2025ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཨེ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐོ་རིམ་གྲོས་ཚོགས་ཞང་ཀང་ནས་སྤེལ་རྒྱུ་རེད།
2025ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཨེ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐོ་རིམ་གྲོས་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚེས17ཉིན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་བསྡུས། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་རིན་ཞན་ལིང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་ཚན་རྩལ་གསར་གཏོད་དང་བཟོ་ལས་ཅུའུ་ཡི་ཅུའུ་ཀྲང་སུང་ཏུང་གཉིས་ཀྱིས་མཐོ་རིམ་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དང་ཁྱད་ཆོས་གཙོ་བོ། གྲ་སྒྲིག་གནས་ཚུལ་བཅས་མཚམས་སྦྱོར་བྱས།
རིན་ཞན་ལིང་གིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་གཞི་གྲངས་དང་རིག་ནུས་མཉམ་འདྲེས་ཀྱིས་མ་འོངས་པར་སྣེ་ཁྲིད་བྱེད་པ་སྟེ་ལག་རྡང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་བརྗོད་སྙིང་དུ་བྱས་ཡོད་ཅིང་། ཟླ4བའི་ཚེས14ཉིན་ནས་ཚེས15ཉིན་བར་ཞང་ཀང་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་སྤེལ་རྒྱུ་ཡིན། མཐོ་རིམ་གྲོས་ཚོགས་དེ་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྒྲུབ་འགན་ཁུར་ཡོད་ལ། ཞང་ཀང་ཚན་རྩལ་གསར་གཏོད་དང་བཟོ་ལས་ཅུའུ་ཡིས་རོགས་སྒྲུབ་བྱས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་ཀྱི་འགན་ཁུར་བ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་པུའུ་ཀྲང་དང་མཐོ་རིམ་དཔོན་རིགས། འབྲེལ་ཡོད་སྤྱི་ཚོགས་ཚོགས་ཁག་གི་སྲོལ་འབྱེད་པ་དང་མིང་གྲགས་ཆེ་བའི་མཁས་པ། མཉམ་འབྲེལ་དྲ་རྒྱའི་ཀུང་ཟི། མིས་བཟོས་རིག་ནུས་གསར་གཏོད་ཁེ་ལས་ཀྱི་འཐུས་མི་སོགས་ཞང་ཅང་གཙང་བོའི་འགྲམ་དུ་མཉམ་འཛོམས་བྱས་ཏེ། མཉམ་དུ་གཞི་གྲངས་དང་རིག་ནུས་དུས་རབས་ཀྱི་འཕེལ་རྒྱས་གླེང་གཞིར་ལན་འདེབས་རྒྱུ་ཡིན་ཟེར།
མགོ་རྩོམ་པའི་མཛད་སྒོ་དང་གླེང་སྟེགས་གཙོ་བོ་སྤེལ་བ་ལས་གཞན། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་མོ་དང་གཞི་གྲངས་དངུལ་ལོར། གཞི་གྲངས་སྲིད་གཞུང་། རིག་ནུས་འཚོ་བ་བཅས་ཀྱི་ཡན་ལག་གླེང་སྟེགས་གསུམ་སྤེལ་རྒྱུ་ཡིན་པ་དང་། མཐོ་རིམ་གྲོས་ཚོགས་སྐབས་སུ་ད་རུང་སྲིད་འཛིན་དང་ཁེ་ལས་ཀྱི་བརྗེ་རེས་ཚོགས་འདུ་བསྡུ་རྒྱུ་ཡིན་པར་མ་ཟད། ཀྲུང་ཕྱིའི་པུའུ་ཀྲང་རིམ་པའི་དཔོན་རིགས་དང་ལས་རིགས་སོ་སོའི་ལས་ཁུངས་ཀྱི་མཐོ་རིམ་འཐུས་མི་སོགས་གདན་ཞུ་བྱེད་རྒྱུ་ཡིན་ལ། ཚོགས་ཞུགས་ཀྱི་ཁེ་ལས་དག་གིས་ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁེ་ལས་དག་ཕྱི་རྒྱལ་དུ་བསྐྱོད་པར་རོགས་འདེགས་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད། དེ་ལས་གཞན་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གཞི་གྲངས་གསབ་སྦྱོང་གླིང་གིས་ཀྱང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་མཐོ་རིམ་འཐུས་མིར་གསབ་སྦྱོང་འཛིན་གྲྭ་སྤེལ་ནས། མཉམ་དུ་རིག་ནུས་དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགྲན་རྩོད་གསར་བ་མཉམ་དུ་ཐག་གཅོད་བྱེད་རྒྱུ་རེད། ཀུན་ཕན་དཀྱེལ་ཡངས་ཀྱི་མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་བཅོས་སྐྱོང་ནུས་སྩོལ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་གཞི་གྲངས་རྒྱལ་ཁོངས་བརྒལ་བའི་འཁོར་སྐྱོད་སྲིད་ཇུས་ཀྱི་གཤིབ་བསྡུར་ཞིབ་འཇུག་སོགས་ཞིབ་འཇུག་གྲུབ་འབྲས་ཀྱང་མཐོ་རིམ་གྲོས་ཚོགས་སྟེང་སྤེལ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注