མདོ་ལ་རྫོང་གི་གཞི་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩལ།
ཉེ་བའི་ལོ་ཤས་རིང་། རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ཆེན་པོའི་ཤུགས་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བྱུང་། མདོ་ལ་རྫོང་གིས་དུས་རབས་གསར་བའི་འཐབ་ལམ་གསར་བར་གཞི་ཚུགས་ཤིང་། རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་རྒྱུན་འཁྱོངས་སྒོས་གནས་མང་ཤུགས་འདོན་དང་། ཐབས་མང་མཉམ་སྤྱད་བརྒྱུད་ཚོང་འགུག་མ་འདྲེན་དང་དམའ་ས་ཡུལ་སྐོར། སྐྱེ་ཁམས་ཞིབ་སློབ། ཆས་རྟགས་བསྐྲུན་པ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་བསྣན་ཞིང་། རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་མདོ་ལའི་པར་གཞི་བསྐྲུན་པར་རྨང་གཞི་བརྟན་པོ་བཞག་ལ་ཕན་འབྲས་མངོན་གསལ་ཐོན།ཚོང་འགུག་མ་འདྲེན་ཤུགས་ཆེན་པོས་སྤེལ་ནས་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་། ཞིང་ཨུའི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་མ་འདྲེན་ལས་དོན་ས་གནས་དང་བསྟུན་པའི་གཞི་གསར་ཐོན་སྐྱེད་ནུས་ཤུགས་ལ་སྔར་བས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ལ་ཆེད་དོན་གྱིས་ཞིབ་འཇུག་བྱས། མདོ་ལའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས་རེ་རེ་བཞིན་ཞིབ་བསྡུར་དབྱེ་ཞིབ་བརྒྱུད་ཁ་ཕྱོགས་དང་སྲིད་ཇུས། བྱེད་ཐབས་བཙལ། ཚོང་འགུག་མ་འདྲེན་གྱི་ལས་དོན་ཇུས་གཞི་བཟོས་ནས་ཆེད་དོན་ཚན་པ་བཙུགས། རྫོང་རིམ་པའི་འགོ་ཁྲིད་ནི་ཚན་གཙོ་ཡིན་པའི“སྦྲེལ་ཐག་དཔོན+ཐོན་ལས་སྦྲེལ་ཐག་གི་སྣེ་ཁྲིད་ཚན་པ+སྦྲེལ་ཐག་བྱེད་པོ་ཁེ་ལས+ཞབས་ཞུའི་ཚོགས་ཁག”ལམ་སྲོལ་ལྟར་ལས་དོན་སྤེལ། སྐྱེ་ཁམས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་གོ་སྐབས་སུ་བྱས་ཤིང་། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་གཞི་རྟེན་དུ་བྱས། ཁྱད་ཆོས་འབུར་དུ་ཐོན་པའི་ཁེ་ལས་རྩེ་གྲ་བསྐྲུན་ཞིང་། 5Aརིམ་པའི་མཛེས་ལྗོངས་ཁུལ1དང་། 4Aརིམ་པའི་མཛེས་ལྗོངས་ཁུལ1 3Aརིམ་པའི་མཛེས་ལྗོངས་ཁུལ2 2Aརིམ་པའི་མཛེས་ལྗོངས་ཁུལ2ཀྱི་རྨང་གཞིའི་སྟེང་ལབ་ཙེ་སྒང་དང་བློན་པོ་བྱ་རྒོད3Aརིམ་པའི་མཛེས་ལྗོངས་ཁུལ2དང་། 