ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སིའི་འཁྲུག་རྩོད་མཚམས་འཇོག་པ་དེ་མངའ་ཁོངས་གནད་དོན་ལ་སྦྲེལ་མི་རུང་བའི་ཚུལ་བསྟན།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས15ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གོམ་རིམ་དང་པོ་དེ་མངའ་ཁོངས་གནད་དོན་ལ་སྦྲེལ་མི་རུང་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། མངའ་ཁོངས་གནད་དོན་རྙོག་འཛིང་ཆེ་བས། རྗེས་སུ་གྲོས་མོལ་བྱེད་སྐབས་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱིས་བཙན་བཟུང་བྱས་པའི་ས་ཁོངས་དེ་ཨུ་རུ་སི་ལ་དབང་བར་ཁས་ལེན་བྱེད་མི་སྲིད་ཟེར།
ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་མིས་ཚེས11ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་གྲོས་མོལ་བྱེད་སྐབས་མངའ་ཁོངས་གནད་དོན་ཐད་ནས་ཀུ་ཡངས་གཏོང་བའི་བྱ་བར་གྲོས་བསྡུར་བྱས་མྱོང་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མངའ་ཁོངས་གནད་དོན་ཐད་ནས་ཝུའུ་ཁི་ལན་ཕྱོགས་ལ་རེ་བ་བཏོན་མེད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁས་བཏོན་པའི་ཉིན་སུམ་ཅུའི་རིང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད། གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ཁས་ལེན་མ་བྱས་ན། དེ་ནི་ཝུའུ་ཁི་ལན་ལ་ཁས་ལེན་མ་བྱས་པ་ཙམ་མ་ཡིན་པར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁས་ལེན་མ་བྱས་པ་རེད། རྒྱུ་མཚན་ནི་ང་ཚོའི་ཇུས་གཞི་ཚང་མ་ཨ་མེ་རི་ཁའི་མིས་གཏན་འབེབས་བྱས་པ་ཡིན་པས་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注