སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་དམངས་དང་བརྩེ་བ་སྦྲེལ།
སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་དམངས་སེམས་ལ་དྲོད་ཁོལ་སྦྱིན།
ཟླ་གསུམ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ནམ་ཟླ་རིམ་བཞིན་ཇེ་དྲོར་གྱུར་ཅིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་དྲོ་ཞིང་འཇམ་ལ་ཤུགས་ཆེ་བའི་དཔྱིད་རླུང་ཞིག་དང་འདྲ་བར་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་མགྲོན་མདའ་སྡེ་བའི་གྲུ་ཟུར་རེ་རེར་ལྡང་།ཟླ3པའི་ཚེས12ཉིན་གྱི་ཞོགས་པར། མགྲོན་མདའ་སྡེ་བའི་ཧྲུའུ་ཅི་དང་པོ་དབྱང་ཡུས་ཝུན་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཉི་མ་གཉིས་སྡེ་བའི་ཁྱིམ་ཚང་དུ་སྐྱོད་འགོ་བརྩམས་ཏེ་ཏང་གི་སྲིད་ཇུས་བཟང་པོ་འབྲོག་པ་མང་ཚོགས་རྣམས་ལ་བསྐྱལ་ནས་སོང་། “ཧྲུའུ་ཅི་དཔལ་ལགས། ད་ལོར་ང་ཚོས་ཁྱིམ་ཚང་རེ་རེའི་གནས་ཚུལ་མི་འདྲ་བར་གཞིགས་ནས་སྒྲོག་འགྲེལ་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་དམིགས་གཏད་ཡོད་པའི་སྒོ་ནས་ཁོ་ཚོའི་ཡོང་སྒོ་འཕར་བར་རོགས་རམ་བྱེད་ཐུབ།”“ཧྲུའུ་ཅི་ལགས། འུ་གཉིས་ཀྱི་བསམ་ཚུལ་གཅིག་ཐོག་ཏུ་ཁེལ་འདུག ངས་ད་དུང་ང་ཚོའི་ཏང་ཡོན་རྒན་པ་དང་ཧྲེ་ཀྲང་གཉིས་ལའང་སྐུལ་སློང་བྱས་ནས་ཁོ་ཚོར་ཡང་ང་ཚོ་དང་མཉམ་དུ་སྒྲོག་འགྲེལ་བྱེད་དུ་འཇུག་འདོད། དེ་ལྟར་བྱས་ཚེ་ལས་ཆོད་མཐོར་འདེགས་བྱེད་ཐུབ་པ་མ་ཟད། ཁོ་ཚོས་ཀྱང་ཐེངས་རེ་རེའི་སྒྲོག་འགྲེལ་གྱི་གོ་རིམ་ཁྲོད་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་ཐུབ་ཅིང་། སྲིད་ཇུས་ཀྱི་ཁེ་སྤོགས་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་ཐུབ།”དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས་ད་ལོའི་སྒྲོག་འགྲེལ་འཆར་གཞི་ལ་གྲོས་སྡུར་བྱེད་ཞོར་ཧྲེ་དང་པོའི་ཧྲེ་ཀྲང་མ་ཐན་ལིའང་ཚང་དུ་སོང་།མ་ཐན་ལིའང་ཚང་དུ་སླེབས་པ་ན། ཁང་པ་གཙང་ཞིང་ཅ་ལག་གྲལ་འགྲིག་ལ། བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