ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་བརྗེ་སྤོར་བྱས།
ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས16ཉིན་སྤེལ་བའི་ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ཀི་ནཱ་ཐའོ་ཧྥུའུ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིA་སྤྱི་ཁྱབ་ཇུས་འདོན་དཔོན་དུ་བསྐོ་འཇོག་བྱས་པ་དང་། པཱ་ཨར་ཅི་ལེ་ཝེ་ཆི་ཡི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་ལས་འགན་བླངས་པ་རེད།
ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཀྲང་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་གྲོས་འདོན་བྱས་པ་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཀི་ནཱ་ཐའོ་ཧྥུའུ་ལ་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་འགན་ཁུར་དུ་བཅུག་ཡོད། ཀི་ནཱ་ཐའོ་ཧྥུའུ་ལ་ལོ་ངོ27ལྷག་གི་དམག་དོན་ཉམས་མྱོང་ཡོད་ཅིང་། ཁོས་ཝུའུ་ཁི་ལན་གྱི་མཚོ་དམག་སྐམ་འཐབ་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་དང་ཝུའུ་ཁི་ལན་གྱི་སྐམ་དམག་ཤར་ཕྱོགས་འཐབ་ཁུལ་དམག་སྤྱི་ཁང་གི་དམག་སྤྱི་སོགས་ཀྱི་འགན་ཁུར་མྱོང་། པཱ་ཨར་ཅི་ལེ་ཝེ་ཆི་ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་ལྟ་ཞིབ་དཔོན་པོར་བསྐོ་འཇོག་བྱས་ནས། དམག་དཔུང་གི་སྒྲིག་ལམ་དག་ཐེར་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注