མཛེས་པ་ཀུན་འདུས་ཀྱི་སྐྱེ་ཁམས་རི་མོ།

མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་ཧུར་ཐག་བྱེད་པ། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་ལྕོག”གི་ལྟ་སྲུང་པ་བྱེད་པ་བཅས་ཀྱིས། སེམས་ཤུགས་དང་བརྩེ་བར་བརྟེན་ནས་མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་ཡག་པོ་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་གསར་པ་ལེན་པར་ཤུགས་བསྣན་པས། ད་ལྟའི་མཚོ་སྔོན་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བསམ་ཕྱོགས་སྔར་ལས་གསལ་པོ་ཆགས་ཡོད་པ་དང་། བྱེད་ཐབས་སྔར་ལས་བརྟན་ཞིང་ཕན་འབྲས་སྔར་བས་མངོན་གསལ་ཡིན་པས། སྐྱེ་ཁམས་ཀྱི་དགེ་མཚན་སྔར་ལས་མངོན་གསལ་དོད་པོ་རེད། “རི་བོ་གཉིས”ཀྱི་འདུ་ཤེས་མི་སེམས་ཀྱི་གཏིང་ལ་ཟུག་ཅིང་། “ཀྲུང་ཧྭའི་ཆུ་ལྕོག”གིས་ཀྲུང་གོའི་ས་གཞི་བརླན་པ་དང་།རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་དང་། ལྗང་མདོག་ཐོན་སྐྱེད་ཀྱི་མཛེས་སྡུག མང་ཚོགས་ཀྱི་འཚོ་བའི་མཛེས་སྡུག་བཅས་མཚོ་སྔོན་མཐོ་སྒང་དུ་གཟི་འོད་མཉམ་འཕྲོ་དང་མཛེས་སྡུག་མཉམ་རོལ་བྱེད་བཞིན་ཡོད།

མི་དང་རང་བྱུང་ཕྱོགས་ཡོངས་ནས་འཆམ་མཐུན་མཉམ་གནས་བྱུང་ཡོད།

མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་བཟང་ཕྱོགས་སུ་ཕྱིན་པ་དང་། “མཐོ་ས”བསྐྲུན་པ་དེ་བརྟན་བརླིང་ཁྲོད་སྲ་བརྟན་དང་ཇེ་ལེགས་སུ་ཕྱིན་ཡོད།

རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཆིང་རྨིན་དུས་ཡུན་རིང་པོར་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་གཞག་ལ་གཞོལ་བ་རེད། ཁོས་བཤད་པ་ལྟར། མཚོ་སྔོན་གྱི་རང་བྱུང་མཛེས་སྡུག་དང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ཐུན་མོང་མ་ཡིན་པའི“རང་བྱུང་གི་རྒྱབ་ལྗོངས”ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

མཚོ་སྔོན་གྱི་སྔོ་བསངས་ཀྱི་ནམ་མཁའ་དང་ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་བོ་བཅས་ཀྱིས་གྲུབ་པའི་རབ་མཛེས་ཀྱི་སྣང་བརྙན་ལ་བསྔགས་བརྗོད་མི་བྱེད་མཁན་མེད། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཕྱོགས་ཡོངས་ཀྱི་དམངས་འཚོའི་བདེ་སྐྱིད་དང་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་གཙོ་གནད་བྱེད་ཐབས་དོན་འཁྱོལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་ཀྱིས96.8%ཟིན་པ་དང་། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན། རྫ་ཆུའི་ཞིང་ཆེན་གྱི་མངའ་ཁོངས་ལས་བརྒལ་སའི་བཅད་ངོས་ཀྱི་ཆུ་སྤུས་རིགསⅡདང་དེའི་ཡན་རྒྱུན་འཁྱོངས་བྱས་ཡོད་ལ། ས་ངོས་ཆུའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་བཅད་ངོས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་ཚད100%ཡིན་པས། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་དྭངས་གཙང་དང་བརྟན་པོ་བྱུང་ཡོད།

