སྐེད་པ་ན་བ་ནི་རྒྱུན་མཐོང་གི་བདེ་ཐང་གནད་དོན་ཞིག་རེད། དེས་མི་མང་པོ་ཞིག་གི་འཚོ་བའི་སྤུས་ཀར་ཤུགས་རྐྱེན་ཐེབས་ཡོད། མི་རྣམས་ཀྱིས་རྒྱུན་དུ་སྐེད་པ་ན་བར་བཤད་མོད། འོན་ཀྱང་རྒྱུ་རྐྱེན་ཅི་ཞིག་ཡིན་པ་ཤེས་ཀྱིན་མེད། དོན་དངོས་སུ། སྐེད་པ་ན་བ་ནི་ནད་རིགས་ཡང་མོ་ཞིག་མིན་པར། དེ་ལ་ནད་རྐྱེན་སྣ་ཚོགས་ཡོད། གཤམ་དུ་ང་ཚོས་སྐེད་པ་ན་བའི་གནས་ལ་གཞིགས་ནས་ཚང་མར་རྒྱུན་མཐོང་གི་སྐེད་པ་ན་བ་དང་འབྱུང་སྲིད་པའི་ནད་རྐྱེན་འགའ་ངོ་སྤྲོད་བྱས་ཏེ། ཚང་མར་སྐེད་པ་ན་བའི་གནད་དོན་ཤེས་རྟོགས་དང་ཐག་གཅོད་སྔར་ལས་ལེགས་པོ་བྱེད་དུ་འཇུག
སྒལ་ཚིགས་མཁར་མཚམས་འབུར་ཐོན་ནད། གྲོགས་པོ་ཁ་ཤས་ལ་གཞོགས་གཅིག་ན་བའམ་ཕྱོགས་གཉིས་ཀ་ན་བ་ལས་གཞོགས་གཅིག་ལྷག་ཏུ་ལྕི་བ་དང་། དུས་མཚུངས་སུ་རྐང་པ་གཞོགས་གཅིག་ན་བ་དང་སྦྲིད་པ། ཤུགས་མེད་པ། སྐེད་པ་སྒུར་པའམ་ཡང་ན་ངལ་རྩོལ་བྱས་རྗེས་ནད་རྟགས་ཇེ་སྡུག་ཏུ་འགྲོ་བ་བཅས་ཀྱི་ནད་རྟགས་འབྱུང་ལ། དེས་སྤྱིར་བཏང་དུ་ནད་པའི་སྒལ་ཚིགས་མཁར་མཚམས་འབུར་ཏེ་དབང་རྩ་མནན་ཡོད་པ་མཚོན།
སྐེད་ཤའི་ངལ་སྐྱོན། ནད་པས་ཞིབ་བརྗོད་བྱེད་སྐབས། རྟག་ཏུ་སྐེད་པའི་རྒྱབ་ལ་ན་ཟུག་ཡོད་ཅེས་བཤད་མོད། འོན་ཀྱང་གཏན་འཁེལ་གྱི་གནས་འདི་རེད་ཅེས་སྟོན་མི་ཐུབ། སྐེད་པ་ཅུང་ཙམ་སྒུར་རྗེས་དྲང་མོར་ཡར་ལངས་པའི་སྐབས་དང་། ཙོག་ཡུན་རིང་ན་སྐེད་པར་ན་ཟུག་ཚབས་ཆེན་འབྱུང་བ། ཡར་ལངས་ནས་འགུལ་སྐྱོད་དང་སྐེད་པར་ཕུར་གནོན་བྱས་ན་ཇེ་བདེ་རུ་འགྲོ་བ་བཅས་ནི་སྐེད་པའི་ཤ་གནད་ལ་གནོད་སྐྱོན་ཐེབས་པའམ་ཡང་ན་སྐེད་ཚིགས་ཀྱི་ཚིགས་ཆུང་ལ་གནད་དོན་བྱུང་བའི་རྟགས་རེད།
སྒལ་ཚིགས་མཁར་སྦུག་དོག་པ། སྐེད་པ་ན་བ་དང་སྦྲགས་ཏེ་རྐང་བ་གྱོལ་བ་དང་། ཡུན་ཙམ་ལ་སོང་རྗེས་སྐེད་པ་ན་བ་དང་རྐང་པ་སྦྲིད་པ། འགྲོ་ཡུན་ཇི་ལྟར་རིང་ན་དེ་ལྟར་ན་བས་ངེས་པར་ངལ་གསོས་རྗེས་ད་གཟོད་མུ་མཐུད་དུ་འགྲོ་དགོས་པ། ན་ཟུག་ཚབས་ཆེ་བས་ཐ་ན་ཉལ་ཁྲིའི་སྟེང་ནས་ཀྱང་འབབ་མི་ཐུབ་པ། གན་རྐྱལ་དུ་ཉལ་སྐབས་ནད་རྟགས་ཅུང་ཆུང་མོད། ཡར་ལངས་པ་དང་གོམ་པ་འགའ་སོང་རྗེས་སྔར་བཞིན་ན་བ་སོགས་ནི་སྤྱིར་བཏང་སྒལ་ཚིགས་མཁར་སྦུག་དོག་པའམ་རྐང་བའི་ཁྲག་རྩ་འགག་པའི་རྟགས་རེད།
