དར་ལག་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྲིད་ཇུས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དོན་འཁྱོལ་བཟང་པོ་བྱ་ཆེད། ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་འབྲེལ་གནས་ཞང་དང་གྲོང་རྡལ་དུ་སོང་ནས“སྒྲོག་གཅིག་སྐུལ་གསུམ”གྱི་བྱ་འགུལ་སྤེལ་བ་དང་། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་རྣམས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་དང་གྲོང་གསེབ་དར་སྤེལ་གྱི་བཀོད་སྒྲིག་གསར་པ་དུས་ཐོག་ཏུ་འབྲོག་པ་མང་ཚོགས་ལ་བརྒྱུད་སྒྲོག་བྱས།

སྒྲོག་བཤད་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། ལས་འགན་གཙོ་བོ་དང་ལག་ལེན་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ། སྨར་འབྲིང་ཞང་གི་དོན་དངོས་དང་ཟུང་འབྲེལ་སྒོས་ཤུགས་འདོན་སར་དམ་པོར་དམིགས་པ།“སྒྲོག་གཅིག་སྐུལ་གསུམ”གྱི་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། ཏང་གི་སྲིད་ཇུས་བཟང་པོ་སྒྲོག་བཤད་ལེགས་པོ་བྱེད་དགོས། སྨར་འབྲིང་ཞང་ཏང་ཨུ་དང་སྲིད་གཞུང་། སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”བཅས་ཀྱིས་ནུས་པ་གཙོ་བོ་འདོན་དགོས་ཤིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱིས་གཏན་འཁེལ་བྱས་པའི་ལས་འགན་གཙོ་བོར་དམིགས་ནས། སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དང་ནན་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་བརྩོན་བཅས་བྱེད་དགོས་ཤིང་། རྫོང་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་རང་རྟོགས་ཀྱིས་ཞབས་ཕྱི་དང་མཉམ་འདྲེས་ཡོང་བར་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཁྲོད་འགན་འཁྲི་ལེགས་པོར་འཁུར་དགོས།

སྒྲོག་བཤད་ཁྲོད་གཞི་རིམ་ལས་བྱེད་པའི་འགན་འཁྲི་ནན་བཤད་བྱས་ཤིང་། ཚང་མས་སྲིད་ཇུས་ཀྱི་དགོངས་དོན་དེ་དོན་དངོས་ལག་ལེན་དུ་བསྒྱུར་དགོས་པའི་བླང་བྱ་བཏོན། གཅིག་ནས་ཐབས་ལམ་མང་པོ་བརྒྱུད་དེ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་དགོས། སྒྲོག་བཤད་བྱ་འགུལ་དེ་སྲོལ་རྒྱུན་དང་གསར་སྐྲུན་ཟུང་འབྲེལ་དང་། རྣམ་པ་མང་པོ་སྤྱད་དེ་སྤེལ་དགོས་ལ། ཕྱོགས་གཅིག་ནས་ཆེད་དོན་ཚོགས་འདུ་དང་སྡེ་དམངས་ཚོགས་ཆེན་འཚོགས་པ་སོགས་སྲོལ་རྒྱུན་གྱི་རྣམ་པ་བརྒྱུད་དེ་སྲིད་ཇུས་སྒྲོག་འགྲེལ་ཕྱོགས་ཡོངས་ལ་ཁེབས་པར་བྱེད་དགོས། ཕྱོགས་གཞན་ནས་སྨྱན་བྱད་གསར་པའི་སྟེགས་བུ་སྟེ། དཔེར་ན་སྐད་འཕྲིན་སྤྱི་སྟེགས་དང་བརྙན་ཐུང་སོགས་བརྒྱུད་དེ་གསོན་ཉམས་ལྡན་པའི་རྣམ་པས་སྒྲོག་སྤེལ་ལེགས་པོ་བྱེད་དགོས། གཉིས་ནས་ཟུར་མང་པོ་ནས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་སྒྲོག་བཤད་བྱེད་པ་དང་མཉམ་དུ“སྐུལ་འདེད་གསུམ”གྱི་ཕན་འབྲས་ཐོན་དགོས། ཕྱོགས་གཅིག་ནས་ཐོན་ལས་དར་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་སྤེལ་བྱས་ཏེ། ནོར་གནག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་དང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་ཆེ་རུ་བསྐྱེད་དགོས། སྨར་འབྲིང་ཞང་གི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་དགོས་ཤིང་། འགལ་བ་འདུམ་འགྲིག་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འཆམ་མཐུན་བརྟན་འཇགས་ཀྱི་གྲོང་གསེབ་ཁོར་ཡུག་བསྐྲུན་དགོས། ཕྱོགས་གཞན་ནས་དམངས་འཚོ་བདེ་སྐྱིད་ཆེ་རུ་གཏོང་དགོས་ཤིང་། སློབ་གསོ་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་དགོས།

ཡུལ་དངོས་རྟོག་ཞིབ་སྐབས་སུ། 2025ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་དམངས་ཕན་སྲིད་ཇུས་སོ་སོའི་ནང་དོན་ལ་དམ་པོར་དམིགས་ཏེ། གོ་བདེ་བའི་སྐད་ཆར་བརྟེན་ནས་ཡིག་ཆའི་དགོངས་དོན་རེ་རེ་མང་ཚོགས་ཀྱིས་གོ་ཐུབ་པར་བྱས་ཤིང་། རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་འབྲོག་པ་མང་ཚོགས་ལ་དམངས་སྲིད་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་དར་སྤེལ། འབྲོག་དམངས་ཀྱི་ཡོང་སྒོ་འཕར་བ། སློབ་གསོ་དང་འཕྲོད་བསྟེན། ཟས་རིགས་བདེ་འཇགས་སོགས་ཀྱི་ཐད་ནས་སྒྲོག་བཤད་ལེགས་པོ་བྱས་ཏེ། ཏང་གི“ཞིང་གསུམ”གྲོས་ཚོགས་ཀྱི་དགོངས་དོན་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དོན་གཉེར་བྱེད་ཐབས་དང་ནུས་ལྡན་བྱེད་ཐབས་སུ་བསྒྱུར།

རྟོག་ཞིབ་རྣམ་པས“སྒྲོག་གཅིག་སྐུལ་གསུམ”གྱི་བྱ་འགུལ་སྤེལ་བ་དང་། འབྲེལ་གནས་ཞང་དང་གྲོང་རྡལ་གྱི་དངོས་ཡོད་དཀའ་ཁག་ལ་རྒྱུས་ལོན་བྱས་ཤིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཤད་བྱེད་པ་གོ་སྐབས་སུ་བཟུང་ནས། འབྲོག་ཁུལ་མང་ཚོགས་ཀྱི་དམངས་ཕན་སྲིད་ཇུས་ཤེས་རྟོགས་ཚད་དང་རྒྱུས་ལོན་ཚད་ཇེ་མཐོར་བཏང་ཞིང་། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་བཏང་སྟེ། བློ་བརྟན་འགྱུར་མེད་སྒོས་ཏང་གི་དྲིན་ཤེས་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ལ་སྔར་བས་སྐུལ་ཁྲིད་བྱས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号