དར་ལག་རྫོང་ཆོས་ལུགས་སྡེ་ཁག་གིས“སྒྲོག་གཅིག་སྐུལ་གསུམ”གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།
ཆོས་ལུགས་བསྟི་གནས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་པ་དང་རྒྱ་ཆེའི་གྲྭ་བཙུན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་གཏོང་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྫོང་དམངས་སྲིད་ཅུས། རྫོང་སྨན་བཅོས་འགན་སྲུང་ཅུས་བཅས་ཀྱི་མི་སྣ་ཟླ3པའི་ཚེས10ཉིན་ནས་ཚེས12ཉིན་བར་རྫོང་གི་མངའ་ཁོངས་སུ་ཡོད་པའི་དཔུང་སྐོར་དགོན་དང་། སྟག་ཐག་དགོན། དུང་ཆུང་དགོན། འབོས་པ་དགོན་བཅས་སུ་སོང་ནས“སྒྲོག་གཅིག་སྐུལ་གསུམ”བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།བྱ་འགུལ་ཁྲོད། དྲིལ་སྒྲོག་ཚོ་ཆུང་གི་ཁོངས་མིས་ཐོག་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་དེ་བཞིན་ཆོས་ལུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་བཅས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཤིང་། གྲྭ་བཙུན་རྣམས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱ་རྒྱུའི་སྐུལ་ལྕག་སྐུལ་བཏང་། དེའི་རྗེས་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་ཆོས་ལུགས་བྱ་བའི་དོ་དམ་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་མཐའ་མཚམས་ལ་དམིགས་ནས་གྱོད་དཔེ་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཁྲིམས་ལྟར་ཆོས་ལུགས་ལ་དད་པ་དང་ཁྲིམས་ལྟར་བྱ་འགུལ་སྤེལ་བའི་དགོས་ངེས་རང་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་བྱས། དམངས་སྲིད་ཅུས་དང་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཆོས་ལུགས་ཚོགས་པའི་ཚད་ལྡན་ཅན་གྱི་དོ་དམ་དང་། ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་སྲིད་ཇུས་སོ་སོར་སྒྲོག་འགྲེལ་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣས་དོ་ཁུར་བྱེད་པའི་དོན་དངོས་ཀྱི་གནད་དོན་ལ་ཏན་ཏིག་གིས་ལན་བཏབ།ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་དར་ལག་རྫོང་གི་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་ཕྱིན་པར་མ་ཟད། རྫོང་གི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བྱ་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། བྱ་འགུལ་ལ་ཞུགས་པའི་གྲྭ་བཙུན་རྣམས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། སྡོམ་པ་ནན་མོར་བསྲུངས་ཞིང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་བཟང་པོ་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།རྗེས་མར་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལག་གདང་སྦྲེལ་ནས“སྒྲོག་གཅིག་སྐུལ་གསུམ”བྱ་འགུལ་གྱི་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་རྫོང་གི་ཆོས་ལུགས་ཁྱབ་ཁོངས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།ཐེངས་འདིའི་དྲིལ་སྒྲོག་ནང་གྲྭ་བཙུན310ལྷག་ཞུགས་པ་དང་། འཕྲེད་འགེལ་ཡིག་ཆ3། དྲིལ་སྒྲོག་དེབ200ལྷག་བཅས་བཀྲམ་པ་རེད། །
ཆོས་ལུགས་བསྟི་གནས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་པ་དང་རྒྱ་ཆེའི་གྲྭ་བཙུན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་གཏོང་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྫོང་དམངས་སྲིད་ཅུས། རྫོང་སྨན་བཅོས་འགན་སྲུང་ཅུས་བཅས་ཀྱི་མི་སྣ་ཟླ3པའི་ཚེས10ཉིན་ནས་ཚེས12ཉིན་བར་རྫོང་གི་མངའ་ཁོངས་སུ་ཡོད་པའི་དཔུང་སྐོར་དགོན་དང་། སྟག་ཐག་དགོན། དུང་ཆུང་དགོན། འབོས་པ་དགོན་བཅས་སུ་སོང་ནས“སྒྲོག་གཅིག་སྐུལ་གསུམ”བརྗོད་བྱ་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།
བྱ་འགུལ་ཁྲོད། དྲིལ་སྒྲོག་ཚོ་ཆུང་གི་ཁོངས་མིས་ཐོག་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་དེ་བཞིན་ཆོས་ལུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་བཅས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཤིང་། གྲྭ་བཙུན་རྣམས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱ་རྒྱུའི་སྐུལ་ལྕག་སྐུལ་བཏང་། དེའི་རྗེས་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་ཆོས་ལུགས་བྱ་བའི་དོ་དམ་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་མཐའ་མཚམས་ལ་དམིགས་ནས་གྱོད་དཔེ་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཁྲིམས་ལྟར་ཆོས་ལུགས་ལ་དད་པ་དང་ཁྲིམས་ལྟར་བྱ་འགུལ་སྤེལ་བའི་དགོས་ངེས་རང་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་རྒྱས་བཤད་བྱས། དམངས་སྲིད་ཅུས་དང་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཆོས་ལུགས་ཚོགས་པའི་ཚད་ལྡན་ཅན་གྱི་དོ་དམ་དང་། ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་སྲིད་ཇུས་སོ་སོར་སྒྲོག་འགྲེལ་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣས་དོ་ཁུར་བྱེད་པའི་དོན་དངོས་ཀྱི་གནད་དོན་ལ་ཏན་ཏིག་གིས་ལན་བཏབ།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་དར་ལག་རྫོང་གི་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་ཕྱིན་པར་མ་ཟད། རྫོང་གི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བྱ་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། བྱ་འགུལ་ལ་ཞུགས་པའི་གྲྭ་བཙུན་རྣམས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། སྡོམ་པ་ནན་མོར་བསྲུངས་ཞིང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་སྤྱི་དམངས་བཟང་པོ་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།
རྗེས་མར་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལག་གདང་སྦྲེལ་ནས“སྒྲོག་གཅིག་སྐུལ་གསུམ”བྱ་འགུལ་གྱི་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་རྫོང་གི་ཆོས་ལུགས་ཁྱབ་ཁོངས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
ཐེངས་འདིའི་དྲིལ་སྒྲོག་ནང་གྲྭ་བཙུན310ལྷག་ཞུགས་པ་དང་། འཕྲེད་འགེལ་ཡིག་ཆ3། དྲིལ་སྒྲོག་དེབ200ལྷག་བཅས་བཀྲམ་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注