ཛམ་ཐང་རྫོང་ཛམ་ལྷའི་ནོར་གླིང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་བྱེད་སྒོ་ཧྲེན་ཀྲེན་དུ་སྤེལ། 

2025ལོའི་ཟླ3པའི་ཚེས18ཉིན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རྒྱུད་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་བསྟུན་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚར་སྡུག་ལེགས་པར་ངོམ་ཆེད། ཛམ་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་དེ་ཧྲེན་ཀྲེན་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད།

ཐེངས་འདིའི་འགྲེམས་སྟོན་དེ་ཧྲེན་ཀྲེན་གྲོང་ཁྱེར་དང་ཛམ་ཐང་གིས་སྤེལ་རེས་མཉམ་ལས་བྱེད་པའི་རིག་གནས་ཀྱི་བྱེད་སྒོ་ཐོག་མ་ཡིན་ལ། གཙོ་བོ་ཐང་ག་དང་རྫ་ཆས། ཤིང་བརྐོས། ཟངས་ཆས། འཚེམ་དྲུབ། བོད་ཤོག བོད་སྤོས། ས་གདན་སོགས་གཟུགས་མེད་རིག་གནས་ཤུལ་བཞག་སྐོར་གྱི་སྒྱུ་རྩལ་ཐོན་རྫས་མང་པོ་འགྲེམ་སྟོན་བྱས། ཐེངས་འདིར་སྒྱུ་རྩལ་ཐོན་རྫས་དེ་དག་འགྲེམ་སྟོན་བྱེད་པ་བརྒྱུད་ནས་ཛམ་ཐང་རྫོང་གི་གཏིང་ཟབ་པའི་རིག་གནས་ཀྱི་མཚར་སྡུག་ལེགས་པར་བསྟན་པས། ཧྲེན་ཀྲེན་གྲོང་ཁྱེར་གྱི་གྲོང་མི་དག་གིས་གངས་ཅན་མཐོ་སྒང་གི་གཟུགས་མེད་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་དང་དེ་ཡི་མཚར་སྡུག་ཉམས་སུ་མྱོང་བར་དགེ་མཚན་ལྡན་པའི་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།

ཐེངས་འདིའི་འགྲེམ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཧྲེན་ཀྲེན་གྲོང་ཁྱེར་ཧྥུའུ་ཐེན་ཆུས་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་ལིའུ་ཅན་ཧྥེང་གིས་ཤིས་ཚིག་ཕུལ་དུས། ཐེངས་འདིར་ཧྲེན་ཀྲེན་དང་ཛམ་ཐང་གིས་སྤེལ་རེས་དང་མཉམ་ལས་བྱེད་པ་ནི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་དང་སྲུང་སྐྱོབ་ཅིག་ཡིན་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་གསར་བསྐྲུན་རང་བཞིན་གྱི་བསྒྱུར་བཀོད་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་ཞིག་ཀྱང་ཡིན་ཞེས་བསྟན་པ་རེད།

སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་ཀྱི་ཆེད་མཁས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཧུང་ཁྲོན་གྱིས་ཛམ་ལྷའི་ནོར་གླིང་གི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གིས་ལག་ཤེས་སློབ་སྦྱོང་དང་། ནུས་རྩལ་རྒྱུན་འཛིན། རིན་ཐང་བརྒྱུད་སྒྲོག་སོགས་ཀྱི་གྲུབ་འབྲས་དང་། གཞན་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བར་བྱས་རྗེས་བཞག་པར་གདེང་འཇོག་གང་ལེགས་གནང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དེ་ཟླ༣པའི་ཚེས༣༡ཉིན་བར་སྤེལ་རྒྱུ་ཡིན་ལ། དེའི་རིང་ལ་ཐང་ག་དཔྱད་ཞིབ་དང་། བོད་ཇ་མྱོང་རོལ། དངོས་ཟིན་གློག་བརྙན་ལ་ལྟ་བ་སོགས་བྱེད་སྒོ་སྣ་མང་སྤེལ་ནས། གངས་ཅན་མཐོ་སྒང་གི་རི་ཆུའི་བཀོད་པ་དང་། རིག་གནས་ཀྱི་མཚར་སྡུག ཁྱད་པར་དུ་ཛམ་ཐང་རྫོང་གིས་སྲོལ་རྒྱུན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་དང་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་ཐབས་ལམ་བརྒྱུད་ནས་རིག་གནས་སྤུས་མཐོའི་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་གྲུབ་འབྲས་གསར་པ་འགྲེམ་སྟོན་དང་། རིག་གནས་དྲིལ་བསྒྲགས་དང་སྤེལ་རེས་ཀྱི་བྱ་འགུལ་བརྒྱུད་ནས་མི་རིགས་མཐུན་སྒྲིལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ངོས་འཛིན་དང་ཡིད་ཆེས་ཆེ་རུ་གཏོང་བ། མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ཤུགས་སྣོན་རྒྱག་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号