སྔར་ལས་ཤུགས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་བསྣན། 2024ལོར་མཚོ་སྔོན་གྱིས་བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དྭངས་གཙང་ནུས་ཁུངས་ལས་དྲོད་ལེན་པ་དང་། བཟོ་ལས་ཁེ་ལས་ཀྱི་བཅོས་སྐྱོང་གཏིང་ཟབ་པ། སྤོ་སྒུལ་འགོ་ཁུངས་དོ་དམ་སོགས་ལས་གཞི40ལྷག་ལག་བསྟར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཆུ་སྙིགས་ཕྱིར་ཕུད་སའི“རི་མོ་གཅིག་དང་རེའུ་མིག་གཅིག་རྩིས་ཐོ་གཅིག”གི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། ཆུ་སྙིགས་ཕྱིར་ཕུད་སའི་ཆ་འཕྲིན་དང་གྲོང་ཁྱེར་དོ་དམ་དྲ་རྒྱGISཡི“རི་མོ་གཅིག”མངོན་འགྱུར་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་འགོག་བཅོས་རྒྱང་བསྟེན་སྐོར་ཞིབ་མ་ལག་དྲ་ཐོག་ནས་འཁོར་སྐྱོད་བྱས་ཏེ། ཉེན་ཁ་དང་འབྲེལ་བ་ཡོད་པའི་བེད་མེད་དངོས་རྫས་ཐག་གཅོད་བྱེད་པའི་གཙོ་གནད་ཁེ་ལས་དང་འཚོ་བའི་གད་སྙིགས་ས་སྦས་བྱ་ཡུལ་ཕལ་ཆེར་ཡོངས་སུ་ཁེབས་ཐུབ་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ནི་ཁག་ཁུར་དང་ལེན་ཁྲོད་སྤུས་ཀ་མཐོར་འདེགས་དང་ཇེ་ལེགས་སུ་ཕྱིན་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། “རིམ་གསུམ་རིགས་བཞི”ཡི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་ཕལ་ཆེར་བསྐྲུན་པ། ཐང་རྒོད་ཅན་དང་བྱེ་ཐང་ཅན་གྱི་ས་ཆ་མུ་མཐུད་དུ“སྙུང་གཉིས”ཀྱི་ཕྱོགས་སུ་ཕྱིན་པ་དང་། ཆུ་དཔོན་མཚེའུ་དཔོན་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མཐུན་སྦྱོར་མཉམ་སྐྱོང་བྱས་ལ། རྩ་ཆེ་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་བརྟན་པོའི་ངང་འཕར་བཞིན་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ས་ཁོངས་ཡོངས་ཀྱི་འཚོ་བའི་གད་སྙིགས“ས་སྦས་མེད་པ”མངོན་འགྱུར་བྱུང་ཡོད།

ཞུས་ཆིང་རྨིན་གྱིས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བ་དེ་ནི་རང་བྱུང་དང་མིའི་ངལ་རྩོལ་ཟུང་འབྲེལ་ལེགས་པོ་བྱས་པའི་འབྲས་བུ་ཡིན་པར་འདོད་ཡོད། ཁོས་བཤད་རྒྱུར། “སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ལ། ཁོར་ཡུག་བློས་བཏང་ནས་དུས་སྐབས་ཤིག་གི་དཔལ་འབྱོར་འཕར་སྣོན་ཡོང་ཐབས་གཏན་ནས་མི་བྱེད་པར། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐད་མུ་མཐུད་དུ་ནུས་ཤུགས་འདོན་དགོས། རྒྱང་རིང་ལ་དམིགས་ནས་སྔར་བཞིན“མིས་འབད་བརྩོན”བྱེད་པའི་འགག་རྩའི་རྒྱུ་རྐྱེན་གཙོ་བོ་དེར་དོ་སྣང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་པོ་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས། །”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号