་ཤིང་། ཅོག་ཙེའི་སྟེང་དུ་སིལ་ཏོག་དང་ཤ་སྐམ། སྐོམ་ཆུ་སོགས་བཟའ་བཏུང་སྣ་ཚོགས་བསྒྲིགས་ཡོད།“ཨ་ཁུ་མ་ལགས། ཁྱེད་ཚང་གིས་ཁྱིམ་ཆས་གསར་པར་བརྗེས་ཡོད་དམ། འབོལ་ཁྲི་གསར་པ་འདི་བལྟས་ན་ཧ་ཅང་ཡག་པོ་འདུག”“འོ་ལེ། ཧྲུའུ་ཅི་དབྱང་ལགས། ལོ་འདི་གཉིས་ཀྱི་རིང་ལ་ཁྱིམ་ཚང་འབྱོར་པོ་ཆགས་པས་ཟླ་སྔོན་མར་བུ་དང་ངེད་གཉིས་ཀྱིས་སྔོན་གྱི་ཁྱིམ་ཆས་རྙིང་པ་རྣམས་བརྗེས་པ་ཡིན།”“ཧ་ཅང་བཟང་གི ད་ལོར་ལེགས་པོར་སྒྲུབས། བརྙན་འཕྲིན་ཆེན་པོ་ཞིག་ཏུ་བརྗེ་བར་བརྩོན་ལེན་བྱོས།”ཁྱིམ་དུ་འཛུལ་རྗེས་དབྱང་ཡུས་ཝུན་དང་མ་ཐན་ལིའང་གཉིས་ཀྱིས་འཚོ་བའི་སྐོར་གྱི་ཁ་བརྡ་བྱས།ད་ལོར་ལོ57ཡིན་པའི་མ་ཐན་ལིའང་ཚང་ལ་ཁྱིམ་མི6ཡོད་ཅིང་། བུ་གསུམ་དང་བུ་མོ་གཅིག་ཡོད་ལ། ཁྱིམ་ཚང་གང་བོའི་ཡོང་སྒོ་ནི་གཙོ་བོ་རྒན་རྒོན་གཉིས་ཀྱིས་གྲོང་ཁྱེར་དུ་གླ་རྒྱག་པ་དང་ཁྱིམ་གྱི་ནོར་གནག30ལ་བརྟེན་ཡོད། ལོ་འགའི་སྔོན་ལ། བྱིས་པ་བཞི་ཡིས་སྔ་ཕྱིར་སློབ་ཆེན་ལ་རྒྱུགས་འཕྲོད་པས་ཁྱིམ་ཚང་གི་འགྲོ་སོང་དེ་མ་ཐག་ཇེ་མང་དུ་སོང་ཞིང་རྒན་རྒོན་གཉིས་ཀྱི་ཁུར་པོ་ཡང་སྔར་ལས་ཇེ་ལྕི་རུ་གྱུར། ལོ་འདི་གཉིས་ཀྱི་རིང་ལ། བུ་གཉིས་དང་བུ་མོ་བཅས་སྔ་ཕྱིར་མཐར་ཕྱིན་ནས་བྱ་བར་ཞུགས་པ་དང་བསྟུན་ནས་ཁྱིམ་ཚང་གང་བོའི་འཚོ་བ་ཡང་ཇེ་བཟང་དུ་སོང་།མ་ཐན་ལིའང་ཚང་གི་གནས་ཚུལ་ལ་དམིགས་ནས་དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་བརྗོད་དོན་ལ་ཞུགས་འགོ་བརྩམས། ཁོ་གཉིས་ཀྱིས་བོད་རྒྱ་སྐད་གཉིས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་སྲུང་སོགས་ཀྱི་ནང་དོན་ལ་དམིགས་ཏེ་དོན་ཟབ་གོ་སླའི་ངང་ནས་སྒྲོག་འགྲེལ་བྱས།“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་གླེང་ཡོད་པ་སྟེ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས། འདིར་གླེང་བཞིན་པ་ནི་ང་ཚོའི་སྡེ་བའི་ཐོན་ལས་གསར་པ་མིན་ནམ།སྔོན་ཆད་ང་ཚོ་མགྲོན་མདའ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་འཕར་བའི་ཐབས་ལམ་ཅུང་སྣ་རྐྱང་ཡིན་ཞིང་། སྒོས་སུ་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་སྡེ་བ་གཞན་དང་བསྡུར་ན་ད་དུང་བར་ཐག་ཡོད་པ་ཁྱོད་ཀྱིས་ཀྱང་ཤེས། འོན་ཀྱང་ང་ཚོས་ན་ནིང་ནས་བཟུང་སྟེ་སྡེ་བའི་ནང་གི་རི་བོ་ཆེའི་གཞན་ལ་མེད་པའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་པ་དང་། རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་མཐུན་སྦྱོར་རོགས་རམ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཁྱིམ་འབྱོར་ཐོན་ལས་མ་དངུལ་སྒོར་ཁྲི150བཏང་སྟེ་ང་ཚོའི་རི་བོ་ཆེའི་སྒར་ས་བསྐྲུན། ན་ནིང་གི་ལོ་མཇུག་བར་སྒོར་ཁྲི40ཡི་ཡོང་སྒོ་ཡོད་པས་སྡེ་མི་རྣམས་ལ་ཁེ་སྤོགས་བགོ་རྒྱུ་ཇེ་མང་དུ་སོང་། ད་ལོར་སྡེ་བས་ད་དུང་སྒར་ས་རྒྱ་བསྐྱེད་དེ་སྒར་སའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སྔར་ལས་མཐོར་འདེགས་བྱ་རྒྱུ་ཡིན།……”དབྱང་ཡུས་ཝུན་གྱིས་མགྲོན་མདའ་སྡེ་བའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་སྤྱད་དེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་སྲིད་ཇུས་ཀློག་འགྲེལ་མཐར་ཕྱིན་པ་བྱས།མ་ཐན་ལིའང་ཚང་གི་ཁྱིམ་མི་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན་ཡོད་ཅིང་དུས་ངེས་མེད་དུ་མགོ་ལྕོག་ལྡེམ་ཞོར་མོས་མཐུན་ཡོད་པའི་བརྡ་སྟོན་བཞིན་ཡོད། “ཧྲུའུ་ཅི་དབྱང་ལགས། ཁྱེད་ཀྱིས་འདི་ལྟར་བཤད་ཚེ་ངས་གོ་བ་གསལ་པོར་ལོན་ཐུབ། ན་ནིང་ཁེ་སྤོགས་བགོ་དུས་ངེད་ཚང་ལ་སྒོར་སྟོང་དྲུག་ལྷག་བགོས་བྱུང་། ངེད་ཚང་གི་བུ་འབྲིང་བས་ཀྱང་སྒར་སར་བྱ་བ་ལས་བཞིན་ཡོད་ལ་ཟླ་རེར་གླ་ཕོགས་སུམ་སྟོང་ཡིན། ད་ལོར་ཡང་ངས་ཁོ་མུ་མཐུད་དུ་སྒར་སར་འགྲོ་རུ་འཇུག་རྩིས་ཡོད།”ཅེས་མ་ཐན་ལིའང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད།“གནད་དོན་མེད། སྡེ་བ་འཕེལ་རྒྱས་སུ་འགྲོ་དགོས་ན་ཁོ་ཚོ་ལྟ་བུའི་ཡུལ་ལོག་སློབ་ཆེན་སློབ་མའི་རྒྱབ་སྐྱོར་མཁོ། དེ་རིང་ཡོང་ནས་ད་དུང་གཏམ་བཟང་ཞིག་ཁྱོད་ལ་གྲོས་སྡུར་བྱ་རྒྱུ་ཡོད།”དབྱང་ཡུས་ཝུན་གྱིས་མུ་མཐུད་དུ་གོ་སྐབས་དང་བསྟུན་ནས་བཤད་རྒྱུར། “ད་ལོར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་ར་དང་རྩྭ་གསོག་ར་བ། ཉལ་ཁང་བཅས་ལས་ཡོད་པ་དང་། སྲིད་གཞུང་གིས་ད་དུང་སྡེ་བར་ནོར་གནག150བགོས་པས། མིག་སྔར་མཉམ་ལས་ཁང་འཁོར་རྒྱུག་བྱས་པ་ཤིན་ཏུ་བཟང་། ང་དང་ཧྲུའུ་ཅི་དཔལ་གཉིས་ཀྱིས་གྲོས་བྱས་ཟིན། སྡེ་བའི་ནང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཚང་མར་རང་ཁྱིམ་གྱི་ཕྱུགས་ཟོག་མཉམ་ལས་ཁང་དུ་མ་རྐང་ལ་འཇོག་ཏུ་འཇུག་འདོད་པ་ཡིན། ཚང་མའི་སྟོབས་ཤུགས་ཐག་པ་གཅིག་གི་སྟེང་དུ་བསྒྲིལ་ཚེ་ཁྱོད་ཚོ་ཡང་ཉིན་རྒྱུན་ནོར་གནག་གི་མཐའ་བསྐོར་ནས་འདུག་མི་དགོས་ཤིང་། ཁྱོད་ཀྱང་གྲོང་ཁྱེར་དུ་སོང་ནས་གླ་རེ་རྒྱག་ཆོག་ལ། ལོ་མཇུག་ལ་སླེབས་ཚེ་མཉམ་ལས་ཁང་དུ་ད་དུང་ཁེ་སྤོགས་བགོ་རྒྱུ་གཅིག་གིས་ཇེ་མང་དུ་འགྲོ་བ་ཡིན།”“ངོ་མ་ཡིན་ནམ། ཧྲུའུ་ཅི་དབྱང་ལགས། ངེད་ཚང་མ་རྐང་འཇོག་པར་འཐད་པ་ཡིན། ད་ལྟ་རྒས་སོང་བས་ཉིན་རྒྱུན་རི་མགོ་དང་རི་འདབས་སུ་སོང་ནས་ཕྱུགས་འཚོས་ན་ལུས་ཕུང་གིས་མི་ལྕོགས་མོད། འོན་ཀྱང་ཁྱིམ་གྱི་ནོར་གནག30ལ་ལོ་རེར་སྒོར་ཁྲི2ཀྱི་ཡོང་སྒོ་ཡོད་པས་ད་བར་དུ་བསྐྱུར་མ་ཕོད། ད་ནི་ལེགས་པོ་འདུག མཉམ་ལས་ཁང་དུ་མ་རྐང་བཞག་ན་ང་ཚོའི་སེམས་བདེ་ཞིང་ལས་ཀ་གཞན་པ་སྒྲུབ་ཁོམ་ཡང་ཡོད།”དབྱང་ཡུས་ཝུན་གྱི་སྐད་ཆར་མཉན་རྗེས་མ་ཐན་ལིའང་དགའ་སྤྲོས་ཁེངས།སྔ་དྲོ་ཧྲིལ་པོའི་སྒྲོག་འགྲེལ་བརྒྱུད་ནས་དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས“ཁ་གསལ་གོ་བདེའི་སྐད་ཆ”བཤད་ཅིང་། “འཕེལ་རྒྱས་ཀྱི་ལམ”ལེགས་འགོད་བྱས་པས། མ་ཐན་ལིའང་ཁྱིམ་མི་གང་བོར་ད་ལོའི་ཐོན་ལས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་སུ་བཅུགདབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་མ་ཐན་ལིའང་ཚང་ནས་སྒོར་ཐོན་རྗེས་ངལ་གསོ་ཁོམ་ཡང་མ་བྱུང་བར་ཁྱིམ་ཚང་གཞན་ཞིག་གི་ཕྱོགས་སུ་སོང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དུས་ཚོད་དང་པོར་སྡེ་བའི་ཁྱིམ་ཚང་རེ་རེར་བརྒྱུད་སྤྲོད་བྱས་དང་བྱེད་བཞིན་ཡོད། །