2Aརིམ་པའི་ཨ་རིག་དགོན་པའི་ལྗོངས་ཁུལ་གསར་བ་འདོན་སྤེལ་བྱས། རྫ་དམར་སྐྱེ་ཁམས་ཁམས་གསོ་ལས་གཞི་མགྱོགས་མྱུར་གྱིས་སྐུལ་སྤེལ་བཏང་། ཐོན་ལས་གྲུབ་སྟངས་ལེགས་སྒྱུར་དང་ཐོན་རྫས་མ་ལག་ཇེ་མང་དུ་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་སྐུལ་འདེད་གྱི་ནུས་པ་ཐོན།དམའ་ས་དཔལ་འབྱོར་འཕེལ་རྒྱས་འཚོལ་ཞིབ་བརྒྱུད་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོའི་ཁོར་ཡུག་གསར་བ་གསོ་སྐྱོང་བྱས། “གནམ་གྲུ་ཐང+”མཉམ་འདྲེས་འཕེལ་རྒྱས་འཚོལ་ཞིབ་སྐུལ་འདེད་ཧུར་ཐག་བཏང་ནས། ས་གནས་རིག་གནས་ཡུལ་སྐོར་དང་གནམ་གྲུ་ཐང་། ཡུལ་སྐོར་ཁང་མཉམ་ལས་གཉེར་སྐྱོང་རྣམ་པ་ཧུར་ཐག་གིས་བསྐྲུན། “མཁའ་འགྲུལ+ཡུལ་སྐོར”གྱི་ཐོན་ལས་སྦྲེལ་ཐག་རྒྱ་བསྐྱེད་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་བསླངས། “མདོ་ལའི་ཉིན་གཅིག་ཡུལ་སྐོར”“འཇུ་ལག+མདོ་ལའི་ཉིན་གཉིས་ཡུལ་སྐོར”སོགས་ཀྱི་མཁའ་འགྲུལ་ཐོན་རྫས་བཏོན་ཞིང་། འགྲོ་སོང་མར་བཅག་རྗེས་གནམ་གྲུ་ཐང་གི་འགྲུལ་བའི་འཁོར་རྒྱུག་ཚད་སྔོན་དང་བསྡུར་ན1025%ཡི་འཕར་བ་དང་། “འཕུར་སྐྱོད་པ་ཆུང་ཆུང”“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ”སོགས་ན་གཞོན་ཞིབ་སློབ་ཡུལ་སྐོར་དང་། མཚོ་སྔོན་མཁའ་འགྲུལ་མཉམ་འབྲེལ་གྱི་མི་དམངས་མཁའ་འགྲུལ་ལྗོངས་ཁུལ་དུ་བསྐྱོད་པའི་ཐད་གཏོང་བྱེད་སྒོ་སྤེལ། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་ཇུས་འདོན་པུའུ་དང་སྦྲེལ་མཐུད་བརྒྱུད་བཙུན་མོ་གཞོང་གྲོང་རྡལ་ཁ་སྒང་སྡེ་བ་དང་བཙུན་མོ་དམར་ཡག་མའི་ལྗོངས་ཁུལ་གྱི་གནས་སྐབས་འབབ་འཕུར་གནས2ལ་ཆོག་མཆན་ཐོབ། གངས་འཁྱགས་དུས་ཚིགས་སུ་ཁེ་ལས་དྲངས་ནས་དམའ་ས་དཔལ་འབྱོར་སོགས་ཚོད་ལྟ་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་བ་རྒྱ་བསྐྱེད། མདོ་ལའི་གནམ་གྲུ་ཐང་ལ་བརྟེན་ནས་དམའ་ས་དཔལ་འབྱོར་དང་དངོས་ཟོང་མྱུར་སྐྱེལ། འཕྲལ་སེལ་རོགས་སྐྱོབ། མེ་འགོག་མེ་གསོད། འབྲུབ་འགོག་སྐོར་ཞིབ། འགྲིམ་འགྲུལ་ཤར་གཏོང་། རྩྭ་འདེབས་ལུད་གཏོར་སོགས་ལས་སྒོའི་ཚོད་ལྟའི་འཕུར་སྐྱོད་བྱས། ད་ལྟ་འབྲེལ་ཡོད་འཆར་གཞི་ཇུས་འགོད་མགྱོགས་མྱུར་གྱིས་བཟོ་བཞིན་ཡོད་ལ་རྫོང་ཁོངས་ཀྱི་དམའ་ས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་བཞིན་ཡོད།ཞིབ་སློབ་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཁྲོམ་རའི་གསོན་ཤུགས་བསླངས། དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་སོགས་ཐོན་ཁུངས་ལ་བརྟེན་ནས་དམར་དམག་ནུབ་ལམ་དམག་བརྗོད་དོན་ཡིན་པའི་གསར་བརྗེ་ཞིབ་སློབ་རྟེན་གཞི་གཅིག་དང་། 《དམར་དམག་ནུབ་ལམ་དམག་མདོ་ལ་ན་ཡོད》ཅེས་པའི་དཔྱད་གཞི་ཕྱོགས་སྒྲིག་དང་། 《མདོ་ལ་རིང་མོའི་གསར་བརྗེ་ཕྱིར་དྲན》གྱི་སྣང་མཚོན་སློབ་ཁྲིད། 