མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།

ཟླ3པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཇོན་མིའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་བྱས་ཏེ་དེར་གོ་བ་བླངས་པ་དང་། 2024ལོའི་བྱ་བར་སྤྱི་སྡོམ་ཆ་ཚང་བྱས་ལ། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་དང་། འཇོན་མིའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་འཇོན་མིའི་བྱ་བར་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་བསྟན་དོན། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་ལ་ཁ་ཕྱོགས་ནས། ངེས་པར་དུ་དུས་རབས་ཀྱི་རྗེས་སུ་འབྲངས་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཀྲུང་དབྱང་གི་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས། འཇོན་མིའི་བྱ་བ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། སྔར་ལས་དཀྱེལ་ཡངས་ཀྱི་འཇོན་མིའི་སྲིད་ཇུས་ལག་བསྟར་བྱེད་པ། མཚོ་སྔོན་གྱི་དགེ་མཚན་ཐོན་ལས་གཙིགས་སུ་འཛིན་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཇོན་མིའི་འགྲན་རྩོད་དགེ་མཚན་མྱུར་དུ་གྲུབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་ཤུགས་དང་ལྡན་པ་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་རང་ས་ཆའི་འཇོན་མི་སྐྱེད་སྲིང་བྱེད་པར་རྐང་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། སློབ་གསོ་དམ་འཛིན་དང་སྐས་རིམ་ལ་དོ་སྣང་བྱེད་པ། ཕྱི་ཤུགས་ལ་རྒྱབ་བརྟེན་པ། རྒྱལ་ཁབ་རིམ་པའི་ཆེད་མཁས་པ་དང་འཇོན་མི་དང་རང་ས་ཆའི་འཇོན་མི་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རང་ས་ཆའི་འཇོན་མི་སྐྱེད་སྲིང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་འཇོན་མི་ནང་འདྲེན་བྱེད་པ་དང་། དག་གཙང་ནུས་ཁུངས་དང་རྩིས་གློག་མཉམ་ལས་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལ་གཅིག་འདོམས་བྱེད་པ། མཐོ་རིམ་འཇོན་མི་དང་ཉེར་མཁོའི་འཇོན་མི་དཀོན་པོ་གཙིགས་སུ་འཛིན་པ། མཉེན་པའི་རང་བཞིན་གྱི་འཇོན་མི་ནང་འདྲེན་བྱེད་སྟངས་གསར་གཏོད་བྱེད་པ། འཇོན་མིའི་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ། ལས་གཞི་ལ་བརྟེན་ནས་འཇོན་མི་བསྡུ་རུབ་བྱེད་པ་དང་། འཇོན་མིར་བརྟེན་ནས་ལས་གཞི་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། སྲོལ་རྒྱར་མ་ཚུད་པར་འཇོན་མི་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཁུ་ནུའི་མཛངས་མིའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ། འཇོན་མིའི་སེམས་དྲོ་བཟོ་སྐྲུན་ཟབ་སྒྱུར་བྱེད་པ། ལས་སྒྲུབ་ལས་ཞུགས་ཀྱི་སྟེགས་བུ་སྔར་ལས་མང་པོ་བསྐྲུན་ནས། རིགས་མི་འདྲ་བའི་འཇོན་མི་ལ་མཚོ་སྔོན་དུ་ལས་སྐྲུན་ཀྱི་གོ་སྐབས་ཡོད་པ་དང་གསར་གཏོད་ཀྱི་ཆ་རྐྱེན་ཡོད་པ། ལས་སྒྲུབ་ཀྱི་སྟེགས་བུ་ཡོད་པ། འཕེལ་རྒྱས་ཀྱི་བར་སྟོང་ཡོད་པར་བྱེད་དགོས། འཇོན་མི་འཕེལ་རྒྱས་ཀྱི་རྐྱེན་སྲོལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། འཇོན་མི་སྐྱེད་སྲིང་དང་གདེང་འཇོག སྐུལ་སློང་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་གཅིག་གི་ཁརNསྣོན་པའི་ཁྲིད་སློབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཇོན་མི་སྐྱེད་སྲིང་དང་འཇོན་མི་བཀོལ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། བཅོས་སྒྱུར་གྱི་ཕན་ནུས་ལ་བརྟེན་ནས་འཇོན་མིའི་སྤྱི་གྲངས་ཇེ་མང་དུ་གཏོང་བ་དང་འཇོན་མིའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་བཅས་བྱས་ཏེ། འཇོན་མི་དཀོན་པའི་གནད་དོན་ཐག་གཅོད་དགོས།

ཚོགས་ཐོག་ནས། རིམ་པ་སོ་སོའི་ཏང་ཨུས་འཇོན་མི་བྱ་བ་དེ་གྲོས་དོན་གྲོས་རིམ་གཙོ་བོར་བརྩི་བ་དང་། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་སྤྱི་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོ་དམ་ཞབས་ཞུའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། གོང་འོག་ཟུང་འབྲེལ་དང་། མ་ལག་མཉམ་འབྲེལ། སྡེ་ཁག་མཉམ་ལས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་པ། གཟིགས་སྐྱོང་དང་དྲོད་ཁོལ་འཇོན་མིའི་སེམས་ལ་སྐྱེལ་ནས། རིགས་མི་འདྲ་བའི་འཇོན་མི་སྣ་ཚོགས་ཀྱིས་མཚོ་སྔོན་དུ་འཇོན་ཐང་མངོན་པ་དང་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་རྒྱུའི་རེ་བ་བཏོན།

ཚོགས་ཐོག་ནས་ཞི་ཅིན་ཕིང་གི་འཇོན་མིའི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་སྒྲིག་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི2024ལོའི་བྱ་བའི་སྤྱི་སྡོམ་དང་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི2025ལོའི་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཟི་ལིང་གྲོང་ཁྱེར། མཚོ་སྔོན་སློབ་ཆེན། ཧྭ་གློག་མཚོ་སྔོན་ཀུང་ཟི། མཚོ་སྔོན་ཧྲིན་ནའོ་འོད་གློག་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ལོའུ་ཀང་། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འཇོན་མིའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ། འཇོན་མི་མང་སའི་སྡེ་ཁག ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号