2025ལོའི་“དམག་སྒར་བཅུ་གཉིས་རྟགས་མའི” མཚོ་སྔོན་པོ་སྨོན་ལམ་མཐོན་པོ་མཚོ་སྔོན་གྱོ་རྒྱའི་ཐང་གཅོད་འགྲན་སྡུར་གྱི་བརྡ་ཁྱབ།

མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་མཛེས་སྡུག་ལྡན་པའི་རྣམ་པ་བསུ་བ། མི་རིགས་རྟ་རྒྱུག་ལུས་རྩལ་གྱི་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ལུས་རྩལ་གྱི་མཛེས་པ་ཕྱིར་མངོན་པ། རྟ་རྒྱུག་ལ་དགའ་་མཁན་ཚོར་འགྲན་བསྡུར་གྱི་སྟེགས་བུ་སྤྲོད་པ། རིག་གནས་གནས་སྐོར་ལུས་རྩལ་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱོ་རྒྱའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ། 2025ལོའི“དམག་སྒར་བཅུ་གཉིས་རྟགས་མའི” མཚོ་སྔོན་པོ་སྨོན་ལམ་མཐོན་པོ་མཚོ་སྔོན་གྱོ་རྒྱའི་ཐང་གཅོད་འགྲན་སྡུར་སྤེལ་རྒྱུའི་ཐག་བཅད་པ་རེད།

གཅིག འགྲན་སྡུར་གྱི་དུས་ཚོད་དང་ས་གནས།

འགྲན་སྡུར་གྱི་དུས་ཚོད་ནི།

2025ལོའི་ཟླ3པའི་ཚེས20ཉིན(གཟའ་ཕུར་བུ)གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་།

ས་གནས་ནི།

མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི།

གཉིས། འགྲན་བསྡུར་གྱི་ལམ་ཐིག

ད་ཐེངས་ཀྱི་འགྲན་བསྡུར་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ13ཡོད། མགོ་ཚུགས་ས་ནི་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་ཡིན་པ་དང་མཇུག་སྣེ་ནི་སྨོན་ལམ་མཐོན་པོའི་རི་རྩེ་ཡིན། འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པ་སྔོན་མ10ཡིས་སྐར་མ50ཡི་ནང་འགྲན་བསྡུར་ལེགས་གྲུབ་བྱེད་དགོས། འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་སྡོམ་པས་མཁོ་སྤྲོད་ས་ཚིགས་གསུམ་བཙུགས་ཡོད།

གསུམ། མིང་ཐོ་འགོད་སྟངས་དང་མཚམས་འཇོག་དུས་ཚོད།

ཁ་པར་ཐོག་མིང་ཐོ་འགོད་པ།

འབྲེལ་གཏུག་མཁན། དབྱང་རྡོ་རྗེ། 18897317701

མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད།

2025ལོའི་ཟླ3པའི་ཚེས18ཉིན་གྱི་ཉིན་གུང་ཆུ་ཚོད12:00གོང་།

ད་ཐེངས་ཀྱི་འགྲན་བསྡུར་ལ་མིང་ཐོ་འགོད་རིན་མི་བསྡུ།

བཞི། གཙོ་གཉེར་ཚན་པ་དང་འགན་གཉེར་ཚན་པ།

གཙོ་གཉེར་ཚན་པ།

ཀྲུང་གུང་མདའ་བཞི་རྫོང་ཨུ། མདའ་བཞི་རྫོང་མི་དམངས་སྲིད་གཞུང་།

འགན་གཉེར་ཚན་པ།

མཚོ་སྔོན་མདའ་བཞི་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར།

གཞོགས་འདེགས་ཚན་པ།

བདེ་བརྟན་མདའ་བཞི་གནས་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་སྤྱི་གཉེར།

ལྔ། འགྲན་བསྡུར་གྱི་བྱ་དགའ།

ཨང་དང་པོ། བྱ་དགའི་སྒོར10000+གཟེངས་བུམ+བྱ་དགའི་རྟགས་མ།

ཨང་གཉིས་པ། བྱ་དགའི་སྒོར6000+གཟེངས་བུམ+བྱ་དགའི་རྟགས་མ།

ཨང་གསུམ་པ། བྱ་དགའི་སྒོར3000+གཟེངས་བུམ+བྱ་དགའི་རྟགས་མ།

ཨང་བཞི་པ། བྱ་དགའི་སྒོར1000+ གཟི་བརྗིད་དཔང་རྟགས།

ཨང་ལྔ་པ། བྱ་དགའི་སྒོར800+ གཟི་བརྗིད་དཔང་རྟགས།

ཨང་དྲུག་པ། བྱ་དགའི་སྒོར700+ གཟི་བརྗིད་དཔང་རྟགས།

ཨང་བདུན་པ། བྱ་དགའི་སྒོར600+ གཟི་བརྗིད་དཔང་རྟགས།

ཨང་བརྒྱད་པ། བྱ་དགའི་སྒོར500+ གཟི་བརྗིད་དཔང་རྟགས།

ཨང་དགུ་པ། བྱ་དགའི་སྒོར400+ གཟི་བརྗིད་དཔང་རྟགས།

ཨང་བཅུ་པ། བྱ་དགའི་སྒོར300+ གཟི་བརྗིད་དཔང་རྟགས།

མཆན། ཐེངས་འདིའི་འགྲན་བསྡུར་ལ་རྟའི་རིགས་དང་གཟུགས་པོའི་རིང་ཚད་ལ་དབྱེ་བ་མེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号