དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས18ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ལ་ཁ་པར་བཏང་སྟེ། དབྱིན་ཇི་ཡིས་ཝུའུ་ཁི་ལན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གིས་ཚེས18ཉིན་གྱི་དགོང་མོར་ཙེ་ལིན་སི་ཅི་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁ་དང་ཨུ་རུ་སིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཁྲོད་བླངས་པའི་གྲུབ་འབྲས་བཟང་བོར་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཙེ་ལིན་སི་ཅི་ཡིས་དབྱིན་ཇིའི་ཕྱོགས་ལ་གཡུལ་སའི་གནས་ཚུལ་གསར་བ་སྙན་ཞུ་བྱས་པ་དང་། སི་མའོ་ཐཱ་ཡིས་དབྱིན་ཇི་ཡིས་ཝུའུ་ཁི་ལན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས18ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་དུས་ཡུན་རིང་བོའི་ཞི་བདེ་མངོན་འགྱུར་བྱས་ནས་མཇུག་སྒྲིལ་བར་འཐད་པ་བྱུང་བ་དང་། འཁྲུག་རྩོད་མཚམས་བཞག་ན་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ནས་མགོ་རྩོམ་དགོས་ལ། དེའི་ཞོར་དུ་མཚོ་ནག་མཚོ་ཁོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ། ཡུན་རིང་ཞི་བདེ་བཅས་ཀྱི་ཐད་ནས་ལག་རྩལ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号