
ཞབས་ཞུ་གསུམ་དངོས་འབེབས་བྱས། སྲིད་ཇུས་ཀྱི“སྣེ་ཁྲིད་ཞབས་ཞུ”ལ་ཁྲིད་སྟོན་བྱས། དྲིལ་སྒྲོག་ཚོ་ཆུང་སོ་སོའི་ཁོངས་མིས་ཀྲུང་དབྱང་དང་ཞིང་ཆེན་གྱི“ཡིག་ཆ་ཨང་དང་པོའི”དགོངས་དོན“མཐིལ་རྟོགས”བྱས་པའི་རྨང་གཞིའི་ཐོག་དྲིལ་སྒྲོག་སློབ་གསོ་དེ་ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་གྱི་འགན་འཁྲི་གཙོ་བོར་བཟུང་ནས་སྣེ་ཁྲིད་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་དུ་སོང་སྟེ་དྲ་ཐོག་སྟེགས་བུ་ཁྱབ་སྤེལ་དང་དྲ་ཕྱིའི་སློབ་གསོ་སྒོ་འགྲམ་དུ་སྐྱེལ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པས་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་གཞི་རིམ་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་དང་དོན་དངོས་བསྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི“བློ་འདྲི་ཞབས་ཞུ”ལག་བསྟར་བྱས། དྲིལ་སྒྲོག་ཚོ་ཆུང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་ཁྱོན་ཡོངས་ནས་གོ་བ་བླངས་ཏེ་སྡེ་བའི“ཨུ་ལྷན་གཉིས”ཀྱིས་དབུལ་ཕོངས་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱེད་པར་རོགས་འདེགས་བྱས་པ་དང་། སློབ་བྱོལ་བྱེད་པ་ཚོད་འཛིན་ཁག་ཐེག་དང་ནད་གཞི་ཚབས་ཆེན་ལ་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་དངོས་འབེབས་བྱས་པ་དང་། ཁྱོན་ཡོངས་ནས་སྡེ་བ་དང་སྡེ་ཁུལ་གྱི་དུད་ཚང་གནོད་འཚེའི་དབང་གིས་དབུལ་ཕོངས་སུ་གྱུར་པར་རྩད་གཅོད་བྱེད་པར་རོགས་འདེགས་བྱས་ཏེ་སྲིད་ཇུས་གཏན་འབེབས་དང་མཐུན་པའི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས། སྡེ་བའི་གནས་ཚུལ་གཞིར་བཟུང་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཐོན་ལས་རྣམ་གྲངས་ལེགས་པོ་འདེམས་པར་རོགས་འདེགས་དང་། ས་ཞིང་དང་རྩྭ་ས་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ཞིང་། ལས་གཉེར་གསར་པ་གསོ་སྐྱོང་འཕེལ་རྒྱས་དང། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཕན་འབྲས་ཡོང་བར་སྐུལ་འདེད་ཤུགས་སྣོན། ལས་གཉེར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་བཏང་བ་དང་སྤྱི་ཚོགས་བཅོས་སྐྱོང་གྱི“རྨང་འཛུགས་ཞབས་ཞུ”དོན་འཁྱོལ་བྱས། “རིམ་པ་ལྔའི་བདེ་འཇགས་དྲ་བའི”གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་དང“ལྟེ་བ་གཅིག་དང་རུ་ཁག་ལྔ་དར་རྒྱས་སྐུལ་འདེད་གཏོང་བའི”ལས་དོན་བྱེད་ཐབས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བར་རོགས་རམ་བྱས་ཏེ། མང་ཚོགས་རྩ་འཛུགས་དང་། མང་ཚོགས་ལ་དྲིལ་སྒྲོག།མང་ཚོགས་གཅིག་སྡུད། མང་ཚོགས་ལ་ཞབས་ཞུ། མང་ཚོགས་ལ་སྐུལ་སློང་བཅས་ཀྱི་ནུས་པ་མཐོར་འདེགས་དང། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རའི་བཙན་རྫོང་སྲུང་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ཤིང། སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའི་མགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། ལས་བྱེད་པ་གཞི་རིམ་དུ་འགྲོ་བའི་བྱ་འགུལ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་པ་དང་། དྲིལ་སྒྲོག་བྱེད་སྐབས་སྤྱི་ཚོགས་ཀྱི་གནས་ཚུལ་དང་སྡེ་བའི་གནས་ཚུལ། དམངས་ཀྱི་རེ་འདོད་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། རོང་འབྲོག་ཁུལ་གྱི་གནས་ཚུལ་གསར་པ་ཤེས་རྟོགས་དང་། རོང་འབྲོག་པའི་དགོས་མཁོ་གསར་པ་ཁོང་དུ་ཆུད་པ། དམངས་ཕན་ཞིང་ཕན་གྱི་ལས་དོན་དངོས་ལེགས་སྒྲུབ་བྱེད་པར་ཁག་ཐེག་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་སེལ།
ཟུང་འབྲེལ་བཞི་དམ་འཛིན་བྱས། དྲིལ་སྒྲོག་བྱེད་སྟངས་སྣ་ཚོགས་དང་ཟུང་འབྲེལ་བྱས།“སྤྱི་སྐད+ཡུལ་སྐད+དངོས་དཔེ”སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡིག་ཆའི་དགོངས་དོན“གཙོ་གནད་དུ་བཟུང་ནས”སྒྲོག་འགྲེལ་དང་། དམངས་ཕན་སྲིད་ཇུས“ཞིབ་ཕྲའི”སྒོ་ནས་འཆད་པ། གྲོང་གསེབ་དར་རྒྱས“དམིགས་སུ་བཀར་ནས”འཆད་པ། “ཡིག་ཆའི་སྐད་ཆ་”དེ་“མི་སེར་གྱི་སྐད་ཆར”བསྒྱུར་བ་དང་། “གནས་ལུགས་ཆེན་པོ”དེ་“རྒྱུན་སྤྱོད་ཀྱི་སྐད་ཆར”་བསྒྱུར་བ། རོང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི“ཞིང་གསུམ”སྲིད་ཇུས་གསར་པ་སོ་སོའི་གོ་དོན་རྨང་ནས་རྟོགས་པ་དང་། ཏང་གི་སྲིད་ཇུས་སོ་སོ་རྒྱ་ཆེའི་རོང་འབྲོག་པའི་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། རོང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་པ་དང་། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་གཏོང་བར་ཟུང་འབྲེལ་བྱས་ཡོད། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམ་པོར་དམིགས་ནས། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་གཞིར་བཟུང་སྟེ། ཞིང་ཕྱུགས་ལས་ཞིབ་ཚགས་ཅན་དང་། ཐོན་ལས་ཅན། སྐྱེ་ཁམས་ཅན། ཤེས་རིག་ཅན། སྤུས་ལེགས་ཚོང་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་ཤུགས་སྣོན་བྱས་པ་དང།“ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཕན་ནུས་མཐོ་བའི་ཞིང་ཕྱུགས་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བྱས་ཏེ། ཞིང་ཕྱུགས་ལས་བཅོས་སྒྱུར་རིམ་སྤོར་གྱི་ལམ་བུ་བརྟན་པོ་བསྐྲུན། དུད་ཚང་ཆེན་པོའི་སྣེ་ཁྲིད་དང་། དུད་ཚང་མཉམ་འབྲེལ་