ཨུ་རུ་སིའི་ཕྱོགས་ཀྱིས་ཕུའུ་ཅིན་གྱིས་ཚེས18ཉིན་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས17ཉིན་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས18ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བར་ཁ་པར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་སྨྱན་བྱད་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་ཚེས18ཉིན་ཁ་པར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་དེའི་སྔོན་བསྟན་དོན། ཚེས18ཉིན་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱས་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལ་འབྲེལ་བའི་མངའ་ཁོངས་དང་རྨང་གཞིའི་སྒྲིག་ཆས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་དང་མཉམ་དུ་ཟླ2པའི་ཚེས12ཉིན་ཁ་པར་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号