དེབ་གསར། «བོད་ཀྱི་ཡིག་སྒྱུར་གྱི་བྱུང་བ་བརྗོད་པ་ལེགས་བཤད་འབུམ་གྱི་སྙིང་བཅུད»
ཉེ་ལམ། བོད་ལྗོངས་འབྲི་རུ་རྫོང་ནས་འཚར་ལོངས་བྱུང་བའི་སྒྲོལ་སྐྱིད་ལགས་ཀྱི་དེབ་གསར«བོད་ཀྱི་ཡིག་སྒྱུར་གྱི་བྱུང་བ་བརྗོད་པ་ལེགས་བཤད་འབུམ་གྱི་སྙིང་བཅུད»ཞེས་པ་ཉིས་སྟོང་ཉེར་གཉིས་ལོའི་ནག་ཆུའི་ཕུལ་བྱུང་བརྩམས་ཆོས་འདེམ་སྒྲུག་གྲས་སུ་བཞག་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
དེབ་འདིར་གནའ་རབས་ཞང་བོད་སྐབས་ཀྱི་ཡིག་སྒྱུར་དང་། བསྟན་པ་སྔ་དར་སྐབས་ཀྱི་ཡིག་སྒྱུར། བསྟན་པ་ཕྱི་དར་སྐབས་ཀྱི་ཡིག་སྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ཡིག་སྒྱུར་བཅས་དུས་མཚམས་ཆེན་པོ་བཞི་རུ་ཕྱེས་ནས་བོད་ཀྱི་ཡིག་སྒྱུར་གྱི་བྱུང་བ་བརྗོད་ཡོད།
རྩོམ་པ་པོ་ངོ་སྤྲོད།
སྒྲོལ་སྐྱིད། རུས་སྐ་ཚ། 1968ལོར་བོད་ལྗོངས་འབྲི་རུ་རྫོང་དུ་སྐྱེས། 1992ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ནས་མཐར་ཕྱིན་རྗེས། ནག་ཆུ་གྲོང་ཁྱེར་རྩོམ་སྒྱུར་ཅུད་དུ་ལས་ཀ་བསྒྲུབས་ཤིང་རྩོམ་སྒྱུར་ཅུད་ཀྱི་ཅུད་ཀྲང་དང་ཞུས་ཆུང་ལོ་ཙཱ་པའི་འགན་ཁུར། ཁོང་གིས་གཞུང་ཡིག་ཡིག་སྒྱུར་གནང་ཞོར། རྩོམ་རིག་ཡིག་སྒྱུར་དང་ཡིག་སྒྱུར་གཞུང་ལུགས་ཞིབ་འཇུག །རྩོམ་རིག་གསར་རྩོམ་བཅས་ཀྱི་བྱ་བར་ཞུགས། ཡིག་སྒྱུར་སྐོར་གྱི་དཔྱད་རྩོམ་འགར་རྒྱལ་ཁབ་དང་ལྗོངས་རིམ་པའི་བྱ་དགའ་དང་། རྩོམ་རིག་ཡིག་སྒྱུར་ལ་བྱང་ཐང་བུམ་པའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ། «ནག་ཆུའི་ས་མིང་གི་རྒྱ་བོད་མིང་མཛོད»ཅེས་པ་གཙོ་སྒྲིག་དང་། «བརྗིད་ཉམས་ལྡན་པའི་ནག་ཆུ»ཞེས་པ་བོད་ཡིག་ལ་བསྒྱུར། སྔ་རྗེས་སུ་རྩོམ་ཡིག་སྣ་ཚོགས་ཁག་ལྔ་བཅུ་ལྷག་དུས་དེབ་དང་ཚགས་པར་ཐོག་བཀོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注