ལས་གཉེར། ཚབ་གཉེར་ཞབས་ཞུ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་པའི“ལས་གཉེར་བྱེད་སྟངས་ལྔ”ཁྱབ་སྤེལ་དྲིལ་སྒྲོག་བྱས་ཏེ། ཐོན་སྐྱེད་རྒྱུ་རྐྱེན་སྡེབ་སྒྲིག་ལེགས་བཅོས་དང་། ཐོན་སྐྱེད་ལས་ཆོད། བེད་སྤྱོད་ལས་ཕྱོད། བཀོད་སྒྲིག་ལས་ཆོད་བཅས་ཆེ་རུ་བཏང་བ་དང། མང་ཚོགས་ཀྱི་དཀའ་ངལ་དངོས་དང་ཟུང་འབྲེལ་བྱས་པ་ཡིན། གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་དང་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཐད་ཀར་དམངས་ཚིའི་དཀའ་གནད་གནད་དོན་ལ་དམིགས་ཏེ། ཏན་ཏིག་གིས་རོང་འབྲོག་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབས་བྱས་པ་ཡིན། མིག་སྔའི་བར་ལས་དོན21དངོས་སུ་བསྒྲུབས་ཡོད་པ་སྟེ། གཙོ་བོ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་དང་། སྡེ་བའི་གཞུང་ལམ་མྱུར་དུ་ཞིག་གསོ་བྱེད་པ། ཞོར་ལས་པ་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ལ་མཐུན་སྦྱོར་ཐག་གཅོད་བྱེད་པ“ཞིང་གསུམ”གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་པ་དང་། “ཞིང་གསུམ”གཙོ་གནད་ལས་དོན་གྱི་ལས་རིམ་ཉམས་ཞན་པར་དོ་སྣང་གང་ལེགས་བྱས་ཏེ། གླེང་དྲག་པ་དང་དཀའ་གནད་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་དང། རོང་འབྲོག་པ་མང་ཚོགས་ཀྱི“ཛ་དྲག་གི་དཀའ་ངལ་” སྟོབས་ཤུགས་གཅིག་བསྡུས་ཀྱིས་ཐག་གཅོད་བྱས་ཏེ། རོང་འབྲོག་པའི་དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་དང་ལུ་གུ་གསོ་སྐྱོང་སོགས་ཞིང་ཕྱུགས་ལས་ཐོན་སྐྱེད་ལས་དོན་དུས་ཐོག་དམ་འཛིན་བྱ་རྒྱུར་རོགས་རམ་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་དང་དོན་དངོས་བསྒྲུབས་ཡོད།
རྣམ་པ་ལྔ་གསར་གཏོད་བྱས།“དྲིལ་སྒྲོག་དེབ”ཀྱི་རྣམ་པ་གསར་གཏོད་བྱས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་པོ”བོད་རྒྱ་སྐད་གཉིས་སུ་བསྒྱུར་པ་དང་། དྲིལ་སྒྲོག་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས་བྱས་པའི་ནང་དོན་ནི་རོང་འབྲོག་ཁུལ་གྱི་དོན་དངོས་དང་། མིག་སྔའི་རོང་འབྲོག་ཁུལ་གྱི་གཙོ་གནད་ལས་དོན། རོང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་གནད་དོན་བཅས་དང་དམ་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་མཐོང་ན་ཤེས་པ་དང་ཉན་ན་གོ་ཐུབ་པའི་རྣམ་པ་བརྒྱུད་ནས་ལས་བྱེད་པས་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པའི་རྣམ་པ་འགྱུར་མི་རུང་ཞིང་། མང་ཚོགས་ལ་སྲིད་ཇུས་ཁོང་དུ་གསལ་པོར་ཆུད་པར་བྱས་ཡོད། “སྨྱན་སྦྱོར་གསར་པའི”རྣམ་པ་གསར་གཏོད་བྱས་པ། དྲ་ཐོག་ལས་སྟེགས་ཀྱི