ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བའི་དྲིལ་སྒྲོག་མི་སྣ་ཞིང་ཁ་སོ་སོར་བསྐྱོད་དེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བསྒྲགས་པ།
འཕྲིན་གཏོང་པ། གཅོད་པ་ཐར། སྙིང་དཔལ་རྒྱལ། ཉི་མ་བཟང་པོ།
དཔྱིད་ཀའི་དུས་འདི་ནི་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་དུས་ཚིགས་དམིགས་བསལ་བ་ཞིག་ཡིན་པས། ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བའི་མང་ཚོགས་རྣམས་སོ་ནམ་གྱི་ལས་ལ་བྲེལ་བཞིན་ཡོད། ཡིན་ནའང་ཞིང་ཚིགས་སོ་སོའི་བར་དུ་དྲིལ་སྒྲོག་མི་སྣའི་གཟུགས་བརྙན་ཡལ་ཐབས་མེད་དེ། དྲིལ་སྒྲོག་ཚན་ཆུང་གིས་སྒྲོག་གཅིག་སྐུལ་གསུམ་གྱི་བྱ་འགུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཅིག་བསྡུས་དྲིལ་སྒྲོག་དང་ཁྱིམ་བཅར་དྲིལ་སྒྲོག ཞིང་ཁ་སོ་སོར་བསྐྱོད་དེ་དྲིལ་སྒྲོག་བྱེད་པ་བཅས་ཀྱི་རྣམ་པའི་སྟེང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་གི་བྱ་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། དེས་སུམ་མདོ་སྡེ་བར་རེ་བ་དང་གསོན་ཤུགས་གསར་པ་བསྩལ་ཡོད།དྲིལ་སྒྲོག་གི་ནུས་པ་ཆེ་རུ་གཏོང་ཆེད། སུམ་མདོ་སྡེ་བའི་དྲིལ་སྒྲོག་ཚན་ཆུང་གིས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ་དྲིལ་སྒྲོག་སློབ་ཚན་ཞིང་ཁ་དང་ཞིང་ཁྱིམ་དུ་བསྐྱལ་ནས་རྐུབ་སྟེགས་ཚོགས་འདུ་དང་ཞིང་རའི་སློབ་ཚན་སོགས་མང་ཚོགས་ཀྱིས་ཉན་པར་དགའ་བའི་རྣམ་པ་སྤྱད་དེ། ཡུལ་སྐད་ཀྱི་ལམ་ནས་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། ཉེ་འཁོར་གྱི་དོན་དག་དཔེ་མཚོན་བྱས་ནས་རོང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པ་དང་ཡིད་ལ་འཛིན་བདེ་བ། བེད་སྤྱོད་ཐུབ་པ་བཅས་བྱས།ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་ཞེས་པ་དེ་ནི་རོང་འབྲོག་མང་ཚོགས་ཚོའི་རྣ་བར་ཧ་ཅང་སྙན་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད་ལ། སུམ་མདོ་སྡེ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་གཙོ་གནད་དུ་བཟུང་སྟེ་དྲིལ་སྒྲོག་བྱས་ཤིང་། རོང་འབྲོག་མང་ཚོགས་ལ་ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གྱི་རླབས་ཆེན་ལག་ལེན་ནང་ཞུགས་པར་ཁྲིད་སྟོན་བྱས།ཐེངས་འདིའི་ཞིང་ཁ་སོ་སོ་རུ་སྤེལ་བའི་དྲིལ་སྒྲོག་བྱ་འགུལ་དེ་ནི་དཔྱིད་ཀའི་བསིལ་རླུང་དང་འདྲ་བར་སུམ་མདོ་སྡེ་བ་ཡོངས་སུ་ཁྱབ་ཡོད་ལ། དེས་སྡེ་མི་ཚོས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་ཡོད་པ་མ་ཟད། སྒྲོག་གཅིག་སྐུལ་གསུམ་གྱི་བྱ་འགུལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་གསར་པའི་ནང་སུམ་མདོ་སྡེ་བས་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྡེ་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག གྲོང་གསེབ་དར་སྤེལ་གཏོང་བའི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བསྐྲུན་རྒྱུ་རེད།