ཟླ་གསུམ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ནམ་ཟླ་རིམ་བཞིན་ཇེ་དྲོར་གྱུར་ཅིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་དྲོ་ཞིང་འཇམ་ལ་ཤུགས་ཆེ་བའི་དཔྱིད་རླུང་ཞིག་དང་འདྲ་བར་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་མགྲོན་མདའ་སྡེ་བའི་གྲུ་ཟུར་རེ་རེར་ལྡང་།
ཟླ3པའི་ཚེས12ཉིན་གྱི་ཞོགས་པར། མགྲོན་མདའ་སྡེ་བའི་ཧྲུའུ་ཅི་དང་པོ་དབྱང་ཡུས་ཝུན་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཉི་མ་གཉིས་སྡེ་བའི་ཁྱིམ་ཚང་དུ་སྐྱོད་འགོ་བརྩམས་ཏེ་ཏང་གི་སྲིད་ཇུས་བཟང་པོ་འབྲོག་པ་མང་ཚོགས་རྣམས་ལ་བསྐྱལ་ནས་སོང་།
“ཧྲུའུ་ཅི་དཔལ་ལགས། ད་ལོར་ང་ཚོས་ཁྱིམ་ཚང་རེ་རེའི་གནས་ཚུལ་མི་འདྲ་བར་གཞིགས་ནས་སྒྲོག་འགྲེལ་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་དམིགས་གཏད་ཡོད་པའི་སྒོ་ནས་ཁོ་ཚོའི་ཡོང་སྒོ་འཕར་བར་རོགས་རམ་བྱེད་ཐུབ།”
“ཧྲུའུ་ཅི་ལགས། འུ་གཉིས་ཀྱི་བསམ་ཚུལ་གཅིག་ཐོག་ཏུ་ཁེལ་འདུག ངས་ད་དུང་ང་ཚོའི་ཏང་ཡོན་རྒན་པ་དང་ཧྲེ་ཀྲང་གཉིས་ལའང་སྐུལ་སློང་བྱས་ནས་ཁོ་ཚོར་ཡང་ང་ཚོ་དང་མཉམ་དུ་སྒྲོག་འགྲེལ་བྱེད་དུ་འཇུག་འདོད། དེ་ལྟར་བྱས་ཚེ་ལས་ཆོད་མཐོར་འདེགས་བྱེད་ཐུབ་པ་མ་ཟད། ཁོ་ཚོས་ཀྱང་ཐེངས་རེ་རེའི་སྒྲོག་འགྲེལ་གྱི་གོ་རིམ་ཁྲོད་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་ཐུབ་ཅིང་། སྲིད་ཇུས་ཀྱི་ཁེ་སྤོགས་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་ཐུབ།”དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས་ད་ལོའི་སྒྲོག་འགྲེལ་འཆར་གཞི་ལ་གྲོས་སྡུར་བྱེད་ཞོར་ཧྲེ་དང་པོའི་ཧྲེ་ཀྲང་མ་ཐན་ལིའང་ཚང་དུ་སོང་།
མ་ཐན་ལིའང་ཚང་དུ་སླེབས་པ་ན། ཁང་པ་གཙང་ཞིང་ཅ་ལག་གྲལ་འགྲིག་ལ། བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་ཤིང་། ཅོག་ཙེའི་སྟེང་དུ་སིལ་ཏོག་དང་ཤ་སྐམ། སྐོམ་ཆུ་སོགས་བཟའ་བཏུང་སྣ་ཚོགས་བསྒྲིགས་ཡོད།