《མདོ་ལའི་བླ་སྲོག་དམར་པོ》ཡི་གསར་བརྗེ་ཟློས་གར་སྒྲིག་སྒྱུར་བྱས། ཨ་མྱེས་སྟོང་སོའི་ནགས་ཀློང་གི་གསར་བརྗེ་རིག་གནས་སྐྱེ་ཁམས་རྐང་བགྲོད་ལམ་ཐིག་སྒོ་ཕྱིར་བཏོན། བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་རྒྱ་བསྐྱེད་རིམ་སྤོར་ལས་གྲྭ་གོ་རིམ་བཞིན་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་གསར་བརྗེ་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལས་དོན་ལ་ཐོད་བརྒལ་རིང་བཞིན་གྱི་འཕེལ་རྒྱས་བྱུང་། ཐུན་མིན་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་རང་བྱུང་སློབ་གསོ་སློབ་གྲྭའི་སློབ་གསོ་མ་ལག་དང་ལས་བྱེད་སློབ་གསོའི་གསོ་སྦྱོང་མ་ལག་ནང་བཅུག་སྟེ་ཁྱད་ཆོས་ལྡན་པ། བཀྲག་མདངས་ལྡན་པ། འགྲེལ་བཤད་ཡོད་པ། ཉམས་ལེན་ཡོད་པ། མང་ཚོགས་ཟབ་ཞུགས་རང་བཞིན་ཆེ་བའི་སྐྱེ་ཁམས་ཞིབ་སློབ་རྟེན་གཞི་བསྐྲུན་ཡོད། ཞིང་ཆེན་ཕྱིའི་སློབ་ཆེན་དང་མཉམ་ལས་འབྲེལ་འདྲིས་སྒོས་སློབ་ཆེན་སློབ་མ་མདོ་ལར་ཡོང་ནས་སྤྱི་ཚོགས་ཉམས་ལེན་དང་སྐྱེ་ཁམས་ཞིབ་སློབ། རྟོག་ཞིབ་བརྟག་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ།ཆས་རྟགས་འཛུགས་སྐྲུན་གཙོ་བོ་རུ་བཟུང་ནས“མདོ་ལའི་གསའ”ཡི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསར་བ་གསོ་སྐྱོང་བྱས། རི་དྭགས་རྩ་ཆེན་གསའ་ཡི་སྲུང་སྐྱོང་དང་རིན་ཐང་སྔོག་འདོན་ལ་གཞིགས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་དང་རྒྱལ་ནང་གི་གསའ་ཡི་ཆེད་མཁས་པའི་ཚོགས་པར་སྦྲེལ་མཐུད་ཧུར་ཐག་གིས“མདོ་ལ་རིང་མོ་ནི་རི་དྭགས་གསའ་ཡི་སྐྱེ་ཁུངས”“གསའ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་མཚོན་བྱེད”“མདོ་ལའི་ཡུག་ཁུལ་ནི་གསའ་ཡི་ཆེས་ལེགས་པའི་ངལ་གསོ་གནས”སོགས་ཀྱི་བརྗོད་པ་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་དུ་བྱས་ནས། “མདོ་ལའི་གསའ”ནི་སྣང་བརྙན་མཚོན་རྟགས་སུ་གསོ་སྐྱོང་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གསར་བ་ཧུར་གྱིས་བསྐྲུན། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་སུ་གསའ་ཡི་འཚོ་གནས་ཁུལ་བཙུགས་ནས་ལེགས་སྒྱུར་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱིས་གསའ་ཡི་དངོས་བཤུས་གློག་བརྙན་བཟོས། རྒྱལ་ཁབ་རིམ་པའི་དུས་དེབ་སྟེང་མདོ་ལའི་གསའ་དང་འབྲེལ་ཡོད་ཀྱི་འཚོ་བའི་གོམས་གཤིས་དང་རྒྱུད་འཛིན་སྣ་མང་རང་བཞིན་གྱི་ལྟ་ཞིབ། དམར་ཕྱིའི་པར་ལེན་ཟིན་ཐོ་སོགས་སྡུད་སྒྲིག་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གསར་བ་བསྐྲུན་པར་གཞི་རྟེན་གལ་ཆེན་མཁོ་འདོན་བྱས།
