མགོ་ཁུངས་ཀྱི་གཙང་ཆུར་ནམ་ཡང་ལྷོད་པ་མེད་པར་སྲུང་སྐྱོབ་བྱེད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་དུ།    གཙང་ཆུ་ལྷིང་འཇགས་ངང་བཞུར་ཞིང་།    མཁའ་སྔོ་དང་སྤྲིན་དཀར་གཙང་ཆུའི་ཁྲོད་དུ་ལྡོག་ནས་མཛེས་སྡུག་ལྡན་པའི་རི་མོ་ལྟར་རེད།     

མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་།    རྨ་ཆུ།    རྫ་ཆུ་བཅས་ཀྱི་མགོ་གསུམ་དུ་གནས་ཡོད་པས“ཀྲུང་ཧྭའི་ཆུ་མཛོད་”ཞེས་འབོད་ཀྱི་ཡོད།     མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཆུའི་སྤུས་ཚད་ལ་འགྱུར་ལྡོག་ཕྱིན་པ་དེས་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་འཚོ་བ་ཐོན་སྐྱེད་སྣོད་བཅུད་ཆུ་སྤྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་དེའི་གལ་ཆེའི་རང་བཞིན་ནི་སྨོས་མེད་རེད།     ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས“སྲུང་སྐྱོང་གཙོ་བོ་དང་བཅོས་སྐྱོང་བྱེད་དགོས”འཐབ་ཇུས་ཀྱི་བླང་བྱ་དམ་འཛིན་བརྟན་པོ་བྱས་ཏེ་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་རྨ་ཆུ་སྲུང་སྐྱོང་བྱེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།     

རྨ་ཆུ་སྲུང་སྐྱོང་བྱེད་པར་འཆར་འགོད་སྔོན་ལ་བྱེད་དགོས།     མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་འཆར་འགོད་འཆར་འགོད་ནོར་དོན་ཁྲུའུ་ཡི་ཀྲུའུ་རེན་ཚན་ཁག་མི་སྣ་མ་ཞང་དབྱིན་གྱིས་མཚམས་སྦྱོར་བྱས།    མཚོ་སྔོན་ཞིང་ཆེན་གྱིས“ཆུ་གྲོན་ཆུང་སྔོན་ལ་དང་།    བར་སྟོང་དོ་མཉམ།    མ་ལག་བཅོས་སྐྱོང་།    ལག་པ་གཉིས་ཀྱིས་ནུས་ཤུགས་འདོན་པའི”ཆུ་བཅོས་སྐྱོང་བསམ་ཕྱོགས་ལྟར།    《རྨ་ཆུ་མཚོ་སྔོན་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུའི་བདེ་འཇགས་འགན་ལེན་འཆར་འགོད》སོགས་ཡིག་ཆ་བཟོས་པ་དང་།    རྨ་ཆུ་མཚོ་སྔོན་འབབ་རྒྱུད་སྲུང་སྐྱོང་དང་བཅོས་སྐྱོང་གི་སྤྱིའི་བཀོད་སྒྲིག་འཆར་འགོད་བྱས་པ་དང་ཆུའི་སྣོད་བཅུད་བདེ་འཇགས་འགན་ལེན་གྱི་ལས་འགན་གཙོ་བོ་བཏོན་པ་རེད།     

ལས་འགན་ཨང་དང་པོ་ནི་སྲུང་སྐྱོབ་ཀྱི་འབྱུང་ཁུངས་ནས་འགོ་འཛུགས་རྒྱུ་དེ་ཡིན།     མཚོ་སྔོན་ཞིང་ཆེན་གྱིས་འཁྱགས་འཁྱིལ་ཆུ་དང་།    ས་ངོས་ཆུ།    ས་འོག་གི་ཆུ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ་གནམ་གཤིས་འགྱུར་ལྡོག་གི་ཆ་རྐྱེན་འོག་ཆུའི་ཐོན་ཁུངས་དང་ཆུའི་སྣོད་བཅུད་འགྱུར་ལྡོག་གི་རྐྱེན་རྩ་དང་།    ཆོས་ཉིད་དང་འཕེལ་ཕྱོགས་བཅས་འཚོལ་ཞིབ་དང་།    ཁ་གཏད་གཅོག་ཐབས་ལ་ཞིབ་འཇུགསྣོད་བཅུད་ཕྱོགས་བསྡུས་ལྟ་ཞིབ་མ་ལག་འཐུས་ཚང་དུ་གཏོང་དགོས།     དེ་དང་ཆབས་ཅིག་གཙང་པོ་གསུམ་གྱི་ཆུ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པའི་ཆུ་བོ་དང་མཚེའུ་དོ་དམ་མ་ལག་འཐུས་ཚང་དུ་བཏང་བ་དང་།    མགོ་ཁུངས་བཀག་གསོ་སྲུང་སྐྱོང་ནན་པོ་བྱས་ཏེ།    རྨ་ཆུའི་ཆུ་ཁུངས་ཆུ་ཤུགས་གློག་ཁང་བཤིག་རྗེས་སྟོད་རྒྱུད་ཀྱི་སེལ་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ་ལེགས་གྲུབ་བྱས་ཏེ།    མགོ་ཁུངས་ཆུ་མ་ལག་རང་བྱུང་སྦྲེལ་མཐུད་དང་གདོད་མའི་རྣམ་པ་སླར་གསོ་བྱས།     

