མཱ་ཁི་ལུང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་ནི་དཔྱད་ཞིབ་དང་དཔྱད་འཇོག་ཆོག་པ་ཞིག་ཡིན་དགོས་པའི་ཚུལ་བསྟན།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་དུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས18ཉིན་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་ནི་དཔྱད་ཞིབ་དང་དཔྱད་འཇོག་ཆོག་པ་ཞིག་ཡིན་དགོས་ཟེར།

བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་བའི་འབྲེལ་ཡོད་ཀྱི་གྲོས་མོལ་གསར་བར་གྲུབ་འབྲས་བཟང་བོ་ཐོབ་པ་དང་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཧྥ་རན་སི་ཡིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། བརྩི་སྲུང་ནན་མོ་བྱེད་པ་དང་དཔྱད་འཇོག་ཐུབ་པའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་ཡུན་རིང་གཏན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་མི་གྲོས་མོལ་ལ་ཞུགས་མེད་པ་ནི་བློ་ཡུལ་ལས་འདས་པ་ཞིག་རེད་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྟན་དོན། མཱ་ཁི་ལུང་གིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་ཙུང་ཐུང་གིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པར་དམིགས་ནས་གོང་གི་སྐད་ཆ་དེ་བཤད་པ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号