ཉེ་བའི་ལོ་ཤས་རིང་། རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ཆེན་པོའི་ཤུགས་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་བྱུང་། མདོ་ལ་རྫོང་གིས་དུས་རབས་གསར་བའི་འཐབ་ལམ་གསར་བར་གཞི་ཚུགས་ཤིང་། རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་རྒྱུན་འཁྱོངས་སྒོས་གནས་མང་ཤུགས་འདོན་དང་། ཐབས་མང་མཉམ་སྤྱད་བརྒྱུད་ཚོང་འགུག་མ་འདྲེན་དང་དམའ་ས་ཡུལ་སྐོར། སྐྱེ་ཁམས་ཞིབ་སློབ། ཆས་རྟགས་བསྐྲུན་པ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་བསྣན་ཞིང་། རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་མདོ་ལའི་པར་གཞི་བསྐྲུན་པར་རྨང་གཞི་བརྟན་པོ་བཞག་ལ་ཕན་འབྲས་མངོན་གསལ་ཐོན།
ཚོང་འགུག་མ་འདྲེན་ཤུགས་ཆེན་པོས་སྤེལ་ནས་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་། ཞིང་ཨུའི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་མ་འདྲེན་ལས་དོན་ས་གནས་དང་བསྟུན་པའི་གཞི་གསར་ཐོན་སྐྱེད་ནུས་ཤུགས་ལ་སྔར་བས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བྱེད་ཐབས་ཁག་ཅིག》ལ་ཆེད་དོན་གྱིས་ཞིབ་འཇུག་བྱས། མདོ་ལའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས་རེ་རེ་བཞིན་ཞིབ་བསྡུར་དབྱེ་ཞིབ་བརྒྱུད་ཁ་ཕྱོགས་དང་སྲིད་ཇུས། བྱེད་ཐབས་བཙལ། ཚོང་འགུག་མ་འདྲེན་གྱི་ལས་དོན་ཇུས་གཞི་བཟོས་ནས་ཆེད་དོན་ཚན་པ་བཙུགས། རྫོང་རིམ་པའི་འགོ་ཁྲིད་ནི་ཚན་གཙོ་ཡིན་པའི“སྦྲེལ་ཐག་དཔོན+ཐོན་ལས་སྦྲེལ་ཐག་གི་སྣེ་ཁྲིད་ཚན་པ+སྦྲེལ་ཐག་བྱེད་པོ་ཁེ་ལས+ཞབས་ཞུའི་ཚོགས་ཁག”ལམ་སྲོལ་ལྟར་ལས་དོན་སྤེལ། སྐྱེ་ཁམས་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་གོ་སྐབས་སུ་བྱས་ཤིང་། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་གཞི་རྟེན་དུ་བྱས། ཁྱད་ཆོས་འབུར་དུ་ཐོན་པའི་ཁེ་ལས་རྩེ་གྲ་བསྐྲུན་ཞིང་། 5Aརིམ་པའི་མཛེས་ལྗོངས་ཁུལ1དང་། 4Aརིམ་པའི་མཛེས་ལྗོངས་ཁུལ1 3Aརིམ་པའི་མཛེས་ལྗོངས་ཁུལ2 2Aརིམ་པའི་མཛེས་ལྗོངས་ཁུལ2ཀྱི་རྨང་གཞིའི་སྟེང་ལབ་ཙེ་སྒང་དང་བློན་པོ་བྱ་རྒོད3Aརིམ་པའི་མཛེས་ལྗོངས་ཁུལ2དང་། 2Aརིམ་པའི་ཨ་རིག་དགོན་པའི་ལྗོངས་ཁུལ་གསར་བ་འདོན་སྤེལ་བྱས། རྫ་དམར་སྐྱེ་ཁམས་ཁམས་གསོ་ལས་གཞི་མགྱོགས་མྱུར་གྱིས་སྐུལ་སྤེལ་བཏང་། ཐོན་ལས་གྲུབ་སྟངས་ལེགས་སྒྱུར་དང་ཐོན་རྫས་མ་ལག་ཇེ་མང་དུ་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་སྐུལ་འདེད་གྱི་ནུས་པ་ཐོན།