“ཨ་ཁུ་མ་ལགས། ཁྱེད་ཚང་གིས་ཁྱིམ་ཆས་གསར་པར་བརྗེས་ཡོད་དམ། འབོལ་ཁྲི་གསར་པ་འདི་བལྟས་ན་ཧ་ཅང་ཡག་པོ་འདུག”
“འོ་ལེ། ཧྲུའུ་ཅི་དབྱང་ལགས། ལོ་འདི་གཉིས་ཀྱི་རིང་ལ་ཁྱིམ་ཚང་འབྱོར་པོ་ཆགས་པས་ཟླ་སྔོན་མར་བུ་དང་ངེད་གཉིས་ཀྱིས་སྔོན་གྱི་ཁྱིམ་ཆས་རྙིང་པ་རྣམས་བརྗེས་པ་ཡིན།”
“ཧ་ཅང་བཟང་གི ད་ལོར་ལེགས་པོར་སྒྲུབས། བརྙན་འཕྲིན་ཆེན་པོ་ཞིག་ཏུ་བརྗེ་བར་བརྩོན་ལེན་བྱོས།”ཁྱིམ་དུ་འཛུལ་རྗེས་དབྱང་ཡུས་ཝུན་དང་མ་ཐན་ལིའང་གཉིས་ཀྱིས་འཚོ་བའི་སྐོར་གྱི་ཁ་བརྡ་བྱས།
ད་ལོར་ལོ57ཡིན་པའི་མ་ཐན་ལིའང་ཚང་ལ་ཁྱིམ་མི6ཡོད་ཅིང་། བུ་གསུམ་དང་བུ་མོ་གཅིག་ཡོད་ལ། ཁྱིམ་ཚང་གང་བོའི་ཡོང་སྒོ་ནི་གཙོ་བོ་རྒན་རྒོན་གཉིས་ཀྱིས་གྲོང་ཁྱེར་དུ་གླ་རྒྱག་པ་དང་ཁྱིམ་གྱི་ནོར་གནག30ལ་བརྟེན་ཡོད། ལོ་འགའི་སྔོན་ལ། བྱིས་པ་བཞི་ཡིས་སྔ་ཕྱིར་སློབ་ཆེན་ལ་རྒྱུགས་འཕྲོད་པས་ཁྱིམ་ཚང་གི་འགྲོ་སོང་དེ་མ་ཐག་ཇེ་མང་དུ་སོང་ཞིང་རྒན་རྒོན་གཉིས་ཀྱི་ཁུར་པོ་ཡང་སྔར་ལས་ཇེ་ལྕི་རུ་གྱུར། ལོ་འདི་གཉིས་ཀྱི་རིང་ལ། བུ་གཉིས་དང་བུ་མོ་བཅས་སྔ་ཕྱིར་མཐར་ཕྱིན་ནས་བྱ་བར་ཞུགས་པ་དང་བསྟུན་ནས་ཁྱིམ་ཚང་གང་བོའི་འཚོ་བ་ཡང་ཇེ་བཟང་དུ་སོང་།
མ་ཐན་ལིའང་ཚང་གི་གནས་ཚུལ་ལ་དམིགས་ནས་དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་བརྗོད་དོན་ལ་ཞུགས་འགོ་བརྩམས། ཁོ་གཉིས་ཀྱིས་བོད་རྒྱ་སྐད་གཉིས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་སྲུང་སོགས་ཀྱི་ནང་དོན་ལ་དམིགས་ཏེ་དོན་ཟབ་གོ་སླའི་ངང་ནས་སྒྲོག་འགྲེལ་བྱས།
“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དུ་གླེང་ཡོད་པ་སྟེ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་གཞི་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས། འདིར་གླེང་བཞིན་པ་ནི་ང་ཚོའི་སྡེ་བའི་ཐོན་ལས་གསར་པ་མིན་ནམ།སྔོན་ཆད་ང་ཚོ་མགྲོན་མདའ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་འཕར་བའི་ཐབས་ལམ་ཅུང་སྣ་རྐྱང་ཡིན་ཞིང་། སྒོས་སུ་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