སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་བྱ་བའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས།
ཟླ3པའི་ཚེས17ཉིན། སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་སློབ་བྱ་བའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཟླ3ཚེས17ཉིན། སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་སློབ་བྱ་བའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་ལས་དོན་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ལ་དམ་པོར་དམིགས་ནས། མཐོ་རིམ་སློབ་གསོའི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་སློབ་ཆེན་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གསོ་ཆེ་གྲས་ནས་སྟོབས་ཆེའི་བར་མ་ལག་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་སྟོབས་ཤུགས་བསྐྲུན་དགོས།
ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ནས་མཐོ་རིམ་སློབ་གསོའི་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། ཀུན་སྤྱོད་འཛུགས་སྐྲུན་དང་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་མི་སྐྱོང་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མིའི་བྱ་བ་ལེགས་པར་སྒྲུབ་ནས། ཏང་གི་མགོ་ཁྲིད་དེ་མཐོ་རིམ་སློབ་གྲྭའི་སློབ་གྲྭ་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དུ་དོན་འཁྱོལ་བྱ་དགོས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། རྩེར་སོན་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་ལས་གཞི་གལ་ཆེན་རྩ་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ། ཚན་རིག་དང་སློབ་གསོ་མཉམ་འདྲེས་བྱེད་པ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ལ་ཤུགས་བསྣན་ཏེ་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ། “རྩེ་གྲ་གཉིས”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ལེགས་དངོས་གཞིའི་ཚན་ཁག་གི་སློབ་གསོ་འདོན་སྤྲོད་གོ་རིམ་ལྡན་པའི་ངང་ཇེ་མང་དུ་གཏོང་བ། རིག་ཚན་དང་ཆེད་ལས་དཀར་ཆག་དོ་དམ་དང་འགུལ་རྣམ་ལེགས་སྒྲིག་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས། མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་གྱི་ཚད་གཞི་དང་པོ་རྒྱུན་འཁྱོངས་བྱེད་པ། དགེ་རྒན་ལ་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་ནུས་པ་ཇེ་ཆེར་གཏོང་བ་དང་། ན་གཞོན་དགེ་རྒན་ལ་སེམས་ཁུར་དང་གཅེས་སྐྱོང་སྔར་ལས་མང་བ་བྱེད་དགོས། མཐོ་རིམ་སློབ་གསོ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་ཅན་གྱི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ། འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་སློབ་གསོའི་ལྟེ་གནས་གལ་ཆེན་འཛུགས་སྐྲུན་བཅས་བྱ་དགོས།
ཏེན་ཞུའེ་ཞང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་བླངས་ནས། རང་འགུལ་སྒོས་ལས་འགན་འཁུར་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་སློབ་གཙོ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་པ་དང་སློབ་གསོ་པའི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ། རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རིན་ཐང་རེ་སྙེག་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སློབ་གྲྭ་གཉེར་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། དགེ་སློབ་ཀྱི་མིག་དཔེ་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། སློབ་གསོ་པུའུ་ཐད་གཏོགས་མཐོ་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་གཞན་དག་སྐོར་ཞིག ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་སློབ་གསོ་སྲིད་འཛིན་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注