ཐུན་ཏེ་རྫོང་གིས་སྲིད་ཇུས་སློབ་ཁྲིད་ལ་བརྟེན་ནས་ཏང་གི་གསུང་སྐད་ཕྱོགས་ཡོངས་སུ་ཁྱབ་པར་བྱས།འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།དཔྱིད་དུས་ཀྱི་མཐོ་སྒང་ལ་གྲང་རླུང་ཅུང་ཆེ་ན་ཡང་རྐ་རྒན་རྩྭ་ཐང་དུ་གཞི་རིམ་དམངས་དམག་སྐོར་ཞིག་གིས་འཕྲུལ་རྟ་ཞོན་ནས་དམིགས་བསལ་གྱི་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ། གྲང་ངར་ཁྲོད་དུ་འབྲོག་ཁུལ་གྱི་ས་གནས་སོ་སོར་སོང་ནས་ཏང་གི་སྲིད་ཇུས་ཁྱིམ་ཚང་རེ་རེར་བསྐྱལ་ནས་རོང་འབྲོག་མི་དམངས་ཀྱི་སེམས་སུ་རེ་བ་དང་ཡིད་ཆེས་བསྩལ།དྲིལ་སྒྲོག་རུ་ཁག་གིས་རི་རབ་མང་པོ་བརྒྱུད་ནས་སྤྱི་ལེ30ལྷག་གི་མཚམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི4000ཡོད་པའི་ཧན་ཆུང་ཁོག་ཏུ་སོང་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་མི་དམངས་མང་ཚོགས་ལ་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས། དྲིལ་སྒྲོག་རུ་ཁག་གིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རོང་འབྲོག་མང་ཚོགས་ཀྱི་ཉེ་འཁོར་གྱི་དོན་དངོས་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་གྲོང་གསེབ་དར་སྤེལ་དང་དམངས་ཕན་སྲིད་ཇུས་ཀྱི་ནང་དོན་གསོན་ཉམས་ལྡན་པས་སྒྲོག་འགྲེལ་བྱས། དེ་མིན་གད་སྙིགས་གཙང་སེལ་དང་རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་འགྲེལ་བཤད་བྱས་ཤིང་། སྒྲོག་བཤད་དང་འགུལ་སྐྱོད་ཟུང་འབྲེལ་གྱི་བྱེད་ཐབས་འདིས་རོང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་མ་ཟད། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མངོན་པར་བྱས།དྲིལ་སྒྲོག་རུ་ཁག་གིས་དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་འབྲས་དང་ཕྱེ། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་བྱིན་པ་མ་ཟད། ད་དུང་རྒན་རྒོན་གྱི་རེ་བར་ཉན་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས། གཞན་ཡང་གཞུང་ལམ་གྱི་ཁ་བ་གཙང་སེལ་དང་འབྲོག་པའི་དངོས་ཟོག་སྐྱེལ་འདྲེན་ལ་རོགས་རམ་བྱེད་པ་སོགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་ལེན་བྱས།དྲིལ་སྒྲོག་རུ་ཁག་གིས་དྲག་ཆས་པུའུ་ཡི་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་སྒྲོག་བཤད་བྱ་བར་འོད་མདངས་བསྩལ་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་རྩྭ་ཐང་གི་ཕྱོགས་གང་སར་རྩ་བ་ཚུགས་པ་དང་ཏང་གི་འོད་ཟེར་ཀྱིས་འབྲོག་པའི་སེམས་སུ་དྲོད་ཁོལ་སྦྱིན། ཁོ་ཚོའི་གཏམ་རྒྱུད་ནི་དུས་རབས་གསར་པའི་དམངས་དམག་མཐུན་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། རྩྭ་ཐང་དུ་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་བར། ཏང་གི་འོད་སྟོང་འཕྲོ་བའི་གཟི་འོད་འོག་སྔར་ལས་མཛེས་སྡུག་ལྡན་པ་ཞིག་རེད།
ཐུན་ཏེ་རྫོང་གིས་སྲིད་ཇུས་སློབ་ཁྲིད་ལ་བརྟེན་ནས་ཏང་གི་གསུང་སྐད་ཕྱོགས་ཡོངས་སུ་ཁྱབ་པར་བྱས།
འཕྲིན་གཏོང་པ། ལྕགས་འབྲུག་རྒྱལ།
དཔྱིད་དུས་ཀྱི་མཐོ་སྒང་ལ་གྲང་རླུང་ཅུང་ཆེ་ན་ཡང་རྐ་རྒན་རྩྭ་ཐང་དུ་གཞི་རིམ་དམངས་དམག་སྐོར་ཞིག་གིས་འཕྲུལ་རྟ་ཞོན་ནས་དམིགས་བསལ་གྱི་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ། གྲང་ངར་ཁྲོད་དུ་འབྲོག་ཁུལ་གྱི་ས་གནས་སོ་སོར་སོང་ནས་ཏང་གི་སྲིད་ཇུས་ཁྱིམ་ཚང་རེ་རེར་བསྐྱལ་ནས་རོང་འབྲོག་མི་དམངས་ཀྱི་སེམས་སུ་རེ་བ་དང་ཡིད་ཆེས་བསྩལ།
དྲིལ་སྒྲོག་རུ་ཁག་གིས་རི་རབ་མང་པོ་བརྒྱུད་ནས་སྤྱི་ལེ30ལྷག་གི་མཚམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི4000ཡོད་པའི་ཧན་ཆུང་ཁོག་ཏུ་སོང་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་མི་དམངས་མང་ཚོགས་ལ་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས། དྲིལ་སྒྲོག་རུ་ཁག་གིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རོང་འབྲོག་མང་ཚོགས་ཀྱི་ཉེ་འཁོར་གྱི་དོན་དངོས་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་གྲོང་གསེབ་དར་སྤེལ་དང་དམངས་ཕན་སྲིད་ཇུས་ཀྱི་ནང་དོན་གསོན་ཉམས་ལྡན་པས་སྒྲོག་འགྲེལ་བྱས། དེ་མིན་གད་སྙིགས་གཙང་སེལ་དང་རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་འགྲེལ་བཤད་བྱས་ཤིང་། སྒྲོག་བཤད་དང་འགུལ་སྐྱོད་ཟུང་འབྲེལ་གྱི་བྱེད་ཐབས་འདིས་རོང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་མ་ཟད། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མངོན་པར་བྱས།
དྲིལ་སྒྲོག་རུ་ཁག་གིས་དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་འབྲས་དང་ཕྱེ། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་བྱིན་པ་མ་ཟད། ད་དུང་རྒན་རྒོན་གྱི་རེ་བར་ཉན་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས། གཞན་ཡང་གཞུང་ལམ་གྱི་ཁ་བ་གཙང་སེལ་དང་འབྲོག་པའི་དངོས་ཟོག་སྐྱེལ་འདྲེན་ལ་རོགས་རམ་བྱེད་པ་སོགས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ལག་ལེན་བྱས།
དྲིལ་སྒྲོག་རུ་ཁག་གིས་དྲག་ཆས་པུའུ་ཡི་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་གི་སྒྲོག་བཤད་བྱ་བར་འོད་མདངས་བསྩལ་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་རྩྭ་ཐང་གི་ཕྱོགས་གང་སར་རྩ་བ་ཚུགས་པ་དང་ཏང་གི་འོད་ཟེར་ཀྱིས་འབྲོག་པའི་སེམས་སུ་དྲོད་ཁོལ་སྦྱིན། ཁོ་ཚོའི་གཏམ་རྒྱུད་ནི་དུས་རབས་གསར་པའི་དམངས་དམག་མཐུན་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། རྩྭ་ཐང་དུ་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་བར། ཏང་གི་འོད་སྟོང་འཕྲོ་བའི་གཟི་འོད་འོག་སྔར་ལས་མཛེས་སྡུག་ལྡན་པ་ཞིག་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注