་སྡེ་བ་གཞན་དང་བསྡུར་ན་ད་དུང་བར་ཐག་ཡོད་པ་ཁྱོད་ཀྱིས་ཀྱང་ཤེས། འོན་ཀྱང་ང་ཚོས་ན་ནིང་ནས་བཟུང་སྟེ་སྡེ་བའི་ནང་གི་རི་བོ་ཆེའི་གཞན་ལ་མེད་པའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་པ་དང་། རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་མཐུན་སྦྱོར་རོགས་རམ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཁྱིམ་འབྱོར་ཐོན་ལས་མ་དངུལ་སྒོར་ཁྲི150བཏང་སྟེ་ང་ཚོའི་རི་བོ་ཆེའི་སྒར་ས་བསྐྲུན། ན་ནིང་གི་ལོ་མཇུག་བར་སྒོར་ཁྲི40ཡི་ཡོང་སྒོ་ཡོད་པས་སྡེ་མི་རྣམས་ལ་ཁེ་སྤོགས་བགོ་རྒྱུ་ཇེ་མང་དུ་སོང་། ད་ལོར་སྡེ་བས་ད་དུང་སྒར་ས་རྒྱ་བསྐྱེད་དེ་སྒར་སའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སྔར་ལས་མཐོར་འདེགས་བྱ་རྒྱུ་ཡིན།……”
དབྱང་ཡུས་ཝུན་གྱིས་མགྲོན་མདའ་སྡེ་བའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་སྤྱད་དེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་སྲིད་ཇུས་ཀློག་འགྲེལ་མཐར་ཕྱིན་པ་བྱས།
མ་ཐན་ལིའང་ཚང་གི་ཁྱིམ་མི་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་བཞིན་ཡོད་ཅིང་དུས་ངེས་མེད་དུ་མགོ་ལྕོག་ལྡེམ་ཞོར་མོས་མཐུན་ཡོད་པའི་བརྡ་སྟོན་བཞིན་ཡོད། “ཧྲུའུ་ཅི་དབྱང་ལགས། ཁྱེད་ཀྱིས་འདི་ལྟར་བཤད་ཚེ་ངས་གོ་བ་གསལ་པོར་ལོན་ཐུབ། ན་ནིང་ཁེ་སྤོགས་བགོ་དུས་ངེད་ཚང་ལ་སྒོར་སྟོང་དྲུག་ལྷག་བགོས་བྱུང་། ངེད་ཚང་གི་བུ་འབྲིང་བས་ཀྱང་སྒར་སར་བྱ་བ་ལས་བཞིན་ཡོད་ལ་ཟླ་རེར་གླ་ཕོགས་སུམ་སྟོང་ཡིན། ད་ལོར་ཡང་ངས་ཁོ་མུ་མཐུད་དུ་སྒར་སར་འགྲོ་རུ་འཇུག་རྩིས་ཡོད།”ཅེས་མ་ཐན་ལིའང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད།
“གནད་དོན་མེད། སྡེ་བ་འཕེལ་རྒྱས་སུ་འགྲོ་དགོས་ན་ཁོ་ཚོ་ལྟ་བུའི་ཡུལ་ལོག་སློབ་ཆེན་སློབ་མའི་རྒྱབ་སྐྱོར་མཁོ། དེ་རིང་ཡོང་ནས་ད་དུང་གཏམ་བཟང་ཞིག་ཁྱོད་ལ་གྲོས་སྡུར་བྱ་རྒྱུ་ཡོད།”དབྱང་ཡུས་ཝུན་གྱིས་མུ་མཐུད་དུ་གོ་སྐབས་དང་བསྟུན་ནས་བཤད་རྒྱུར། “ད་ལོར