ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པའི་ཐད་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་བསྡུ་དགོས་པའི་རེ་བ་བཏོན།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས18ཉིན་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པར་དམིགས་ཏེ། ཕཱ་ལེ་སི་ཐན་གྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་བསྡུ་དགོས་པའི་རེ་བ་བཏོན།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་འཐུས་མི་ཨ་ཁི་ལུའུ་ཁི་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་ཡང་བསྐྱར་བཙན་འཛུལ་དང་རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་བཟོས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་གློག་ཤུགས་མཁོ་འདོན་མཚམས་བཞག་པར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྨན་བཅོས། རྒུད་སྐྱོབ་དངོས་རྫས་སོགས་སྐྱེལ་བར་བཀག་འགོག་བྱས་པས། ཕཱ་ལེ་སི་ཐན་གྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་རིམ་པའི་དམིགས་བསལ་གྲོས་ཚོགས་བསྡུ་བའི་རེ་ཞུ་བཏོན་པ་ཡིན་ཟེར།

ཨ་ཁི་ལུའུ་ཁི་ཡིས་བསྟན་དོན། ཚོད་དཔག་བྱས་ན་དམིགས་བསལ་གྲོས་ཚོགས་དེ་ནས་ཨ་རབ་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགུལ་སྐྱོད་ཇུས་གཞིར་གྲོས་བསྡུར་བྱེད་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་བཙན་འཛུལ་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་གྱི་ཆོད་དོན་བརྩི་སྲུང་བྱེད་དུ་འཇུག་རྒྱུ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号