ཞིན་ཧེ་རྫོང་གི་མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་རྒྱ་གོ་ར་མཐོང་བ།

བརྙན་མིག་ལས་མཐོང་བའི་རི་སྐྱེས་སྲོག་ཆགས་རྒྱ་གོ་རའི་པར། 

ཟླ3ཚེས11ཉིན་གྱི་དུས་ཚོད18སྟེང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་ཐུལ་ཡུལ་ཚོ་ར་མོ་གྲོང་ཚོའི་སྐྱེ་ཁམས་ནགས་སྲུང་པ་གནམ་བྱམས་རྒྱལ་གྱིས་རྒྱུན་ལྡན་གྱི་སྐོར་ཞིབ་བྱེད་སྐབས། མི་མེད་གནམ་གྲུ་སྤྱད་དེ་རི་སྐྱེས་སྲོག་ཆགས་རྒྱ་གོ་ར་དང་འདྲ་བའི་སྲོག་ཆགས་ཤིག་པར་ལེན་བྱས་པ་མ་ཟད། དེ་འགུལ་སྐྱོད་བྱེད་པའི་རྩ་ཆེའི་བརྙན་རིས་རྣམ་པ་ཟིན་ཐོར་བཀོད་ཡོད།

དེའི་རྗེས་སུ་གནམ་བྱམས་རྒྱལ་གྱིས་པར་ལེན་བྱས་པའི་བརྙན་རིས་འབྲོང་ཐུལ་ནགས་རའི་སྐད་འཕྲིན་ཚོགས་པར་བསྐུར་བ་དང་། ཞིན་ཧེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ལས་དོན་མི་སྣས་ཞིབ་ཕྲའི་བརྡར་གཅོད་བྱས་པ་བརྒྱུད་སྐྱེ་དངོས་དེ་ནི་རི་སྐྱེས་སྲོག་ཆགས་རྒྱ་གོ་ར་ཡིན་པ་དང་། ནོར་ཚན་གྱི་གཙོད་རིགས་ཡིན་པ་གཏན་འཁེལ་བྱས། ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་རིམ་པ་གཉིས་པ་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་རྒྱུད་ཆད་ལ་ཉེ་བའི་དངོས་རིགས་ཀྱི་མིང་ཐོར་བཞག་ཡོད་པ་དང་། བྲག་རྡོ་མང་བའི་ནགས་ཚལ་དང་སྡོང་ཕྲན་སོགས་མང་པོའི་གནས་སུ་འཚོ་བཞིན་ཡོད། རང་རྒྱལ་གྱི་ཧྲའན་ཞི་དང་། ཀན་སུའུ། སི་ཁྲོན། ཡུན་ནན། ཧུའུ་པེ། ཧུའུ་ནན། ཀྲེ་ཅང་། ཧྥུ་ཅན། ཀོང་ཏུང། ཀོང་ཞི་སོགས་སུ་ཡང་ཁྱབ་ཡོད།

རྒྱུས་ལོན་པ་ལྟར་ན། གནམ་བྱམས་རྒྱལ་གྱིས་ཞིན་ཧེ་རྫོང་ནས་རི་སྐྱེས་སྲོག་ཆགས་རྒྱ་གོ་ར་མཐོང་བ་ཐོག་དང་པོ་མིན་ལ། ཞིན་ཧེ་རྫོང་ནགས་ཚལ་རྩྭ་ས་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཁའ་མོ་ཡིས་མཚམས་སྦྱོར་བྱས་དོན། ཉེ་བའི་ལོ་ཤས་རིང་། ཞིན་ཧེ་རྫོང་གི་ནགས་ཚལ་ཀྱི་ཁེབས་ཚད་ལོ་རེ་བཞིན་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་བཟང་དུ་སོང་ཡོད་པ་དང་། མངའ་ཁོངས་སུ་དུས་རྒྱུན་གསའ་དང་། རྒྱ་གོ་ར། ཤྭ་བ། དྲེད་མོང་། ཆུ་བྱ་དཀར་པོ། ཁྲུང་ཁྲུང་སྐེ་ནག བྱ་གག་པ་སོགས་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཐོན་ནས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་འགྲོ་བ་དང་། འཚོ་གནས་སྐྱེ་འཕེལ་ཁོར་ཡུག་བརྟན་པོའི་ངང་ཇེ་བཟང་དུ་སོང་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号