ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་བྱ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་ཤིང་། "གསུམ་བརྒྱད"རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས115པ་སླེབས་པའི་དུས་འདིར་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ལས་སྒྲུབ་པར་བྱམས་བརྩེའི་འཚམས་འདྲི་ཞུ། རང་ཁུལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་མཛངས་མའི་འགན་འཁྲི་དང་དུ་ལེན། འདས་ཟིན་པའི་ལོ་གཅིག་ནང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རིགས་སོ་སོའི་བུད་མེད་སྤུན་ཟླ་ཁྲི14ཡིས་ཁུལ་ཡོངས་ཀྱི་མི་དམངས་དང་མཉམ་དུ“243”འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ནས། ཏན་ཏན་ཏིག་ཏིག་དང་དམ་འཛིན་དངོས་སྒྲུབ་ཀྱིས “མཚོ་བྱང་ཤེས་པ་དང་མཚོ་བྱང་ལ་དགའ་བ། མཚོ་བྱང་དར་རྒྱས་ཡོང་བ”བཅས་ཀྱི་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། ག་ས་གང་དུ་མཛངས་མའི་གསོན་ཉམས་ལྡན་པའི་སྣང་བརྙན་མངོན་པ་དང་། མཚོ་བྱང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ཁྲོད“ཕུལ་བྱུང”མངོན་འགྱུར་བྱ་ཆེད། “གནམ་གྱི་ཕྱེད་ཀའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། “ཨོ་རྩལ་འགྲན་ཚོགས་དང་ཡ་རྩལ་འགྲན་ཚོགས”ཀྱི་གསེར་གྱི་རྟགས་མ་ལེན་མཁན་ཆོས་དབྱིངས་སྐྱིད་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་ལིན་ཡུང་ཧྲེང་སོགས་སྔོན་ཐོན་དཔེ་མཚོན་ཁག་ཅིག་བྱུང་ནས་དུས་རབས་གསར་པའི་བུད་མེད་ཀྱི་འགན་འཁྲི་འཁུར་ཚུལ་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བཤད་བྱས་པས་སྤྱི་ཚོགས་ལས་རིགས་སོ་སོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ”དང་ཆེས་མཛེས་པའི་ཁྱིམ་ཚང་། ཧྲན་ཏུང་དང་མཚོ་སྔོན་གྱི་བུད་མེད་ཁེ་ལས་པའི་མཛའ་འབྲེལ། “གཅེས་སེམས་ཨ་མ”ཡིས་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད། “བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣེ་ཁྲིད་པ”གསོ་སྦྱོང་། “དཔྱིད་ཐིའུ་འཆར་གཞི-གཙང་བོའི་མགོ་ཁུངས་དཔྱིད་ཐིའུ”སློབ་རོགས་སོགས་དངོས་སྒྲུབ་བྱེད་ཐབས་དང་བྱེད་སྒོ་ཧུར་ཐག་སྒོས་སྤེལ་ནས་བུད་མེད་ཀྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དཔལ་ཡོན་ཁྱིམ་ཚང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་གང་མང་བསྒྲུབས་ཏེ་མཚོ་བྱང་བཅོས་སྒྱུར་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུར་ཐོན་ཕུལ་ཡོད།
མཛངས་མའི་ཉམས་འགྱུར་དར་སྤེལ་གཏོང་། བགྲོད་ལམ་གསར་བར་འབད་པས་བསྐྱོད། 2025ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་ལ། མཚོ་བྱང་ཁུལ་གྱིས“སྤྱི་གླིང་གཉིས་བཙན་ས་གཅིག”བསྐྲུན་པ་དང“དག་སྣང་མཚོ་བྱང·མདོག་ལྔའི་གཡང་ས”ཡི་ཆས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་སྟེ། དམིགས་འབེན་སྔར་ལས་མཐོ་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་བགྲོད་ལམ་གསར་པ་མགོ་ཚུགས་པའི་གནད་འགག་གལ་ཆེན་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ཀྱིས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་བ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས། མཚོ་བྱང་གི“དངོས་སྒྲུབ་བྱེད་སྟངས”ལག་བསྟར་ནན་ཏན་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོ་དང་སྤྱི་ཚོགས་བཅོས་སྐྱོང་གི་འཐབ་ས་དང་པོ། ལས་གཏོད་གསར་གཏོད་ཀྱི་མདུན་གྲལ་དུ་ཧུར་ཐག་སྒོས་ཞུགས་པ་དང་། རང་བརྩི་དང་རང་རྟོན། རང་ཚུགས། རང་སྟོབས་བཅས་ཀྱི“རང་བཞིའི”སྙིང་སྟོབས་མུ་མཐུད་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་བ། དཔལ་ཡོན་དར་སྲོལ་གསོ་སྐྱོང་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བུད་མེད་ཀྱི་བྱ་གཞག་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུད་མེད་ཀྱི་གོ་གནས་ལ་བརྩི་འཇོག་དང་བུད་མེད་ཀྱི་བྱ་གཞག་ལ་ཐུགས་ཁུར། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་བུད་མེད་ཀྱི་བྱ་བར་རྒྱབ་སྐྱོར་དེ་ལས་ཆེ་བ་བྱས་ནས་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། སྣེ་ཁྲིད་ཞབས་ཞུ་འབྲེལ་གཏུག་བྱ་བ་ཏན་ཏིག་སྒོས་སྒྲུབ་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཏང་སྲིད་ལ་གང་ཞིག་བྲེལ་བ་དང་བུད་མེད་ལ་གང་ཞིག་མཁོ་བ། བུད་མེད་མཉམ་འབྲེལ་གྱིས་གང་ཞིག་སྒྲུབ་ཐུབ་པའི་དོན་དངོས་ཡག་པོར་སྒྲུབ་པ་དང་། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལེའུ་གསར་པར་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཡོད།
མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྐུ་གཟུགས་བདེ་ཐང་། བྱ་བ་ལམ་འགྲོ ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
ཀྲུང་གུང་མཚོ་བྱང་ཁུལ་ཨུ།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
2025ལོའི་ཟླ3པའི་ཚེས8ཉིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注