ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས།
ཟླ3པའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ལ། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱས་ཤིང་། ད་ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་ལས། ང་ཚོས་ད་ལོའི་བྱ་བ་སྔར་ལས་བཟང་པོར་སྒྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་དང་ཁག་ཁུར་འོས་འགན་ཤུགས་དྲག་ཏུ་བཏང་སྟེ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས། གཏན་ཕབ་གཉིས་ལ་སྲུང་སྐྱོང་བརྟན་པོ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས།
གྲོས་ཚོགས་ལས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་དང། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་བྱ་བར་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཏང་ཁག་དང་ཚོགས་ཁག་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་སྣེ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་གཅིག་པ་དང་། མཉམ་ལངས་མཉམ་སྒྲུབ་བྱས་ནས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་གྱི་གཞི་གདངས་གཙོ་བོ་མཉམ་ལེན་བྱེད་དགོས། མཚོ་སྔོན་གྱི་སྲིད་གྲོས་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སེམས་ཞིབ་མོས་ལེགས་པོར་བསྒྲུབ་སྟེ། ཕྱོགས་སོ་སོ་ནས་ལོ་ངོ70རིང་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་དང་ལྗིད་ཏིག་ཏིག་གི་ཉམས་མྱོང་རྩ་ཆེན་དྲིལ་སྒྲོག་འགྲེམ་སྟོན་བྱེད་དགོས། ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་གཙོ་བོ་དངོས་འབེབས་བྱེད་པ་གཙོ་གནད་དུ་བཟུང་སྟེ། མཐོ་ས་དང་གནས་བཞི་བསྐྲུན་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མཐོ་སྒང་ཁམས་གསོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱེད་པ་སོགས་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་རྟོག་ཞིབ་ཟབ་མོ་དང་གྲོས་མོལ་བྱས་ནས། མཚོ་སྔོན་སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་ཆེད་སྐུལ་འདེད་དང་རོགས་ཤུགས་འདོན་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྲིད་གྲོས་མ་ལག་གིས་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་ལས་འགན་དངོས་འབེབས་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ལས་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་གྲུབ་འབྲས་ཀྱིས་སྲིད་གྲོས་བྱ་བའི་སྤུས་འདེགས་ནུས་སྤེལ་བྱ་བར་ནུས་ཤུགས་བསྩོལ་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དངོས་སུ་ཁུར་ཐུབ་པར་བྱས་ཏེ། ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་ཏེ། སྲིད་གྲོས་ཀྱི་ལས་དོན་ཁག་སྔར་ལས་དམ་ཟབ་དང་གཟབ་ནན། དོན་དངོས་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས། སྔར་ལས་དངོས་གཉེར་ཕན་ཡོད་ཀྱི་འགན་སྒྲུབ་གྲུབ་འབྲས་ལས་མི་དམངས་སྲིད་གྲོས་ཀྱི་ཁག་ཁུར་གསར་པ་དང་བྱེད་ཕྱོགས་གསར་པ་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕེན་གྱིས་ཁུ་ནུ་རིག་གནས་དང་ཁུ་ནུ་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུ་དམིགས་སུ་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས།
རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞེ་པའོ་ཨིན་བཅས་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注