ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཏན་མག་གིས་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས18ཉིན་ཏན་མག་གི་རྒྱལ་ས་ཀི་པིན་ཧཱ་ཀིན་ནས་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཏན་མག་གིས་ཀི་ལིན་ལན་གླིང་ཕྲན་འདུས་པའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཏན་མག་གི་དཔོན་རིགས་དང་མཉམ་དུ་ཡོ་རོབ་གླིང་གི་བདེ་འཇགས་དང་འགོག་སྲུང་གནད་དོན་ལ་གྲོས་བསྡུར་བྱས། ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། ངས་ཀི་ལིན་ལན་གྱི་མི་དམངས་དང་ཏན་མག་གི་མི་དམངས་ཚང་མར་གསལ་སྒྲོག་བྱེད་དགོས་པ་ཞིག་ནི། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཏན་མག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧྥུན་ཏི་ལའེ་ཨིན་གྱིས་གཏམ་བཤད་སྤེལ་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ཀི་ལིན་ལན་གླིང་ཕྲན་འདུས་པའི་གླིང་སྣེ་བྱང་མ་ས་ཁུལ་གྱི་ཆབ་སྲིད་འགྲན་རྩོད་གླེང་སྐབས་ནན་གྱིས་བསྟན་དོན། འཇིགས་ཉེན་གྱི་མདུན་ནས་ཡོ་རོབ་གླིང་གིས་ངེས་པར་དུ་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་དགོས། གལ་ཏེ་ཡོ་རོབ་གླིང་འཐབ་འཁྲུག་ལ་གཡོལ་འདོད་ན། ཡོ་རོབ་གླིང་གིས་ངེས་པར་དུ་འཐབ་འཁྲུག་གི་ཆེད་དུ་གྲ་སྒྲིག་བཟང་བོ་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号