དབྱི་སི་རལ་གྱི་ཙུང་ལི་ཡིས་ཧཱ་མཱ་སིར་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུའི་ཚུལ་བསྟན།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས18ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིར་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་མ་ཟད། ཧཱ་མཱ་སིའི་བར་གྱི་གྲོས་མོལ་དེ་དྲག་ཤུགས་ཀྱི་རམ་འདེགས་འོག་སྤེལ་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་ཧཱ་མཱ་འི་ཚར་གཅོད་བྱས་ནས་ཅཱ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་འཇིགས་ཉེན་བཟོ་མི་ཐུབ་པར་ཁག་ཐེག་བྱེད་པ་སོགས དམིགས་འབེན་ཚང་མ་མངོན་འགྱུར་བྱེད་རག་བར་མུ་མཐུད་དུ་འཐབ་འཁྲུག་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། གཟའ་འཁོར་འགའི་རིང་ལ་ཧཱ་མཱ་སི་ཡིས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་བྱ་བར་སྐུལ་འདེད་བཏང་བར་ཕམ་ཉེས་བྱུང་རྗེས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ཡིན། དམག་དོན་གནོན་ཤུགས་ནི་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ཟེར། ཁོས་ད་རུང་ཧཱ་མཱ་སི་ཡིས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་བཏོན་པའི་དུས་རིམ་དང་པོའི་འཁྲུག་རྩོད་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བའི་གྲོས་གཞི་དང་ལེན་མ་བྱས་པར་སྐྱོན་འཛུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号