མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པར་ཧ་ལས་པའི་ཚུལ་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བརྒྱ་ཕྲག་འགའ་བསད་པར་ཧ་ལས་པའི་ཚུལ་བསྟན་པ་དང་། དེ་ནི་རྨ་ཁའི་ཐོག་ལ་ཚྭ་བཏབ་པ་དང་གཅིག་འདྲ་ཡིན་ཟེར།

ཐུའུ་ཨར་ཁི་ཡིས་ད་རུང་བསྟན་དོན། འདས་པའི་ལོ་གཅིག་ལྷག་རིང་གི་དྲག་ཤུགས་འཁྲུག་རྩོད་ལས་དམག་དོན་བྱེད་ཐབས་ཀྱིས་ཉམས་ཉེན་དེ་ཐག་གཅོད་བྱེད་ཐབས་མེད་པ་དང་། ཐབས་ལམ་ཉག་ཅིག་ནི་རྒྱལ་སྤྱིའི་བཅ་ཁྲིམས་བརྩི་སྲུང་བྱས་ཏེ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་གསལ་བོར་བསྟན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་ན་མ་གཞི་ནས་དཀའ་སྡུག་གི་གནས་སུ་ལྷུང་བའི་ཕཱ་ལེ་སི་ཐན་མི་དམངས་ཀྱིས་སྔར་ལས་མང་བའི་དཀའ་སྡུག་མྱོང་དགོས་ཡོད་ཟེར།

ཐུའུ་ཨར་ཁི་ཡིས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཆ་རྐྱེན་ཅི་ཡང་མེད་པར་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོས་རང་ནུས་ཅི་ལྕོགས་ཀྱིས་ཞི་བདེ་ལ་སྐུལ་འདེད་བཏང་སྟེ། མི་སེར་དཀྱུས་མས་མུ་མཐུད་དུ་དཀའ་སྡུག་མྱོང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号