དམའ་ས་དཔལ་འབྱོར་འཕེལ་རྒྱས་འཚོལ་ཞིབ་བརྒྱུད་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོའི་ཁོར་ཡུག་གསར་བ་གསོ་སྐྱོང་བྱས། “གནམ་གྲུ་ཐང+”མཉམ་འདྲེས་འཕེལ་རྒྱས་འཚོལ་ཞིབ་སྐུལ་འདེད་ཧུར་ཐག་བཏང་ནས། ས་གནས་རིག་གནས་ཡུལ་སྐོར་དང་གནམ་གྲུ་ཐང་། ཡུལ་སྐོར་ཁང་མཉམ་ལས་གཉེར་སྐྱོང་རྣམ་པ་ཧུར་ཐག་གིས་བསྐྲུན། “མཁའ་འགྲུལ+ཡུལ་སྐོར”གྱི་ཐོན་ལས་སྦྲེལ་ཐག་རྒྱ་བསྐྱེད་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་བསླངས། “མདོ་ལའི་ཉིན་གཅིག་ཡུལ་སྐོར”“འཇུ་ལག+མདོ་ལའི་ཉིན་གཉིས་ཡུལ་སྐོར”སོགས་ཀྱི་མཁའ་འགྲུལ་ཐོན་རྫས་བཏོན་ཞིང་། འགྲོ་སོང་མར་བཅག་རྗེས་གནམ་གྲུ་ཐང་གི་འགྲུལ་བའི་འཁོར་རྒྱུག་ཚད་སྔོན་དང་བསྡུར་ན1025%ཡི་འཕར་བ་དང་། “འཕུར་སྐྱོད་པ་ཆུང་ཆུང”“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ”སོགས་ན་གཞོན་ཞིབ་སློབ་ཡུལ་སྐོར་དང་། མཚོ་སྔོན་མཁའ་འགྲུལ་མཉམ་འབྲེལ་གྱི་མི་དམངས་མཁའ་འགྲུལ་ལྗོངས་ཁུལ་དུ་བསྐྱོད་པའི་ཐད་གཏོང་བྱེད་སྒོ་སྤེལ། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་ཇུས་འདོན་པུའུ་དང་སྦྲེལ་མཐུད་བརྒྱུད་བཙུན་མོ་གཞོང་གྲོང་རྡལ་ཁ་སྒང་སྡེ་བ་དང་བཙུན་མོ་དམར་ཡག་མའི་ལྗོངས་ཁུལ་གྱི་གནས་སྐབས་འབབ་འཕུར་གནས2ལ་ཆོག་མཆན་ཐོབ། གངས་འཁྱགས་དུས་ཚིགས་སུ་ཁེ་ལས་དྲངས་ནས་དམའ་ས་དཔལ་འབྱོར་སོགས་ཚོད་ལྟ་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་བ་རྒྱ་བསྐྱེད། མདོ་ལའི་གནམ་གྲུ་ཐང་ལ་བརྟེན་ནས་དམའ་ས་དཔལ་འབྱོར་དང་དངོས་ཟོང་མྱུར་སྐྱེལ། འཕྲལ་སེལ་རོགས་སྐྱོབ། མེ་འགོག་མེ་གསོད། འབྲུབ་འགོག་སྐོར་ཞིབ། འགྲིམ་འགྲུལ་ཤར་གཏོང་། རྩྭ་འདེབས་ལུད་གཏོར་སོགས་ལས་སྒོའི་ཚོད་ལྟའི་འཕུར་སྐྱོད་བྱས། ད་ལྟ་འབྲེལ་ཡོད་འཆར་གཞི་ཇུས་འགོད་མགྱོགས་མྱུར་གྱིས་བཟོ་བཞིན་ཡོད་ལ་རྫོང་ཁོངས་ཀྱི་དམའ་ས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་བཞིན་ཡོད།
ཞིབ་སློབ་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཁྲོམ་རའི་གསོན་ཤུགས་བསླངས། དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་སོགས་ཐོན་ཁུངས་ལ་བརྟེན་ནས་དམར་དམག་ནུབ་ལམ་དམག་བརྗོད་དོན་ཡིན་པའི་གསར་བརྗེ་ཞིབ་སློབ་རྟེན་གཞི་གཅིག་དང་། 《དམར་དམག་ནུབ་ལམ་དམག་མདོ་ལ་ན་ཡོད》ཅེས་པའི་དཔྱད་གཞི་ཕྱོགས་སྒྲིག་དང་། 《མདོ་ལ་རིང་མོའི་གསར་བརྗེ་ཕྱིར་དྲན》གྱི་སྣང་མཚོན་སློབ་ཁྲིད། 