ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པས་ཝུའུ་ཁི་ལན་གྱི་དམག་དཔུང་དཀའ་ཁག་གི་དུས་སྐབས་སུ་གནས་ཡོད་པ་དང་ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་མང་བོ་ནས་ཕར་རྒོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཉེ་སྔོན་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་དཀའ་ཁག་གི་དུས་སྐབས་སུ་གནས་པ་དང་། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་མང་བོ་ནས་ཕར་རྒོལ་བྱེད་བཞིན་ཡོད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ནས་བཤད་རྒྱུར། མིག་སྔའི་གནས་ཚུལ་འོག འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་གང་རུང་གིས་ཝུའུ་ཁི་ལན་གྱི་དམག་དཔུང་ལ་ངལ་གསོའི་གོ་སྐབས་བྱིན་ནས། དེས་ཡང་བསྐྱར་དྲག་ཆས་སྤྲས་པར་དུས་ཚོད་སྟེར་སྲིད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁར་ཀུན་གྱིས་ཤེས་པའི་སེམས་ཁུར་དེ་བརྒྱུད་སྒྲོག་བྱས་ཡོད་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་གྲོས་མོལ་བྱ་བར་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། མིག་སྔར་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་གྲོས་མོལ་དེ་དགོས་གལ་ཆེ་བའི་སྐབས་སུ་སྤེལ་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号