“སྒར་གཞི་གཙོ་བོའི”ནུས་པ་འདོན་སྤེལ་བྱས་ཏེ“ཡིག་ཆ་ཨང་དང་པོའི་དྲིལ་སྒྲོག་ལས་དོན་ཚོགས་པ”བཙུགས་པ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་སྐད་འཕྲིན་སྤྱི་སྟེགས་དང་། སྐད་འཕྲིན་ལས་སྒྲུབ་ཚོགས་པ། དེ་བཞིན“སྡེ་བའི་ལས་དོན”སོགས་སྨྱན་སྦྱོར་ལས་སྟེགས་བེད་སྤྱད་དེ། ཞིང་ཕན་ཞིང་ཕྱུག་འབྲེལ་ཡོད་སྲིད་ཇུས་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་དང། ཞིང་ལས་རོགས་སྐྱོར་དང་ཞིང་ཕན་སྲིད་ཇུས་མང་ཚོགས་ཁྲོད་དུ་དངོས་སུ་ཁྱབ་གདལ་བཏང་ཡོད། “ཏང(ཐོན)གི་བརྗོད་དོན་གཙོ་བོའི་ཉིན་མོའི+”རྣམ་པ་གསར་གཏོད་བྱས་པ། ཏང་ཡོན་དང་གུང་གཞོན་ཚོགས་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། གཞི་རིམ་ཏང(ཐོན)རྩ་འཛུགས་ཀྱིས་ཡིག་ཆ་ཨང་དང་པོ་དྲིལ་སྒྲོག་བྱ་འགུལ་ནང་དུ་སྟོབས་ཤུགས་འབུལ་བར་སྐུལ་སྤེལ་བྱས་ཏེ། ཧུར་ཐག་སྒོས་ཏང(ཐོན)གི་བརྗོད་དོན་གཙོ་བོའི་ཉིན་མོ+དྲིལ་སྒྲོག”བྱས་པ་དང། དམངས་ཕན་སྲིད་ཇུས་སོ་སོ་སྔོན་ལ་ཀྲི་པུའུ་ཡི་ཏང་ཡོན་ཁྲོད་དུ“རྩ་བ་ཚུགས”ཐུབ་པ་དང་། ཏང་ཡོན་དང་གུང་གཞོན་ཚོགས་མིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཁྲོད་དྲིལ་སྒྲོག་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་སོ་སོ་རྫོང་ཡོངས་ཀྱི་གང་སར“ཁྱབ”པར་ཁག་ཐེག་བྱས་ཡོད། “ལས་རྐང་དང་པོའི་ལས་དོན་སྒྲུབ་ཐབས”ཀྱི་རྣམ་པ་གསར་གཏོད་བྱས་པ། དྲིལ་སྒྲོག་ཚོ་ཆུང་གིས“སྲིད་ཇུས་ལས་རྐང་དང་པོར་དངོས་འབེབས་བྱེད་པ་དང་། ཏང་ཡོན་གྱིས་ལས་རྐང་དང་པོར་ཞབས་ཞུ་བྱེད་པ། ཞན་ཆ་ལས་རྐང་དང་པོ་ནས་གསེད་པ་དང། ཉམས་མྱོང་ལས་རྐང་དང་པོ་རུ་ཕྱོགས་སྡོམ་བྱེད་པ་བཅས་བྱས་ཏེ། ཞིང་འབྲོག་པར་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་དགོས་པ་མ་ཟད། ད་དུང་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུ་བཙལ་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན། “སློབ་སྦྱོང”གི་རྣམ་པ་གསར་གཏོད་བྱས་པ། སྡེ་བའི་ལས་བྱེད་དག་གིས“རང་སྦྱོང”དང་། ཏང་ཡོན་གྱིས“དྲ་རྒྱར་སློབ་སྦྱོང”། མང་ཚོགས་ཀྱིས“དྲིལ་སྒྲོག་སློབ་སྦྱོང”བཅས“སློབ་སྦྱོང་གི་རྣམ་པ”རྩ་འཛུགས་བྱས་ཤིང། དབུལ་ཐར་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་དང་བདེ་འཇགས་ཐོན་སྐྱེད། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཐད་ཀྱི་སྲིད་ཇུས་མ་གཞི་མ་ཕྱི་ལྟར་སྡེ་མི་ཡོངས་ལ་དྲིལ་སྒྲོག་བྱས་ཏེ། དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་བརྒྱུད་སྒྲོག་བྱེད་པའི“དཔེ་ཁྲིད་མཁན”ཞིག་བགྱིས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注