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་ར་དང་རྩྭ་གསོག་ར་བ། ཉལ་ཁང་བཅས་ལས་ཡོད་པ་དང་། སྲིད་གཞུང་གིས་ད་དུང་སྡེ་བར་ནོར་གནག150བགོས་པས། མིག་སྔར་མཉམ་ལས་ཁང་འཁོར་རྒྱུག་བྱས་པ་ཤིན་ཏུ་བཟང་། ང་དང་ཧྲུའུ་ཅི་དཔལ་གཉིས་ཀྱིས་གྲོས་བྱས་ཟིན། སྡེ་བའི་ནང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཚང་མར་རང་ཁྱིམ་གྱི་ཕྱུགས་ཟོག་མཉམ་ལས་ཁང་དུ་མ་རྐང་ལ་འཇོག་ཏུ་འཇུག་འདོད་པ་ཡིན། ཚང་མའི་སྟོབས་ཤུགས་ཐག་པ་གཅིག་གི་སྟེང་དུ་བསྒྲིལ་ཚེ་ཁྱོད་ཚོ་ཡང་ཉིན་རྒྱུན་ནོར་གནག་གི་མཐའ་བསྐོར་ནས་འདུག་མི་དགོས་ཤིང་། ཁྱོད་ཀྱང་གྲོང་ཁྱེར་དུ་སོང་ནས་གླ་རེ་རྒྱག་ཆོག་ལ། ལོ་མཇུག་ལ་སླེབས་ཚེ་མཉམ་ལས་ཁང་དུ་ད་དུང་ཁེ་སྤོགས་བགོ་རྒྱུ་གཅིག་གིས་ཇེ་མང་དུ་འགྲོ་བ་ཡིན།”
“ངོ་མ་ཡིན་ནམ། ཧྲུའུ་ཅི་དབྱང་ལགས། ངེད་ཚང་མ་རྐང་འཇོག་པར་འཐད་པ་ཡིན། ད་ལྟ་རྒས་སོང་བས་ཉིན་རྒྱུན་རི་མགོ་དང་རི་འདབས་སུ་སོང་ནས་ཕྱུགས་འཚོས་ན་ལུས་ཕུང་གིས་མི་ལྕོགས་མོད། འོན་ཀྱང་ཁྱིམ་གྱི་ནོར་གནག30ལ་ལོ་རེར་སྒོར་ཁྲི2ཀྱི་ཡོང་སྒོ་ཡོད་པས་ད་བར་དུ་བསྐྱུར་མ་ཕོད། ད་ནི་ལེགས་པོ་འདུག མཉམ་ལས་ཁང་དུ་མ་རྐང་བཞག་ན་ང་ཚོའི་སེམས་བདེ་ཞིང་ལས་ཀ་གཞན་པ་སྒྲུབ་ཁོམ་ཡང་ཡོད།”དབྱང་ཡུས་ཝུན་གྱི་སྐད་ཆར་མཉན་རྗེས་མ་ཐན་ལིའང་དགའ་སྤྲོས་ཁེངས།
སྔ་དྲོ་ཧྲིལ་པོའི་སྒྲོག་འགྲེལ་བརྒྱུད་ནས་དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་ཀྱིས“ཁ་གསལ་གོ་བདེའི་སྐད་ཆ”བཤད་ཅིང་། “འཕེལ་རྒྱས་ཀྱི་ལམ”ལེགས་འགོད་བྱས་པས། མ་ཐན་ལིའང་ཁྱིམ་མི་གང་བོར་ད་ལོའི་ཐོན་ལས་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་སུ་བཅུག
དབྱང་ཡུས་ཝུན་དང་དཔལ་ཉི་མ་གཉིས་མ་ཐན་ལིའང་ཚང་ནས་སྒོར་ཐོན་རྗེས་ངལ་གསོ་ཁོམ་ཡང་མ་བྱུང་བར་ཁྱིམ་ཚང་གཞན་ཞིག་གི་ཕྱོགས་སུ་སོང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དུས་ཚོད་དང་པོར་སྡེ་བའི་ཁྱིམ་ཚང་རེ་རེར་བརྒྱུད་སྤྲོད་བྱས་དང་བྱེད་བཞིན་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注