ས་ཆུ་སྲུང་འཛིན་གྱི་ལས་ཀ་ལེགས་པར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།     “སྲུང་སྐྱོང་བྱེད་དགོས་ལ་བཅོས་སྐྱོང་ཡང་བྱེད་དགོས།    ‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་སྐྱོང་ལས་དོན་གྱིས་འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱིས་འདེགས་སྐྱོར་བྱས་ཏེ་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་དང་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ཏེ་ས་ཆུ་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཧྲེང་ཧུའུ་ཡིས་བཤད།     

རི་ངོས་རྨོ་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་འཛིན་ལས་དོན་གྱི་བཀྲག་མདངས་ཆེ་ཤོས་ཤིག་ཡིན།     2023ལོར་མཚོ་སྔོན་ཞིང་ཆེན་གྱིས་སྒོར་ཁྲི་2400མ་དངུལ་བཏང་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐེན་ཅ་ཀྲའེ་གྲོང་རྡལ་དུ་རྨོ་ཞིང་གི་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་དུས་རིམ་གཉིས་ལག་བསྟར་བྱས་ནས་ཐུར་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་1.2བཅོས་སྐྱོང་བྱས་པ་རེད།     དེའི་ནང་ཆུ་སྙོམས་སྐས་ཞིང་སྤྱི་ཆིང་800གསར་དུ་བཟོས་པ་དང་ཆུ་འབུད་ཆུ་ཤུར་སྤྱི་ལེ་9.22བཟོས་པ་རེད།     འདིས་སྔར་ཡོད་ཀྱི་རི་གཟར་གྱི་ས་ཆ་སྙོམས་པོ་དུ་གྱུར་ནས་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་ཇེ་དྲག་ཏུ་བཏང་།     

དེ་དང་ཆབས་ཅིག་ཧོང་ཀྲུང་ཆུས་ཐེན་ཅ་ཀྲའེ་གྲོང་རྡལ་དུ་ཏན་མ་འབབ་རྒྱུད་ཆུང་ཆུང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་ནས་མ་དངུལ་སྒོར་ཁྲི་2088བཏང་བ་དང་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་36གསར་དུ་བསྣན་ཡོད་པ་རེད།     འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པ་བརྒྱུད་ས་ཁོངས་ཀྱི་ས་ཆུ་ཤོར་བའི་གནས་ཚུལ་བཀག་འགོག་ནུས་ལྡན་བྱས་པ་དང་ས་ཆུ་སྲུང་སྐྱོང་བྱེད་ནུས་དང་ཆུ་ཁུངས་སྲུང་སྐྱོང་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།    

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་ཧའེ་ཏུང་གྲོང་ཁྱེར་གྱི་རྫོང་དང་ཆུས་ལྔ་ཡི་ཐུར་ཞིང་ཕྱོགས་བསྡུས་བཅོས་སྒྲིག་རྒྱ་ཁྱོན་མུའུ་ཁྲི་20ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།     མུ་མཐུད་འབད་བརྩོན་བྱས་པ་བརྒྱུད།    མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཤུགས་ཚད་ལོ་རེ་བཞིན་“གཉིས་ཆག་པའི”འཕེལ་ཕྱོགས་ཡོད་པ་དང་།    ས་ཆུ་སྲུང་སྐྱོང་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།    ཆུ་ཁུངས་སྲུང་སྐྱོང་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད།     

