མདོ་ལ་རྫོང་གིས་རྨོ་ཞིང་སྲུང་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་འབྲུ་རིགས་བདེ་འཇགས་ཀྱི“མཐའ་ཚད”བརྟན་པོར་སྲུང་།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་པ་མཐའ་འཁྱོངས་དང་། “ཞིང་དཔོན་ལམ་ལུགས”ཚོད་ལྟའི་ལས་དོན་དུ་བཟུང་ནས་རྨོ་ཞིང་གི་ཁ་གྲངས་དང་སྤུས་ཚད་ལ་ཤུགས་བསྣན་པ་བརྒྱུད། འབྲུ་རིགས་བདེ་འཇགས་ཀྱི་རྨང་རྩ་བརྟན་པོར་བཏིང་།

འཚོལ་རྟོགས་གསར་གཏོད་རྒྱུན་འཁྱོངས་སྒོས་ཞིང་སྲུང་མ་ལག་རིམ་གྱིས་བསྐྲུན་པ། 《མདོ་ལ་རྫོང་རྨོ་ཞིང་སྲུང་སྐྱོང“ཞིང་དཔོན་ལམ་ལུགས”ཚོད་ལྟའི་ལས་དོན་ལག་བསྟར་ཇུས་གཞི》བཟོས་ནས་གཏན་འབེབས་བྱས་ཤིང་། འབྲེལ་ཡོད་ཡུལ་གྲོང་ཁོངས་གཏོགས་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་བྱེད་ནུས་འགན་འཁྲི་སྔར་བས་ཁ་གསལ་བཟོས། “འཕྲེད་ནས་མཐའ་ལ་ཐུག་ཅིང་གཞུང་ནས་ཞབས་ལ་གཏུགས་པ། ཡོངས་སུ་ཁྱབ་པ། ཆད་ལྷག་མ་ཤོར་བ”ཡི་ལྟ་སྐུལ་དྲ་མིག་མ་ལག་གི་བླང་བྱ་ལྟར། རིམ་པ་གསུམ་གྱི་ཞིང་དཔོན་བཙུགས་ཤིང་ལོ་རེར་བཞིན《རྨོ་ཞིང་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲི་ཡི་གེ》ཡི་སྟེང་མིང་རྟགས་བཀོད། དུས་མཚུངས་སུ། མཐའ་སྣེ་རུ་སྡེ་བའི་རུ་དཔོན་གཙོ་བོ་ཡིན་པའི་དྲ་མིག་དོ་དམ་པ་བཙུགས་ཏེ་དྲ་མིག་ཅན་ལ་བརྟེན་ནས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་མི་དང་ཞིང་ལ་འབེབས་པ་མངོན་འགྱུར་བྱས། མིག་སྔའི་བར་དུ། རིམ་པ་དང་པོའི་ཞིང་དཔོན3དང་། རིམ་པ་གཉིས་པའི་ཞིང་དཔོན10 རིམ་པ་གསུམ་པའི་ཞིང་དཔོན29 དྲ་མིག་དོ་དམ་པ100ལྷག ཞིང་དཔོན་ལམ་ལུགས་ཀྱི་སྤྱི་བསྒྲགས་བྱང་བུ26བཙུགས་ཡོད། “ཞིང་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་ལས་དོན་ཚོགས་འདུ་དང་ལྟ་སྐུལ་ཞིབ་བཤེར། དཔྱད་ཞིབ། ཆ་འཕྲིན་བརྒྱུད་སྐུར། ས་ཞིང་སྐོར་ཞིབ་ཀྱི“ལམ་ལུགས་ལྔ”སྒོ་ཕྱིར་བཏོན། བཀོད་སྒྲིག་དང་ལྟ་སྐུལ་དཔྱད་ཞིབ། འབྲེལ་འདྲིས་སྦྲེལ་མཐུད་སོགས་ལས་དོན་བརྒྱུད་རིམ་གྱི་གདུབ་ཟུམ་གྲུབ་སྟེ་ལམ་ལུགས་སྦྲེལ་ཐག་སྔར་བས་འཐུས་ཚང་དང་འགན་འཁྲིའི་མ་ལག་སྔར་བས་ཆ་ཚང་ཡིན་པར་ཁག་ཐེག་བྱས།

