མདོ་ལ་རྫོང་གིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་སྒོས་དམངས་འཚོའི་བདེ་རྩར་མུ་མཐུད་སྐུལ་འདེད་བཏང་།

2024ལོར། མདོ་ལ་རྫོང་གིས་མི་དམངས་མང་ཚོགས་ཀྱི་དཀའ་བྲེལ་ངང་སྒུག་གི་དོན་གནད་ལ་དམ་པོར་དམིགས་ཤིང་། མཐའ་ཚད་བརྟན་སྲུང་དང་ཞན་ཆ་ཁ་གསབ། མ་རྩ་གཏོང་བར་ཤུགས་བསྣན་ནས་མང་ཚོགས་ཀྱི་སེམས་ཁྲལ་ངང་གིས་སེལ། སྤྱི་ཚོགས་འགན་སྲུང་ཆུ་ཚད་རིམ་གྱིས་མཐོར་འདེགས་བྱུང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་ཟམ་མ་ཆད་པར་ཇེ་ཕྱུག་ཏུ་གྱུར།

འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་གཏོང་སྒོ80%ཡན་དུ་བརྟན་ལྷིང་རྒྱུན་འཁྱོངས་བྱས། རིགས་ཆེ་ཁག་བཅུ་ཡི་དམངས་སྒྲུབ་རྣམ་གྲངས31ཚང་མ་ལོའི་དམིགས་འབེན་བླང་བྱའི་ཚད་ཐིག་ལ་ཐོན་ཡོད། མཁར་གྲོང་གི་མི460ལས་ཞུགས་བྱས་ཤིང་། རོང་འབྲོག་ཁུལ་གྱི་མི6274ལས་ཞུགས་གཞན་སྤོར་བྱས། སྤྱི་ཚོགས་འགན་སྲུང་རྒྱ་བསྐྱེད་ཕན་འབྲས་ཐོན་ཞིང་སྤྱི་ཚོགས་འགན་སྲུང་གི་རོགས་སྐྱོབ་མ་ལག་མུ་མཐུད་འཐུས་ཚང་དུ་ཕྱིན། རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི3046.46བཏང་།

སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་། སློང་སྔོན་སློབ་གསོའི་སྤུས་འདེགས་དང་འོས་འགན་སློབ་གསོའི་སྒྱུར་བཅོས། ནུས་ཚད་མཐོར་འདེགས་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། སློབ་སྔོན་སློབ་གསོ་ཁྱབ་གདལ་ཡོངས་ཁྱབ་རྫོང་གི་ཁས་ལེན་ཐོབ། སློབ་གསོ་སློབ་ཁྲིད་སྤུས་ཚད་བརྟན་ལྷིང་མཐོར་འདེགས་བྱུང་། མཐོ་རྒྱུགས་དངོས་གཞིར་རྒྱུགས་འཕྲོད་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས4ཡིས་འཕར། འབྲིང་རྒྱུགས་ཀྱི་གྲུབ་འབྲས་ཁུལ་ཡོངས་ཀྱི་ཨང་དང་པོ་ཡིན། ལོ་ལོན་རྒན་པའི་བདེ་སྐྱིད་ཟ་ཁང18ཡོངས་མ་རྩ་བཏང་ནས་གཉེར་སྐྱོང་བྱེད་མགོ་བརྩམས། སྒོ་ཕྱིའི་ཐོ་འགོད་དཔང་ལེན་རྟེན་གཞི2བསྐྲུན། དམ་ཚགས་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་ཚོགས་པ་བཙུགས་ནས་ཕན་འབྲས་ཐོན་ཞིང་། རྒྱལ་ཁབ་རིམ་པའི་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་། ཀྲུང་བོད་སྨན་བཅོས་ཀྱི་ཉིན་མོའི་ནད་ཁང་དངོས་སུ་གཉེར་མགོ་བརྩམས།

སྤྱི་ཚོགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མི་སེམས་ལ་འཇགས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི“གཅིག་བཅུ་རྒྱ་སྟོང”ལས་གྲྭ་ལག་བསྟར་བརྟན་ལྷིང་བྱས། ཆོས་ལུགས་དགོན་སྡེའི་དོ་དམ་གྱི“དཔེ་སྟོན་སྣེ་ཁྲིད་ལས་གྲྭ་ཆེན་མོ་གསུམ”སྐུལ་འདེད་གཏིང་ཟབ་བཏང་། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་གྱིས་སྤེལ། “འགོག་སེལ་ཆག་སྲུང”གི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན། གློག་འཕྲིན་དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ཉེས་དོན་དང་བདེ་བཅོས་གྱོད་གཞི་ལ་མར་འགྲིབ་པའི་རྣམ་པ་བྱུང་། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ། གཏེར་རི་དང་མཁར་གྲོང་འབར་རླངས། གློག་སྒུལ་རྐང་འཁོར་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྲིག་སྐུལ་འདེད་ལ་ཤུགས་དང་ལྡན་པ། འབྲུབ་འགོག་དངོས་འཐབ་འཕྲལ་སེལ་སྦྱོང་བརྡར་དང་ཐོག་བརྩེགས་མེ་གསོད་རོགས་སྐྱོབ་སྦྱོང་བརྡར། ཆུ་ཁོངས་ཀྱི་ཆེད་ལས་རོགས་སྐྱོབ་རྩལ་ནུས་གསོ་སྦྱོང་ལ་ཕན་འབྲས་དངོས་ཐོན། བདེ་འཇགས་ཆུ་ཚད་ལ་མཐོར་འདེགས་བརྟན་ལྷིང་བྱུང་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号