སྒལ་ཚིགས་གནོན་འཁུམ་རང་བཞིན་གྱི་རུས་ཆག མི་དར་མ་དང་རྒན་རྒོན། ལྷག་པར་ཟླ་མཚན་བབས་རྗེས་ཀྱི་བུད་མེད་ལ་ནད་རྟགས་འདི་ཡོད་པ་མང་། ནད་རྟགས་འདི་ཡོད་པའི་ནད་པ་ལ་ལར་ཐ་ན་ཕྱི་རྨས་མངོན་གསལ་མེད་མོད། ཧབ་སྦྲིད་རྒྱག་པ་དང་གློ་ལུད་པ། གཉིད་ལས་སད་ནས་ཁ་ལོག་ཅིག་བྱས་པ་ཙམ་གྱིས་སྐེད་པར་མངོན་གསལ་གྱིས་ན་ཟུག་ལངས་པ་རེད། གནས་ཚུལ་འདིའི་རིགས་ནི་རུས་པ་སབ་སོབ་ཚབས་ཆེན་ལས་བྱུང་བའི་སྒལ་ཚིགས་གནོན་འཁུམ་རང་བཞིན་གྱི་རུས་ཆག་གི་རྟགས་རེད།
སྐྲན་ནད་དང་འགོས་ནད། སྐེད་པ་ན་བ་ལ་ཚ་རྒྱས་པའམ་མི་རྒྱས་པ་གཉིས་ཡོད་དེ། མཚན་མོར་ན་ཟུག་མངོན་གསལ་ཡིན་ལ་ན་ཟུག་འགོག་པའི་སྨན་འཐུང་ནའང་ན་ཟུག་སེལ་མི་ཐུབ། རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུའང་ལུས་པོའི་ལྗིད་ཚད་མངོན་གསལ་གྱིས་མར་ཆག་པ་སོགས་ཀྱི་གནས་ཚུལ་འདིའི་རིགས་ནི་སྐྲན་ནད་དམ་ཡང་ན་འགོས་ནད་ལས་བྱུང་བའི་སྐེད་ནད་ཡིན་མིན་ལ་ཞིབ་བཤེར་བྱེད་དགོས།
སྒལ་གཞུང་རེངས་པའི་ཚ་ནད། དུས་ཡུན་རིང་པོར་སྐེད་པ་ལ་ན་ཟུག་རྒྱག་པ་དང་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་པ། ཞོགས་པ་མལ་ལས་ལངས་སྐབས་དང་ཡང་ན་དུས་ཡུན་རིང་པོར་ངལ་གསོ་བྱས་རྗེས། སྐེད་པ་སྲ་མཁྲེགས་སུ་འགྱུར་ལ་འགུལ་སྐྱོད་ཡུན་ཙམ་བྱས་ན་ད་གཟོད་ལྷོད་དུ་འགྲོ་བ། སྐེད་པའི་ན་ཚ་འཕོངས་རྐུབ་དང་དཔྱི་རུས། རྐང་པ། ཐ་ན་པུས་ཚིགས་བཅས་སུ་བཀྱེད་དེ། གནས་དེ་དག་ལ་ན་ཟུག་དང་མི་བདེ་བ་འབྱུང་སྲིད། གནས་ཚུལ་འདིའི་རིགས་ནི་སྒལ་གཞུང་རེངས་པའི་ཚ་ནད་ཡིན་པར་དོགས་ཟོན་བྱེད་དགོས།
མདོར་ན། སྐེད་པ་ན་བ་ནི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། དེའི་ནད་རྐྱེན་མི་རེ་རེ་བཞིན་མི་འདྲ་བས། ནད་པས་གོང་གསལ་གྱི་ངོ་སྤྲོད་ལྟར་ཆེ་ཕྱོགས་ནས་དབྱེ་བ་ཕྱེ་རྗེས། བརྟག་དཔྱད་བྱས་ཏེ་སྨན་པར་བརྡར་ཤ་གཅོད་དུ་འཇུག་པ་དང་ནད་རྐྱེན་སྔར་བས་གསལ་ཐག་ཆོད་དགོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注