མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་འཐུས་ཚབ་པ“དམག་སྒར་བཅུ་གཉིས་པར”བསྐྱོད་ནས་བརྗོད་དོན་ཉམས་ཞིབ་བྱེད་སྒོ་སྤེལ།

"གསུམ་བརྒྱད"རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་ཏེ། ཟླ3པའི་ཚེས6ཉིན། མཚོ་བྱང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག"མཚོ་བྱང་བུད་མེད་སེམས་པ་ཏང་ལ་ཕྱོགས། གསར་བརྗེའི་འདུན་པར་རེ་བའི་གསོན་ཤུགས་སྩོལ"ཞེས་པ་བརྗོད་དོན་ཡིན་པའི་ཉམས་ཞིབ་བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་བུད་མེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པར་བསྐྱོད་ནས་གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་དང་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱས།

ཏང་ཡོན་དང་བུད་མེད་མང་ཚོགས་ཡོངས་ཀྱིས<<གསེར་བུམ་ལྟ་བུའི་རི་བོ་ཆུང་ཆུང>>ཞེས་པའི་གླུ་གཞས་མཉམ་ལེན་བྱས་ནས་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་ཏེ་མེས་རྒྱལ་ལ་དགའ་ཞེན་ཟབ་མོ་བྱེད་པ་མཚོན་པར་བྱས་ཤིང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་རྒྱུའི་ཆོད་སེམས་མངོན་པར་བྱས།

དེ་རྗེས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པ་རུ་དམར་མདངས་བཀྲ་བའི་ཏང་དར་གྱི་མདུན་དུ་ལག་གཡས་པ་མཐོན་པོར་བསྒྲེངས་ནས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་དྲན་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་བུད་མེད་མང་ཚོགས་ཀྱི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཏང་ཡོན་ལས་བྱེད་པ་དང་བུད་མེད་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་དང་བརྟན་སྲུང་བྱེད་ལུགས་ཀྱང་མཚོན་པར་བྱས་ནས་བུད་མེད་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།

དེ་རྗེས་ཏང་ཡོན་ལས་བྱེད་པ་དང་བུད་མེད་མང་ཚོགས་ཀྱིས་མཉམ་དུ་སྐར་ལྔའི་རྣམ་པའི་དཔེ་དབྱིབས་སྒྲིག་སྟེ་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་ཏང་ཡོན་གྱི་གདོང་ལེན་པ། སེམས་ནང་རྒྱལ་ཁབ་དང་ཕ་ས་བཅངས་པའི་བུད་མེད་སྤུན་ཟླར་གུས་འདུད་ཞུས་ནས་ཏང་ཡོན་གྱི་འགན་འཁྲི་འཁུར་སེམས་དང་བུད་མེད་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

ཐེངས་འདིའི་བརྗོད་དོན་ཉམས་ཞིབ་བྱེད་སྒོ་འདིས་ཏང་ཡོན་ལས་བྱེད་པ་དང་རྒྱ་ཆེའི་བུད་མེད་མང་ཚོགས་ལ་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བྱེད་པའི་ཁྲོད་བསམ་བློའི་ཉམས་སད་ཐེག་པ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་དུ་བཅུག་ཡོད། ཚང་མས་རང་བཀུར་དང་རང་ལ་ཡིད་ཆེས། རང་མགོ་རང་ཐོན། རང་སྟོབས་རང་སྤེལ་བཅས་ཀྱི་དུས་རབས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་དགོས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ནང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ། བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号