མདོ་ལ་རྫོང་གིས“3+1”འགན་སྲུང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ཐར་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་སྔར་བས་འགན་སྲུང་ལྡན།

ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས། ཀྲུང་དབྱང་ཞིང་སྡེའི་ལས་དོན་ཚོགས་འདུ་དང་ཞིང་ཨུའི་ཞིང་སྡེའི་འབྲོག་ཁུལ་ལས་དོན་ཚོགས་འདུ། ཁུལ་ཨུའི་རོང་འབྲོག་ཁུལ་ལས་དོན་ཚོགས་འདུའི་དགོངས་དོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་མཐོར་འདེགས་བཏང་ནས་འགན་སྲུང་ལ་ཁག་ཐེག་ལྡན་ཞིང་དམངས་འཚོའི་སྤུས་ཀ་རྒྱུན་མཐུད་མཐོར་འདེགས་བྱུང་།

སློབ་གསོའི་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བཏང་བ། སློབ་སྲུང་བྱོལ་སྡོམ་ལས་དོན་གྱི་ཉིན་ཞུ་ལམ་ལུགས་དང་གཟའ་འཁོར་ཡོངས་བསྒྲགས་ལམ་ལུགས། སློབ་འཇུག་བརྡ་སྦྱོར་ལམ་ལུགས། སློབ་གྲྭའི་སློབ་མའི་ཉིན་ཧྲིལ་བོའི་རྗེས་འདེད་ལམ་ལུགས། རྒྱུན་ལྡན་འཁོར་སྐྱོད་སློབ་མའི་ཕྱིར་འདྲི་ལམ་ལུགས། “ལམ་ཐིག་གཉིས་དང་འགན་ལེན་བཞི”ཡི་འགན་འཁྲིའི་ལམ་ལུགས་སོགས་ལམ་ལུགས་ལག་བསྟར་བྱས་ནས་ལོ་འཚམ་བྱིས་པ་གཞོན་ནུ་ཡོངས་སུ་སློབ་གྲྭར་ཞུགས། མིག་སྔའི་བར་དུ་རྫོང་ཡོངས་འོས་འགན་སློབ་གསོ་དུས་མཚམས་ཀྱི་ན་ཚོད་རན་པའི་སློབ་ཞུགས་ཚད་ནི100%ཡིན། རྫོང་ཡོངས་འོས་འགན་སློབ་གསོའི་སྲ་བརྟན་ཚད99.27%ཡིན།

བདེ་ཐང་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བཏང་བ། ལྕི་ནད་ཆེད་དོན་བཅོས་སྐྱོབ་དང་དལ་ནད་ཐོ་འགོད་ཞབས་ཞུ་རྒྱུན་མཐུད་སྐུལ་འདེད་བཏང་། ལྕི་ནད་བཅོས་སྐྱོབ་ཚད་དང་དལ་ནད་ཐོ་འགོད་ཚད100%ཡིན། རྫོང་ཡོངས་ཀྱི་ལྟ་ཞིབ་ཁྱིམ་ཚང་དང་མ་མཐའི་འགན་ལེན་ཁྱིམ་ཚང་། དམིགས་བསལ་དཀའ་ངལ་ཁྱིམ་ཚང་སོགས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་དང་དབུལ་ཐར་བརྟན་ལྷིང་མི་འབོར་ཚང་མ་གཞི་རྩའི་སྨན་བཅོས་འགན་སྲུང་ཁྱབ་ཚད་ནང་བཅུག ལོ་ཧྲིལ་བོར་དམིགས་བསལ་མི་ཚོགས26901གིས་སྨན་སྲུང་འགན་ལེན་ལོངས་སུ་སྤྱོད་བཞིན་ཡོད་ལ། སྨན་སྲུང་མ་དངུལ་སྒོར་ཁྲི3153.64བཏང་།

སྡོད་ཁང་བདེ་འཇགས་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བཏང་བ། 《མདོ་ལ་རྫོང་རོང་འབྲོག་པའི་སྡོད་ཁང་བདེ་འཇགས་ཡུན་ཕན་ལམ་སྲོལ》《མདོ་ལ་རྫོང་རོང་འབྲོག་པའི་སྡོད་ཁང་བདེ་འཇགས་འགུལ་རྣམ་ལྟ་ཞིབ་ལམ་སྲོལ》བཙུགས་ཡོད། རོང་འབྲོག་པའི་སྡོད་ཁང་བདེ་འཇགས་ཀྱི་གྲལ་བཤེར་རྒྱུན་རྣམ་ཅན་གྱིས་སྤེལ་བཞིན་ཡོད། རྫོང་ཡོངས་ཀྱི་རོང་འབྲོག་པའི་ཡོམ་འགོག་ལེགས་སྒྱུར་འགན་འཁྲི་ཡུལ་གྲོང4དང་ཁྱིམ་ཚང50ལ་ལག་བསྟར་བྱས། ད་ལྟ་ཡོངས་རྫོགས་ལས་མཇུག་སྒྲིལ་ནས་རྩིས་ལེན་བྱས་ཡོད་ཅིང་། ཁ་གསབ་མ་དངུལ་མ་ལུས་ཡོངས་སུ་གཤམ་སྤྲོད་བྱས་ཚར།

འཐུང་ཆུའི་བདེ་འཇགས་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བཏང་བ། མིའི་འཐུང་ཆུའི་ལས་གཞིའི་ཞིག་གསོ་བདག་སྐྱོང་གི་གྲལ་བཤེར་རྒྱུན་རྣམ་ཅན་དུ་སྤེལ། རྫོང་ཡོངས་ཀྱི་ཡུལ་གྲོང་སོ་སོའི་ཆུའི་འབྱུང་ཁུངས58ཀྱི་གྲངས་གཞི21ལ་ཞིབ་བཤེར་བྱས། འཐུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་དྲ་བ་དམ་པོར་བསླེས། རྫོང་ཡོངས་ཀྱི་ཞིང་སྡེའི་རང་འབབ་ཆུའི་ཁྱབ་ཚད92%ཡིན། གཅིག་སྡུད་ཆུ་འདོན་ཚད92%ཡན་དང་། གཅིག་སྡུད་ཆུ་འདོན་འགན་སྲུང་ཚད95%ཡིན་ལ། ཆུ་སྤུས་ཚད་ལོངས་ཚད100%ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号