《མདོ་ལའི་བླ་སྲོག་དམར་པོ》ཡི་གསར་བརྗེ་ཟློས་གར་སྒྲིག་སྒྱུར་བྱས། ཨ་མྱེས་སྟོང་སོའི་ནགས་ཀློང་གི་གསར་བརྗེ་རིག་གནས་སྐྱེ་ཁམས་རྐང་བགྲོད་ལམ་ཐིག་སྒོ་ཕྱིར་བཏོན། བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་རྒྱ་བསྐྱེད་རིམ་སྤོར་ལས་གྲྭ་གོ་རིམ་བཞིན་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་གསར་བརྗེ་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལས་དོན་ལ་ཐོད་བརྒལ་རིང་བཞིན་གྱི་འཕེལ་རྒྱས་བྱུང་། ཐུན་མིན་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་རང་བྱུང་སློབ་གསོ་སློབ་གྲྭའི་སློབ་གསོ་མ་ལག་དང་ལས་བྱེད་སློབ་གསོའི་གསོ་སྦྱོང་མ་ལག་ནང་བཅུག་སྟེ་ཁྱད་ཆོས་ལྡན་པ། བཀྲག་མདངས་ལྡན་པ། འགྲེལ་བཤད་ཡོད་པ། ཉམས་ལེན་ཡོད་པ། མང་ཚོགས་ཟབ་ཞུགས་རང་བཞིན་ཆེ་བའི་སྐྱེ་ཁམས་ཞིབ་སློབ་རྟེན་གཞི་བསྐྲུན་ཡོད། ཞིང་ཆེན་ཕྱིའི་སློབ་ཆེན་དང་མཉམ་ལས་འབྲེལ་འདྲིས་སྒོས་སློབ་ཆེན་སློབ་མ་མདོ་ལར་ཡོང་ནས་སྤྱི་ཚོགས་ཉམས་ལེན་དང་སྐྱེ་ཁམས་ཞིབ་སློབ། རྟོག་ཞིབ་བརྟག་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ།
ཆས་རྟགས་འཛུགས་སྐྲུན་གཙོ་བོ་རུ་བཟུང་ནས“མདོ་ལའི་གསའ”ཡི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསར་བ་གསོ་སྐྱོང་བྱས། རི་དྭགས་རྩ་ཆེན་གསའ་ཡི་སྲུང་སྐྱོང་དང་རིན་ཐང་སྔོག་འདོན་ལ་གཞིགས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་དང་རྒྱལ་ནང་གི་གསའ་ཡི་ཆེད་མཁས་པའི་ཚོགས་པར་སྦྲེལ་མཐུད་ཧུར་ཐག་གིས“མདོ་ལ་རིང་མོ་ནི་རི་དྭགས་གསའ་ཡི་སྐྱེ་ཁུངས”“གསའ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་མཚོན་བྱེད”“མདོ་ལའི་ཡུག་ཁུལ་ནི་གསའ་ཡི་ཆེས་ལེགས་པའི་ངལ་གསོ་གནས”སོགས་ཀྱི་བརྗོད་པ་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་དུ་བྱས་ནས། “མདོ་ལའི་གསའ”ནི་སྣང་བརྙན་མཚོན་རྟགས་སུ་གསོ་སྐྱོང་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གསར་བ་ཧུར་གྱིས་བསྐྲུན། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་སུ་གསའ་ཡི་འཚོ་གནས་ཁུལ་བཙུགས་ནས་ལེགས་སྒྱུར་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱིས་གསའ་ཡི་དངོས་བཤུས་གློག་བརྙན་བཟོས། རྒྱལ་ཁབ་རིམ་པའི་དུས་དེབ་སྟེང་མདོ་ལའི་གསའ་དང་འབྲེལ་ཡོད་ཀྱི་འཚོ་བའི་གོམས་གཤིས་དང་རྒྱུད་འཛིན་སྣ་མང་རང་བཞིན་གྱི་ལྟ་ཞིབ། དམར་ཕྱིའི་པར་ལེན་ཟིན་ཐོ་སོགས་སྡུད་སྒྲིག་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གསར་བ་བསྐྲུན་པར་གཞི་རྟེན་གལ་ཆེན་མཁོ་འདོན་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注