བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས17ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་འགན་ཡུན་དེ2026ལོའི་ཟླ3པའི་ཚེས17ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་།

གྲོས་ཆོད་ལས་ཨ་ཧྥུའུ་ཧན་གྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་བ། མི་རིགས་མཐུན་སྒྲིལ་བཅས་ཀྱི་དམ་བཅའ་བརྟན་པོ་བསྐྱར་སྒྲོག་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུའི་འབོད་སྐུལ་བཏང་བར་མ་ཟད། ཨ་ཧྥུའུ་ཧན་གྱིས་དངུལ་ཁང་དང་དངུལ་ལོར་མ་ལག་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་རྒྱུ་བསྐྱར་སྒྲོག་བྱས། གྲོས་ཆོད་ལས་བུད་མེད་དག་གིས་སློབ་གསོ་མྱོང་བ་དང་ལས་ཞུགས་བྱེད་པ། སྤྱི་བའི་འཚོ་བའི་ནང་ཞུགས་པའི་འདྲ་མཉམ་ཁེ་དབང་ལོངས་སྤྱོད་བྱེད་པ་ནན་བཤད་བྱས་པ་དང་། ཞོར་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་དུག་རྫས་གཏན་འགོག་བྱེད་པ་སོགས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཚོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བརྡས་གཅོད་བྱས་རྗེས་འགྲེལ་བཤད་རང་བཞིན་གྱི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་དེར་གཅིག་གྱུར་འཐད་པ་བྱུང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། དེ་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་རོགས་སྐྱོར་ཚོགས་པ་དང་ཨ་ཧྥུའུ་ཧན་གྱི་མི་དམངས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཟླ་གཉིས་པར་གྲོས་ཆོད་འཆར་ཟིན་དེའི་གྲོས་མོལ་འཕེལ་རིམ་མགོ་བརྩམས་པར་དགའ་སྤྲོ་སྐྱེས་ཡོད། ཟླ་གསུམ་པའི་རྗེས་སུ་ཀྲུང་གོ་ཕྱོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏན་མག་གིས་མཉམ་ལས་བྱས་ཏེ་རྗེས་མཐུད་ཀྱི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། མཇུག་མཐར་ཁོངས་གཏོགས་རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་ཞིག་བཀོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号