དཔྱིད་ཀའི་དུས་འདི་ནི་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་དུས་ཚིགས་དམིགས་བསལ་བ་ཞིག་ཡིན་པས། ཐུན་ཏེ་རྫོང་འབའ་ལུང་ཞང་སུམ་མདོ་སྡེ་བའི་མང་ཚོགས་རྣམས་སོ་ནམ་གྱི་ལས་ལ་བྲེལ་བཞིན་ཡོད། ཡིན་ནའང་ཞིང་ཚིགས་སོ་སོའི་བར་དུ་དྲིལ་སྒྲོག་མི་སྣའི་གཟུགས་བརྙན་ཡལ་ཐབས་མེད་དེ། དྲིལ་སྒྲོག་ཚན་ཆུང་གིས་སྒྲོག་གཅིག་སྐུལ་གསུམ་གྱི་བྱ་འགུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཅིག་བསྡུས་དྲིལ་སྒྲོག་དང་ཁྱིམ་བཅར་དྲིལ་སྒྲོག ཞིང་ཁ་སོ་སོར་བསྐྱོད་དེ་དྲིལ་སྒྲོག་བྱེད་པ་བཅས་ཀྱི་རྣམ་པའི་སྟེང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་གི་བྱ་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། དེས་སུམ་མདོ་སྡེ་བར་རེ་བ་དང་གསོན་ཤུགས་གསར་པ་བསྩལ་ཡོད།
དྲིལ་སྒྲོག་གི་ནུས་པ་ཆེ་རུ་གཏོང་ཆེད། སུམ་མདོ་སྡེ་བའི་དྲིལ་སྒྲོག་ཚན་ཆུང་གིས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་ཏེ་དྲིལ་སྒྲོག་སློབ་ཚན་ཞིང་ཁ་དང་ཞིང་ཁྱིམ་དུ་བསྐྱལ་ནས་རྐུབ་སྟེགས་ཚོགས་འདུ་དང་ཞིང་རའི་སློབ་ཚན་སོགས་མང་ཚོགས་ཀྱིས་ཉན་པར་དགའ་བའི་རྣམ་པ་སྤྱད་དེ། ཡུལ་སྐད་ཀྱི་ལམ་ནས་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། ཉེ་འཁོར་གྱི་དོན་དག་དཔེ་མཚོན་བྱས་ནས་རོང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པ་དང་ཡིད་ལ་འཛིན་བདེ་བ། བེད་སྤྱོད་ཐུབ་པ་བཅས་བྱས།
ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་ཞེས་པ་དེ་ནི་རོང་འབྲོག་མང་ཚོགས་ཚོའི་རྣ་བར་ཧ་ཅང་སྙན་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད་ལ། སུམ་མདོ་སྡེ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་གཙོ་གནད་དུ་བཟུང་སྟེ་དྲིལ་སྒྲོག་བྱས་ཤིང་། རོང་འབྲོག་མང་ཚོགས་ལ་ཡིད་ཆེས་བརྟན་པོ་དང་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གྱི་རླབས་ཆེན་ལག་ལེན་ནང་ཞུགས་པར་ཁྲིད་སྟོན་བྱས།
ཐེངས་འདིའི་ཞིང་ཁ་སོ་སོ་རུ་སྤེལ་བའི་དྲིལ་སྒྲོག་བྱ་འགུལ་དེ་ནི་དཔྱིད་ཀའི་བསིལ་རླུང་དང་འདྲ་བར་སུམ་མདོ་སྡེ་བ་ཡོངས་སུ་ཁྱབ་ཡོད་ལ། དེས་སྡེ་མི་ཚོས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་ཡོད་པ་མ་ཟད། སྒྲོག་གཅིག་སྐུལ་གསུམ་གྱི་བྱ་འགུལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་གསར་པའི་ནང་སུམ་མདོ་སྡེ་བས་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་སྡེ་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག གྲོང་གསེབ་དར་སྤེལ་གཏོང་བའི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བསྐྲུན་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注