རྨ་ཆུའི་བདེ་ཐང་འགན་ལེན་བྱ་ཆེད།    མཚོ་སྔོན་ཞིང་ཆེན་གྱིས་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་བྱ་སྤྱོད་མང་པོ་སྒྲིག་འཛུགས་བྱས་ཏེ་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་།    ཆུའི་སྦགས་བཙོག་འགོག་བཅོས།    ས་ཁོངས་ཀྱི་གད་སྙིགས་བཅོས་སྐྱོང་།    ཆུའི་ཐོན་ཁུངས་བཀོད་སྒྲིགཆུ་ལོག་འགོག་བཅོས།    རྨང་གཞིའི་ལས་དོན་བཅས་མངོན་གསལ་དོད་པའི་གནད་དོན་རིགས་དྲུག་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ཡོད།     མིག་སྔར“ཟིང་ཆ་བཞི”སོགས་ཀྱི་གནད་དོན་1900ལྷག་ཙམ་བསྡོམས་རྩིས་བྱས་པ་དང་།    ཁྲིམས་འགལ་གྱིས་བཟུང་བའི་མཚོ་འགྲམ་རྒྱུད་སྤྱི་ལེ་70.52ཕྱིར་འཐེན་བྱས་ནས་ཆུ་ལོག་གཏོང་བར་མཐོངས་དང་སྣོད་བཅུད་བར་མཐོངས་སླར་གསོ་ནུས་ལྡན་བྱས་ཡོད།     

རླངས་འཁོར་བཏང་ནས་ཧའེ་ཏུང་གྲོང་ཁྱེར་ཞུན་ཧྭ་ས་ལ་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དུ་བསྐྱོད་སྐབས་གྲོང་ཚོ་གཙང་ཞིང་རྨ་ཆུའི་ཆུ་དྭངས་ཤིང་།     རྨ་ཆུའི་ངོས་ཀྱི་སྦགས་བཙོག་ཉུང་དུ་གཏོང་བ་དང་རྨ་ཆུའི་ཞིང་ཆེན་གྱི་ས་མཚམས་ནས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་གཏན་འཇགས་ངང་རིགས་གཉིས་པར་རྒྱུན་འཁྱོངས་བྱེད་ཆེད།    རྫོང་དེས་ཁྱོན་ཡོངས་ནས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་རྫོང་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་རྨ་ཆུའི་ས་ཁོངས་ཀྱི་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་རེད།     

རྫོང་དེའི་ཅི་ཧྲི་གྲོང་རྡལ་ཏ་པེ་ལེ་གྲོང་ཚོ་དང་རྨ་ཆུའི་བར་སྨི་100ལྷག་ཙམ་ལས་མེད་པ་དང་གྲོང་ཚོའི་གཙང་སྦྲ་རུ་ཁག་གཟའ་འཁོར་རེར་རྨ་ཆུའི་འགྲམ་དུ་གད་སྙིགས་སྒྲུབ་པར་འགྲོ་གི་ཡོད།     འདི་ལོ་གྲོང་ཚོར“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐར་མ་སྒོ་རྩིས་ཚོང་ཁང་”བཙུགས་པ་དང་གྲོང་མིས་མི་སྒེར་གྲོང་ཚོའི་གཙང་སྦྲ་དང་འཕྲོད་བསྟེན་ནང་ཞུགས་ནས་ཐོབ་པའི་ཁོར་ཡུག་སྲུང་སྐྱོང་སྐར་མ་སྤྱད་དེ་སྒོ་རྩིས་ཚོང་ཁང་ནས་ཤོག་བུ་འཐེན་པ་སོགས་འཚོ་བའི་མཁོ་ཆས་རིགས་བཅུ་ཕྲག་ཁ་ཤས་བརྗེ་ཆོག གྲོང་ཚོ་དེའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མ་ཧྲེང་ཧྭ་ཡིས་“སྐུལ་སློང་ལམ་སྲོལ་དེ་ཡོད་པས་གྲོང་མི་གྲོང་ཚོའི་གཙང་སྦྲ་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེས་ཆེར་མཐོ་རུ་ཕྱིན་ཡོད”ཅེས་བཤད།     

གཞན་ཡང་མཚོ་སྔོན་ཞིང་ཆེན་གྱིས་ས་ཁོངས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀན་སུའུ་ཞིང་ཆེན་དང་མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་ཚོད་འཛིན་གཏིང་ཟབ་ཏུ་བཏང་བ་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་འཕྲལ་སྡོམ་ནང་སྦྱོང་དང་སྟོད་རྒྱུད་འབབ་རྒྱུད་ཀྱི་ཁྲིམས་འཛིན་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་ནས་རྨ་ཆུའི་སྟོད་རྒྱུད་དོ་དམ་སྲུང་སྐྱོང་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号