མཐའ་ཚད་བསམ་བློ་རྒྱུན་འཁྱོངས་སྒོས་ཞིང་སྲུང་ནུས་པར་ཕྱོགས་ཡོངས་ནས་ཤུགས་བསྣན། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དམ་པོར་སྲུང་ཞིང་། ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས། “སྔོན་འགོག་གཙོ་བོ་དང་སྔོན་འགོག་དང་ཞིབ་བཤེར་ཟུང་འབྲེལ”གྱི་ལས་ཀའི་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། ལྟ་སྐུལ་དོ་དམ་ཁྲིམས་བསྟར་ལས་དོན་གྱི་འགན་ནུས་ལ་ཤུགས་བསྣན་ནས་ལྟ་སྐུལ་ཕན་ནུས་ལ་སྔར་བས་མཐོར་འདེགས་བྱུང་། མིག་སྔའི་བར་དུ“ཞིང་མིན་ཅན”གྱི་ཁྲ་རིས11གི་མུའུ81.14བཅོས་སྐྱོང་བྱས། “འབྲུ་མིན་ཅན”མུའུ243.5བཅོས་སྒྲིག་ལེགས་འགྲུབ་བྱུང་སྟེ་བཅོས་སྒྲིག་ཚད95.1%ཡིན།

ཐོ་མཆན་འགོད་ཚད་ལྡན་རྒྱུན་འཁྱོངས་སྒོས་ཞིང་སྲུང་ཆིག་ཤུགས་རྒྱུན་མཐུད་གཅིག་ཏུ་བསྡུས། རྒྱལ་ཁོངས་བར་སྟོང་བཀོད་སྒྲིག་མུ་མཐུད་ལེགས་སྒྱུར་བཏང་ནས་རིགས་སྣ་མང་གི་འཛུགས་སྐྲུན་རྣམ་གྲངས་བཀོལ་སའི་འགན་སྲུང་ལ་ཤུགས་བསྣན། རིགས་སྣ་མང་གི་འཛུགས་སྐྲུན་རྣམ་གྲངས་ཚང་མ་རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་ཡུལ་གྲོང་འཆར་འགོད། གྲོང་སྡེ་འཆར་འགོད། ས་ཆའི་བེད་སྤྱོད་ལོ་ཡི་མཁོ་འདོན་འཆར་གཞིའི་ནང་བཅུག སྡེ་ཚན་སོ་སོས་མཉམ་འབྲེལ་སྒོས་དངོས་ཞིབ་དུས་སྔོན་གནས་འདེམ་ཐེངས20ལྷག་ལ་བྱས། རྣམ་གྲངས་འཛུགས་སྐྲུན་གནས་འདེམས་ཐད་གཏན་གྱི་གཞི་རྩའི་ས་ཞིང་དང་སྐྱེ་ཁམས་དམར་ཐིག་སོགས་རིགས་སོ་སོའི་སྲུང་སྐྱོང་ཁྱབ་ཁོངས་ལས་གཡོལ་བ་ཡིན། དུས་མཚུངས་སུ། རྒྱུ་ཆས་འགན་སྲུང་སྔོན་ལ་ཞུགས་པ་འཚོལ་ཞིབ་སྐུལ་སྤེལ་བཏང་། རྒྱུ་ཆས་འགན་སྲུང་སྦྲེལ་མཐུད་ཚོགས་འདུ་ཐེངས6ལ་འཚོགས་ཏེ་འབྲེལ་ཡོད་ལས་ཁུངས་དང་ལས་གཞི་འཛུགས་སྐྲུན་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号