ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཚོ་དམར་མཚོ་ཁོངས་ནས་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་དེའི་རྗེས་འདེད་ཀྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས16ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེར་མཚོ་དམར་ནས་ཨ་མེ་རི་ཁའི་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་དེའི་རྗེས་འདེད་ཀྱི་གྲུ་གཟིངས་ལ་དམག་དོན་ཆམ་ཕབ་བཏང་ནས། ཨ་མེ་རི་ཁའི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་ཟེར།
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས15ཉིན་གྱི་ཚུན་ལ་ཡེ་མིན་ལ་ཉུང་མཐར་ཡང་བར་སྣང་འཇབ་རྒོལ་ཐེངས་ཞེ་བདུན་སྤེལ་བ་དང་། རྒྱལ་ས་སཱ་ནཱ་དང་ཞིང་ཆེན་གཞན་པ་བདུན་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མར་ཤི་རྨས་བྱུང་བའི་དོན་རྐྱེན་བཟོས་ཡོད། དེར་རྒོལ་ལན་སྤྲོད་ཆེད་རྩ་འཛུགས་དེས་ཚེས16ཉིན་འཕུར་མདའ་དང་རྗེས་འདེད་འཕུར་མདའ་བཅོ་བརྒྱད་དང་མི་མེད་གནམ་གྲུ་གཅིག་བཀོལ་ནས་མཚོ་དམར་མཚོ་ཁོངས་སུ་ཡོད་པའི་ཨ་མེ་རི་ཁའི་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་དེའི་རྗེས་འདེད་གྲུ་གཟིངས་ལ་འཇབ་རྒོལ་བྱས་པ་ཡིན་ཟེར།
ཁོས་ད་རུང་རྩ་འཛུགས་དེས་ཐེ་ཚོམ་ཅི་ཡང་མེད་པར་མཚོ་དམར་དང་ཨ་རབ་མཚོ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་གྲུ་ཚང་མར་འཇབ་རྒོལ་བྱེད་སྲིད་པར་མ་ཟད། མུ་མཐུད་དུ་གཏན་འཁེལ་བྱས་པའི་འཐབ་འཁྲུག་མཚོ་ཁོངས་དེ་མཚོ་དམར་དང་ཨ་རབ་མཚོ་ཁོངས། ཡཱ་ཏེན་མཚོ་ཁུངས། མན་ཏི་མཚོ་འགག་བཅས་ནས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐོབ་རག་བར་དུ་དབྱི་སི་རལ་ལ་མཚོ་ཐོག་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注