མཚོ་བྱང་ཁུལ་གྱིས་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་།
ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་དེ་སྨན་བཅོས་མ་ལག་གསར་གཏོད་བྱེད་པའི་ཐབས་ལམ་ཞིག་ཏུ་བརྩིས་ནས། སྡོད་དམངས་ལ་སྟབས་བདེ་དང་རང་གཤིས་ཅན་གྱི་སྨན་བཅོས་བདེ་སྲུང་ཞབས་ཞུ་མཁོ་འདོན་བྱེད་པར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་དོན་དེར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔའི་བར་མཚོ་བྱང་ཁུལ་དུ་ཁྱིམ་ཚང་སྨན་པའི་ཚོགས་པ155བཙུགས་པ་དང་། རིམ་བརྩིས་བྱས་ན་གན་རྒྱ་འཇོག་མཁན་སྡོད་དམངས་འབུམ་གཉིས་དང་སྟོང་གཅིག་བརྒྱད་བརྒྱ་ཡོད་ཅིང་། ཁུལ་ཡོངས་ཀྱི་གན་རྒྱ་བཞག་ཚད་ཀྱིས76.4%ཟིན་པ་དང་། གཙོ་གནད་མི་ཚོགས་ཀྱི་གན་རྒྱ་བཞག་ཚད91%ལས་བརྒལ་ཡོད་པས་མཐོ་སྒང་གི་སྒོ་སྲུང་བའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།
མཚོ་བྱང་ཁུལ་གྱི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ལས་དོན་ནི་ཁྱིམ་ཚང་སྨན་པའི་ཚོགས་པར་བརྟེན་ནས་སྡོད་དམངས་མི་སྒེར་གྱི་བདེ་ཐང་ལ་དོ་ཁུར་བྱེད་པ།་དང་། དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་ནས་མགོ་བརྩམས་ཏེ་གཞི་རིམ་གྱི་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས། སྡོད་དམངས་རྣམས་ལ་ཡུན་རིང་གི་གན་རྒྱ་འཇོག་པའི་ཞབས་འདེགས་ཞུ་བཞིན་ཡོད། གན་རྒྱ་འཇོག་པའི་ཞབས་ཞུའི་དཔྱད་ཞིབ་གདེང་འཇོག་བྱས་འབྲས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གཏོང་སྤྲོད་དང་། གྲོང་ཚོའི་སྨན་པའི་ངལ་ལས་ཁ་གསབ་མ་དངུལ་ཟུང་འབྲེལ་བྱེད་པའི་གཏོང་སྤྲོད་ལམ་ལུགས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། གན་རྒྱ་འཇོག་པའི་ཞབས་ཞུ་སྤེལ་བའི་བརྩོན་སེམས་ཆེ་རུ་གཏོང་བ་དང་།“བཀོད་སྒྲིག་གཅིག་མཚུངས་དང་དཔྱད་ཞིབ་གཅིག་མཚུངས”ལག་བསྟར་བྱས་ཏེ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་། “3+1”གི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་སྟངས་ཁྱབ་སྤེལ་བཏང་ནས་གན་རྒྱ་འཇོག་མཁན་སྨན་པ་དང་གན་རྒྱ་འཇོག་མཁན་བར་གྱི་འབྲེལ་གཏུག་ལས་ཕྱོད་ཆེ་རུ་བཏང་སྟེ། གྲུབ་འབྲས་དཔྱད་ཞིབ་ལ་བརྟེན་ནས་ཁྱིམ་ཚང་སྨན་པས་སྡོད་དམངས་ལ་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་པར་ཁྲིད་སྟོན་བྱས་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་།
དེ་དང་མཉམ་དུ་སྡོད་དམངས་ཀྱི་གློག་རྡུལ་ཡིག་ཚགས་སྔོན་ལ་ཕྱེས་ནས་སྡོད་དམངས་ཀྱིས་བདེ་ཐང་མཚོ་བྱང་ཞབས་ཞུའི་ཨང་གྲངས་སྦྲེལ་ནས་མི་སྒེར་གྱི་བདེ་ཐང་ཡིག་ཚགས་དང་རྗེས་འདེད་ཟིན་ཐོ། གཟུགས་པོར་བརྟག་དཔྱད་བྱས་པའི་ཟིན་ཐོ་སོགས་ཀྱི་ཆ་འཕྲིན་སྟབས་བདེའི་ངང་འདྲི་རྩད་བྱེད་ཐུབ་པར་མ་ཟད། ད་དུང་གཟུགས་པོར་བརྟག་དཔྱད་བྱས་པར་རྒྱུན་ལྡན་མིན་པའི་རྣམ་གྲངས་ལ་བལྟ་ཐུབ། སྤྱི་པའི་ཨང་གྲངས་དེས་ད་དུང་ཁུལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུར་རྒྱབ་སྐྱོར་བྱས་ནས་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注