ཧཱ་མཱ་སི་ཡིས་བར་འདུམ་ཕྱོགས་ཁག་བར་མཉམ་ལས་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས18ཉིན་བཤད་རྒྱུར། ཧཱ་མཱ་སི་ཡིས་འབྲེལ་ཡོད་བར་འདུམ་ཕྱོགས་ཁག་བར་མཉམ་ལས་བྱས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་བཞིན་ཡོད་ཟེར།

མིང་བཤད་མི་འདོད་པའི་དཔོན་པོ་དེས་གསར་འགོད་པར་བཤད་རྒྱུར། ཧཱ་མཱ་སིའི་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་བར་འདུམ་ཕྱོགས་ཁག་བར་གྲོས་མོལ་བྱས་ཏེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་དང་ཞི་བདེ་སླར་གསོ་བྱེད་པར་བརྩོན་བཞིན་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས18ཉིན་གྱི་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས། ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་མི326རྐྱེན་ལམ་དུ་ཤོར་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号