མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་ནང་དཀའ་ཁག་ཆེ་བའི་མང་ཚོགས་ལ་སྒོས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་དགུ་ཡིས་རོགས་སྐྱོར་བྱས།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པའི་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་ཤེས་གསལ་ལྟར་ན། ལོ་ལྔའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་རིགས་སོ་སོའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་དགུ་ཡིས་རོགས་སྐྱོར་འདོན་སྤྲོད་བྱས། དཀའ་ངལ་ཡོད་པའི་མང་ཚོགས་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དགུ་ལ་རོགས་སྐྱོབ་བྱས་པ་ལས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་བཅུག་ཡོད།

ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་མཐའ་འཁོབ་ཀྱི་འགན་ལེན་སྲིད་ཇུས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་བྱེད་ཤུགས་རྒྱུན་ཆད་མེད་པར་རུ་བཏང་བ་དང་། གྲངས་གཞིའི་བསྡུར་གྲངས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་ཁྱིམ་ཚང་འབུམ་ལྔ་དང་ཁྲི་གཉིས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སུ་བཞག་པ་དང་། དབུལ་ཐར་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་ཁྱིམ་ཚང་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་སྟོང་བཞི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཞག་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དེ་ཟླ་རེར་སྒོར་ལྔ་བརྒྱ་བརྒྱད་ཅུ་ནས་སྒོར་བདུན་བརྒྱ་རུ་ཇེ་མཐོར་བཏང་ནས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་འཕར་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དེ་ལོ་རེར་སྒོར་སྟོང་བཞི་སུམ་བརྒྱ་ནས་སྒོར་སྟོང་ལྔ་དྲུག་བརྒྱ་དོན་དྲུག་རུ་འཕར་ནས་འཕར་ཚད་བརྒྱ་ཆའི་སོ་གཉིས་ཟིན་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་ཟླ་རེར་སྒོར་བརྒྱད་བརྒྱ་བདུན་ཅུ་ནས་སྒོར་སྟོང་གཅིག་ལྔ་བཅུ་རུ་ཇེ་མཐོར་བཏང་ཡོད། གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞི་དེ་ལོ་རེའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞིའི་ལྡབ་ལྔའི་བར་མཐོ་རུ་ཕྱིན་ཡོད་པ་རེད།

ལོ་ལྔའི་རིང་། དྭ་ཕྲུག་དང་དོན་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པ་སོགས་དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དྲུག་བཏང་བ་དང་། “རྒྱན་ཤོག་གིས་ཕུགས་བསམ་མངོན་འགྱུར་བྱེད་པ་ཞེས་པའི་དྭ་ཕྲུག་གི་སློབ་རོགས་བཟོ་སྐྲུན”ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་བརྒྱུད་དྭ་ཕྲུག་གི་སློབ་གསོའི་ཐད་ཀྱི་རོགས་སྐྱོར་འགན་ལེན་བྱས་པ་དང་། དབང་པོ་སྐྱོན་ཅན་གྱི་དྭ་ཕྲུག་ལ་གཤགས་བཅོས་དང་སྨན་བཅོས་བྱེད་པར་ཞབས་ཞུ་མཁོ་སྤྲོད་བྱས་པ། དྭ་ཕྲུག་གི་བདེ་ཐང་སླར་གསོ་དང་རང་ཚུགས་ཐུབ་རྒྱུར་རོགས་རམ་གང་ཐུབ་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་རོགས་རམ་ཆེན་པོ་བྱས། དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཞབས་ཞུ་འགན་ལེན་ལེགས་པོ་བྱས་ཏེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་གསུམ་སྟོང་བདུན་དང་གཉིས་ལ་ཁམས་གསོའི་རམ་འདེགས་ཡོ་བྱད་སྟོང་གསུམ་བདུན་བརྒྱ་ང་གསུམ་རིན་མེད་ངང་སྤྲད་པ་དང་། རྐང་ལག་སྐྱོན་ཅན་གྱི་ནད་པ་བརྒྱད་བརྒྱ་བཅུ་བཞི་ལ་གཤགས་བཅོས་དང་ཁམས་གསོའི་སྨན་བཅོས་བྱས་ཏེ་དབང་པོ་སྐྱོན་ཅན་སྤྱི་ཚོགས་སུ་ཞུགས་པར་རོགས་རམ་བྱས།

“མི་གཅིག་འགན་སྲུང་བྱེད་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་ལུས་ཁྱིམ་ཚང་ཁྲོད་ཀྱི་ནད་ལྕི་མོ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན། སློབ་ཆེན་སློབ་མ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁྱབ་ཁོངས་སུ་བཞག་པ་དང་། རིམ་པ་ལྔ་བ་དང་རིམ་པ་དྲུག་པའི་ཡན་གྱི་ས་ཁུལ་གྱི་རྒན་རྒོན་ལ“ངལ་རྩོལ་བྱེད་ནུས་མེད་པའི”ངོས་འཛིན་གཏན་འཁེལ་གྱི་ལོ་ཚད་དམངས་སྲིད་པུའུ་ཡིས་གཏན་འཁེལ་བྱས་པའི་ལོ་དྲུག་ཅུ་ནས་ལོ་ང་ལྔའི་ཡན་བར་ཇེ་རིང་དུ་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号