ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས་པ།
ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།
ཉེ་ཆར། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས64པ་དང་རྒྱུན་ལས་ཚོགས་འདུ་ཐེངས58པ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་ལྔ་ལོའི་ལོ་སར་གྱི་མཇལ་འཛོམས་ཚོགས་འདུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས(རྒྱ་སྐྱེད)ཐོག་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། དེ་བཞིན་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བཅས་ལ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལ་དམ་འཛིན་བྱས་ནས་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཚད་ཁ་གསལ་དང་གཙོ་གནད་ལ་དམིགས་ནས་བྱ་ཐབས་ལ་ཤུགས་བསྣན་ཏེ་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་དང་ཁུལ་གྱི་ཚོགས་ཆེན་དང་དེ་བཞིན་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གསོག་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་གནད་སྨིན་འབྲེལ་མཐུད་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཚོང་འགུག་ལ་དམ་འཛིན་དང་གཞི་གྲངས་ལ་དམ་འཛིན། ཐོན་ལས་ལ་དམ་འཛིན། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་དམ་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན། གྲོང་གསེབ་དར་སྤེལ་དང་དམངས་འཚོ་འགན་སྲུང་ལ་དམ་འཛིན། མ་མཐའི་མཚམས་ཐིག་ལ་དམ་འཛིན་སོགས་ལ་དམིགས་ནས་བྱ་བའི་གཙོ་གནད་ཁོང་དུ་ཡང་དག་ཆུད་པ་དང་བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ"གཟའ་འཁོར་གཉིས་རེར་ལེགས་སྒྲིག་གཅིག་དང་ཟླ་རེར་བཀོད་གཏོང་གཅིག དུས་ཚིགས་རེར་རྩིས་བཤེར་གཅིག"བཅས་ཀྱི་བྱ་བའི་ལམ་སྲོལ་ལག་བསྟར་ནན་མོ་བྱས་ནས་གཙང་བཤེར་ཅན་གྱི་དོ་དམ་བླང་བྱ་ཡག་པོར་སྒྲུབ་པ་དང་བྱ་བའི་སྤྱོད་ཚུལ་མུ་མཐུད་ཤུགས་ཆེར་གཏོང་བ། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། གཙོ་གནད་ལས་འགན་གྱི་ཚད་བརྒལ་ལ་བརྟེན་ནས་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། ངང་ཚུལ་ནན་མོ་བཅས་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་གཏོང་བ་དང་འཐབ་ཇུས་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ"མི་རུལ་བ་གསུམ"ལ་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་ཀྱི་བྱ་བའི་གྲུབ་འབྲས་མངོན་པར་བྱེད་དགོས། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས། ཐོག་མཐའ་བར་གསུམ་དུ་སྐོར་ཞིབ་དག་ཐེར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་རེས་སྐོར་འདིའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དག་ཐེར་བྱ་བའི་བླང་བྱ་གཞིར་བཟུང་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་རྒྱུན་མཐུད་ངང་འབད་བརྩོན་བྱས་ཏེ། གནད་དོན་གྱི་གསལ་ཐོ་དང་ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་ལ་དམིགས་ནས་དག་ཐེར་ཡོ་བསྲང་གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བྱ་བའི་སྤུས་ཚད་མཐོ་རུ་གཏོང་བ། སྐོར་ཞིབ་དག་ཐེར་ཡོ་བསྲང་གི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་སྲ་བརྟན་མཐོར་འདེགས་གཏོང་བའི"ལེའུ་རྗེས་མ"གཏིང་ཟབ་ཅིང་ཏན་ཏིག་བསྒྲུབ་དགོས། གཙོ་གནད་ཁྱབ་ཁོངས་དང་གཞུང་ལམ་འགྲིམ་འགྲུལ། ཟས་རིགས་བདེ་འཇགས་དང་ཨར་ལས་བཟོ་སྐྲུན། ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ། "གནས་ཆུང་དགུ"སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཆེད་དོན་རྩད་ཞིབ་དང་བཅོས་སྐྱོང་གི་འགུལ་སྐྱོད་གཏིང་ཟབ་སྤེལ་བ་དང་། འགག་སྒོ་མདུན་དུ་སྤོ་བ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས་ཟེར།
ཚོགས་འདུའི་ཐོག 《མཚོ་བྱང་ཁུལ་གྱི2025ལོའི་ཚོང་འགུག་མ་འདྲེན་བྱ་བའི་ཇུས་གཞི》དང《མཚོ་བྱང་ཁུལ་གྱི་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཟིན)》 《ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་སྔར་བས་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》 《2025ལོའི་རྒན་རྒོན་གྱི་ཟ་མ་རོགས་སྐྱོར་ས་ཚིགས་འཛུགས་སྐྲུན་ལག་བསྟར་འཆར་གཞི》སོགས་ལ་གྲོས་ཞིབ་དང་རྩ་དོན་ཐོག་གྲོས་འཆམ་བྱུང་ལ། ཚོགས་འདུའི་ཐོག་ཉེ་དུས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注