ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་མཚོ་དམར་དུ་དྲག་ཤུགས་བཀོལ་བ་མཚམས་འཇོག་དགོས་པ་ནན་བཤད་བྱས།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས16ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་མཚོ་དམར་དུ་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པ་ནན་བཤད་བྱས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཨ་མེ་རི་ཁས་གྲོས་འགོ་བཏོན་པ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སི་ལ་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་དམིགས་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཐད་ཀྱི་ཆོད་དོན་སྙན་ཞུ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ངེས་པར་དུ་དྲག་ཤུགས་བཀོལ་མཚམས་འཇོག་དགོས་པ་དང་། ཕྱོགས་སོ་སོས་ཆབ་སྲིད་གྲོས་མོལ་བྱས་ནས། ཁྲག་བཞུར་འཁྲུག་རྩོད་དེ་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཐག་གཅོད་ཇུས་གཞི་འཚོལ་དགོས་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས15ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁའི་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགོ་ཁྲིད་པ་དང་། དམག་དོན་རྟེན་གཞི། མཁའ་སྲུང་མ་ལག་སོགས་ལ་དཔུང་འཇུག་བྱེད་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号