དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཅཱ་ཧྲའི་ས་ཁུལ་མང་བོ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་ཨ་རབ་སྐད་ཀྱི་མགྲིན་ཚབ་པས་ཚེས18ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་པེད་ཐི་ཧཱ་ནོང་འདུས་པའི་ས་ཁུལ་མང་བོ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།
གསར་འགོད་པས་མཐོང་བ་ལྟར་ན། རྟགས་དམར་པོ་བརྒྱབ་པའི་ས་ཁོངས་ཀྱི་ས་ཁྲ་ཞིག་གསལ་སྒྲོག་དང་མཉམ་དུ་སྤེལ་བ་དང་། ས་ཁུལ་དེའི་ནང་ཅཱ་ཧྲའི་ལྷོ་ཕྱོགས་དང་ཤར་ཕྱོགས། བྱང་ཕྱོགས་བཅས་ཀྱི་མཐའ་མཚམས་ས་ཁུལ་འདུས་ཡོད་ཟེར།
གསལ་སྒྲོག་ལས་ས་དེའི་མང་ཚོགས་དག་མྱུར་མོར་ཅཱ་ཧྲའི་ནུབ་ཕྱོགས་དང་ཡང་ན་ཅཱ་ཧྲའི་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་སོགས་ཀྱི་ཉེན་གཡོལ་ཁང་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། གསལ་སྒྲོག་ལས་བཤད་རྒྱུར། ས་ཁྲའི་ཐོག་ཏུ་རྟགས་དམར་པོ་བརྒྱབ་པའི་ས་ཁུལ་དེ་ཉེན་ཁའི་འཐབ་འཁྲུག་ས་ཁུལ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་གྱི་ཞོགས་པར་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注